ཁ་བྱང་།ལོ་ངོ་སྟོང་གི་བོན་གྱི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། མིང་མེད། ip:220.182.20.*
སྤེལ་དུས། 2014-07-01 19:33:27
ཡག་པོ་འདུག།
 
སྤེལ་མཁན། བསོད་ནམས་སྟོབས། ip:113.62.53.*
སྤེལ་དུས། 2014-05-30 23:11:43
ཡག་པོ་འདུག
 
སྤེལ་མཁན། མིང་མེད། ip:106.37.31.*
སྤེལ་དུས། 2014-05-29 00:51:34
བེེ་རོ་ཙ་ནས་བོན་ཆོས་འདྲེས་མ་བསྒྱུར།ཞེས་འབྱུང་བ་ལྟར་གྱི་ལོ་ཆེན་བེེ་རོ་ཙ་ན་ནི་བ་གོར་ཞེས་པའི་བོན་གྱི་ཁྱིམ་རྒྱུད་ཆེ་གྲས་ཞིག་ལ་སྐུ་འཁྲུངས་པ་ཡིན་འདུག་ཅིང་།ཁོང་གི་སེམས་ནང་ནས་བོན་ལ་དད་པ་མ་དོར་སྟབས་སྐབས་དེའི་ཆོས་པ་མང་པོའི་བློ་ངོར་མ་ཤོང་ནས།རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ཏེ་ཁོང་བོད་ཡུལ་དབུས་ནས་མདོ་སྨད་དུ་རྒྱང་འཕུད་ལ་བཏངས་པ་ཞིག་རེད།དོན་ངོ་མ་བཤད་ན་བོད་རྒྱལ་ཁྲི་སྲོང་གིས་ཀྱང་ད་ལྟ་མང་པོས་བཤད་པ་ནང་བཞིན་བོན་ལ་དེ་འདྲ་སྡང་ཡོད་མེད་ཅུང་ཐེ་ཚོམས་ཀྱི་གནས་ཡིན་ཏེ།ཁྲི་སྲོང་དང་དྲན་པ་སོགས་བཀའ་བགྲོས་ནས་བོན་དཔེ་མང་པོ་གཏེར་དུ་སྦས་པའི་ལོ་རྒྱུས་བསྟན་འབྱུང་ཁག་ཏུ་མཐོང་རྒྱུ་འདུག་ན་ཅི་སེམས།བོན་ཅུང་ཙམ་བསྣུབས་པ་ལ་ཁག་མེད་དེ་ཆེ་གསུམ་དབང་གི་མེ་འབར་ཚོད་ཐལ་དྲགས་ན་སུས་ཀྱང་རང་གི་ཁེ་ཕན་སྲུང་སྐྱོབ་མི་བྱེད་རྒྱལ་བོ་ཞིག་ཡོད་མི་སྲིད་པར་སྙམ།བོན་གྱི་བསྟན་པ་བསྣུབས་ཤག་ཤག་ནི་བསྟན་པ་ཕྱི་དར་སྐབས་བོད་ཀྱི་བླ་ཆེན་སངས་རྒྱས་རློན་པ་རུ་བརློམས་པ་ཚོས་མི་རིགས་གཞན་ལ་མགོ་བཏགས་ནས་སྐྱང་ཀུ་ལུག་ནང་ལ་རྒྱུག་དུ་བཅུག་པ་བཞིན།སོག་པོའི་དམག་དཔུང་དང་མན་ཇུའི་དཔུང་ཤུགས་ལས་བོན་པོ་ཐམས་ཅད་རྩྭ་བརྒྱ་ཟོར་བས་བྲེགས་པ་ལྟར་འཆི་ལམ་ལ་བསྐྱལ་བ་ཞིག་རེད།
 
སྤེལ་མཁན། དཀོན་མཆོག་རྡོ་རྗེ། ip:171.217.175.*
སྤེལ་དུས། 2014-05-28 15:33:34
སྟོད་འགག་ནི་རྒྱ་གར་ནས་དར་བ་ཞིག་མིན་པ་འདྲ།  བོད་རང་ནས་དར་བ་ཞིག་ཡིན་ངེས་རེད་སྙམ།  བོད་ལ་དགའ་ཞིང་བོན་ལ་དད་པའི་མཁས་དབང་རྣམས་ཡུལ་དངོས་སུ་ཕེབས་ནས་གཟིགས་ཧ་ཅང་དགོས་པ་ཆེ་སྙམ།  ང་ཚོའི་རྒྱའི་མཁས་ཆེན་ཁོ་ནའི་ཁ་ལ་ཉན་ནའང་ལོ་རྒྱུས་བདེན་པ་ཤེས་དཀའ།  དོན་ཡང་དག་དུས་རབས་11ནས་12ཡོད་མིན་མི་ཤེས་རུང་།  ཆན་ལུང་གིས་ཆུ་ཆེན་མ་གཏོར་སྔོན་དུ་ཡིན་ངེས་ལགས།
 
སྤེལ་མཁན། ཆབ་འགག་པ ip:110.167.4.*
སྤེལ་དུས། 2014-05-27 08:59:16
ཨ་ལ་ལ། ཡ ་མཚན ་འདྭུག
 
སྤེལ་མཁན། དགེ་བཤེས་སྡིག་པ་ར་ཙ། ip:24.147.81.*
སྤེལ་དུས། 2014-05-27 02:13:58
བཀའ་སྐྱོང་ཡེ་ཤེས་དབལ་མོའི་འདྲ་གཟུགས་ལ་མི་འདྲ་བ་ཡོད་པ་དེ་ཚོ་ང་ཚོས་སྔོན་ནས་ཤེས། ཡིན་ནའང་ཚང་མས་དོ་སྣང་དགོས་ས་གཅིག་ནི་ཐོག་ནས་མར་བརྩིས་པའི་པར་རིས་བཞི་པ་དེར་་་སྟོད་འགག་དང་གྲྭ་ཆས་ཚུལ་མཐུན་མནབས་པའི་བླ་གཟུགས་དེ་་་དུས་རབས་༡༡དང་༡༢་ཡས་མས་ལ་བརྐོས་བཞག་པ་དེ་འདྲ་ཡིན་ན་ཤིན་ཏུ་ངོ་མཚར་ཆེན་པོ་རེད། དེས་དུས་རབས་༡༤་ཡར་སྔོན་ནས་བོད་ཡུལ་དུ་སྟོད་འགག་གྱོན་སྲོལ་ཡོད་པ་གསལ་སྟོན་བྱས་པ་རེད་དོ། །
 
སྤེལ་མཁན། དགེ་གཤེན་ཚེ་ཚང་། ip:217.88.6.*
སྤེལ་དུས། 2014-05-26 22:57:41
བཀུར་འོས་དཀོན་མཆོག་རྡོ་རྗེ་ལགས་སུ་ཐུགས་རྗེ་ཆེ་ཞུ།

སྐལ་པ་བཟང་།
རྟེན་འབྲེལ་ཆེ།
མཆོག་གསུམ་ལ་བསླུ་བ་མེད།
བདེན་ཚིག་ལ་འཁྲུལ་བ་མེད།
ལོ་རྒྱུས་ལ་བསྲེ་ལྷད་མེད་ན་ཉིན་ཞིག་ཡོད་ཚད་འདི་ལྟར་ཤ་མོང་སྤང་ལས་རྡོལ་བ་བཞིན་དོན་ཡོང་ངེས་རེད། དེ་འདྲའི་གནས་ཚུལ་བཟང་པོ་དེ་དག་ས་གནས་དེ་དང་དེ་བཞིན་གཡས་གཡོན་ཐག་ཉེ་བའི་བོན་གྱི་འདུས་སྡེ་དང་མཁན་དབང་ལྷག་བསམ་ཅན་ཚོས་ངེས་པར་དུ་བདག་པོ་རྒྱག་གནང་རོགས་ཞུ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།