ཁ་བྱང་།ཀོ་རྒྱལ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་གནས་ཚུལ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། སྒོ་ཁྱི་ནས། ip:221.176.65.*
སྤེལ་དུས། 2014-03-29 23:15:37
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
 
སྤེལ་མཁན། ཕག་མགོན་དགེ་བཤེས། ip:75.166.99.*
སྤེལ་དུས། 2014-03-22 07:27:22
ཁྱ྄ུང་ཡུལ་བོན་གྱི་གདན་ས་དཔལ་ལྡན་ཀོ་རྒྱལ་དགོན་གཡུང་དྲུང་བསྟན་པ་རྒྱས་པའི་ཞིང་མཆོག་འདིར། ཐོས་བསམ་འཆད་ཉན་གྱི་སྲོལ་ཆེན་མངའ་བརྙེས་པ་རབ་འབྱམས་དགེ་བའི་བཤེས་གཉེན་དྲང་སྲོང་ཚུལ་ཁྲིམས་རིན་པོ་ཆེའམ། དགེ་བཤེས་བཤེས་ཡོན་ཏན་ཕུན་ཚོགས་མཆོག་གདན་ས་གང་ཉིད་ཀྱི་སློབ་དཔོན་རིན་པོ་ཆེའི་གསེར་ཁྲིར་མངའ་གསོལ་དང་། སྐབས་དང་པོའི་དགེ་བཤེས་ཀྱི་མཛད་སྒོ་ལེགས་གྲུབ་བྱུང་བར་དགའ་གུས་ཆེན་པོས་བཀྲ་ཤིས་ལེགས་གསོལ་ཞུ་རྒྱུ་ཡིན། སླད་ཕྱིན་ཀྱང་བསྟན་པ་དང་། འགྲོ་བའི་དོན་དུ་ཁྱེད་ཀྱི་མཛད་འཕྲིན་ཐམས་ཅད་གེགས་མེད་ལྷུན་འགྲུབ་ངང་རྒྱ་མཚོའི་རྦ་རླབས་འཕྱུར་བ་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ།
ཁྱུང་དཀར་ཕག་མགོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་གུས་ཏེ་ཕུལ།
 
སྤེལ་མཁན། མིང་མེད། ip:125.69.70.*
སྤེལ་དུས། 2014-03-22 05:13:03
བཀྲིས་བདེ་ལེགས་ཞུ
 
སྤེལ་མཁན། སྲབ་མེད་ནས་ ip:123.151.186.*
སྤེལ་དུས། 2014-03-21 16:05:48
བཀྲ་ཤིས་བདེ་ལེགས་
 
སྤེལ་མཁན། བོན་ཁྱུང་འདྲེས་མ། ip:24.147.81.*
སྤེལ་དུས། 2014-03-21 09:06:20
ཁྱུང་པོ་ཚང་གི་རབ་འབྱམས་དགེ་བའི་བཤེས་གཉེས་འདི་ཚོས་བསྟན་འགྲོར་སྨན་པའི་ཕྱག་ལས་ཧ་ཅང་ཡག་མོ་གནང་འདུག འདི་ཕྱིའི་སྐྱབས་དམ་པ་འདི་རྣམས་ལ་གཟེངས་བསྟོད་དང་གུས་ཕྱག་ཚུལ་བཞིན་དུ་འབུལ་བར་འོས་སོ། གཡུང་དྲུང་བོན་ནི་རྒྱ་མཚོའི་གཏིང་ཟབ་པས་ད་དུང་སློབ་སྦྱོང་ཆུ་བོའི་རྒྱུན་བཞིན་ལྷོད་ཡངས་མེད་པར་གནོངས་རོགས། སེམས་དཀར་ཞིག་གིས་ཐག་རིང་ཨ་མེ་རི་ཀ་ནས་ཕུལ། །
 
སྤེལ་མཁན། བསྟན་རྣམ། ip:113.62.63.*
སྤེལ་དུས། 2014-03-20 18:58:41
༧དཔལ་ལྡན་ཀོ་རྒྱལ་དགོན་གྱི་སྐབས་དང་པོའི་རབ་འབྱམས་པའི་མཚན་རྟགས་བཞེས་པའི་མཛད་སྒོར་བཀྲ་ཤིས་བདེ་ལེགས་ཞུ།
 
སྤེལ་མཁན། གཡུ་བུན་སྤྲུལ་སྐུ། ip:113.62.9.*
སྤེལ་དུས། 2014-03-20 13:51:07
༧དཔལ་ལྡན་ཀོ་བོ་དགོན་གྱི་མཚན་ཉིད་རྒན་ལགས་༧ཡོན་ཏན་ཕུན་ཚོགས་རིན་པོ་ཆེ་མཆོག་དཔོན་སློབ་ཀྱི་ཁྲི་ལ་མངའ་གསོལ་བའི་མཛད་སྒོ་ཁྲི་བཞེངས་དང་། དགོན་འདིའི་དགེ་བཤེས་སྐབས་དང་པོའི་སྐལ་བཟང་དུས་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ།
 
སྤེལ་མཁན། མིང་མེད། ip:221.237.164.*
སྤེལ་དུས། 2014-03-20 12:26:54
བཀྲ་ཤིས་བདེ་ལེགས།
 
སྤེལ་མཁན། དགེ་གཤེན་ཚེ་ཚང་། ip:217.88.3.*
སྤེལ་དུས། 2014-03-19 18:36:52
བསྟན་འཛིན་སྔོན་རབས་རིམ་བྱོན་གཤེགས་པའི་ཤུལ། །བསྟན་པར་འཆད་རྩོད་རྩོམ་གསུམ་ཡུན་བསྐྱངས་བས། །བསྟན་སྦྱིན་མངའ་ཐང་རྒྱས་དང་བུ་སློབ་འཕེལ། །བསྟན་པ་འདི་ནི་ཡར་ངོའི་ཟླ་ལྟར་གྱུར ། ༧དཔལ་ལྡན་ཀོ་རྒྱལ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོ་ལེགས་གྲུབ་བྱུང་བར་བསྔགས་བརྗོད་གྲངས་མེད་དང་། ཐུན་མིན་གྱི་དགེ་གྲོགས་དགེ་བཤེས་ཆེན་མོ་ཡོན་ཏན་ཕུན་ཚོགས་མཆོག་དགོན་དེའི་དཔོན་སློབ་ཀྱི་ཁྲི་ལ་མངའ་གསོལ་བར་རྟེན་འབྲེལ་སྙིང་དབུས་ནས་ལན་བརྒྱར་ཞུ། །
 
སྤེལ་མཁན། དགེ་བཤེས་བསྟན་འཛིན་ས ip:90.54.135.*
སྤེལ་དུས། 2014-03-19 16:20:40
དགེ་ལེགས་ཉི་ཟླའི་གུར་ཁྱིམ་ལས། །ཐོན་བའི་མཁྱེན་རབ་འོད་མདངས་ཅན། །སྲིད་ཞིའི་གཙུག་ཏུ་བཀོད་པ་ལ། །བཀྲ་ཤིས་རྟགས་མ་བརྒྱད་ཀྱིས་བཀུར། །ཕུན་ཚོགས་སྒོ་བཞི་མཛོད་ལྔའི་གཏེར། །བཅུད་དུ་འཐུང་བའི་མཛའ་བརྩེའི་བཤེས། །རྣམ་ལྔའི་ཁྲི་རུ་བཞེངས་པ་ལ། །མཆོད་སྤྲིན་རོལ་མོས་འཇིག་རྟེན་བསྐངས། །བཅུ་ཕྲག་ལོ་ངོར་རྡུལ་གསེབ་ཏུ། །དཀའ་སྤྱད་ལག་པ་གནས་ལ་བསྲིངས། །རྣམ་དཔྱོད་རིག་པ་གཞུང་ནས་བཀུག །ལུང་རྟོགས་རྒྱལ་མཚན་ཕྱར་འདི་བཟང་། །དེ་རིང་སྐལ་བཟང་དུས་ཆེན་ཞེས། །རབ་འབྱམས་བཤེས་ཀྱི་ཅོད་པན་ཞིག །སྤྱི་བོའི་གཙུག་ཏུ་ཐོབ་པ་ལ། །ལྷ་རྒྱལ་བཀྲ་ཤིས་གླུ་དབྱངས་འཐེན། །ཞེས་༧དཔལ་ལྡན་ཀོ་བོ་དགོན་གྱི་སློབ་དཔོན་ཁྲི་བཞེངས་དང་དགེ་བཤེས་སྐབས་དང་པོའི་སྐལ་བཟང་དུས་སྟོན་ལ་རྟེན་འབྲེལ་ལྷ་དར་ཞིག་གི་དོད་དུ་ཁོ་བོ་དགེ་བཤེས་བསྟན་འཛིན་སྦྱིན་པས་ཐུན་གྱི་བར་གསེང་ནས་འཕྲལ་དུ་ཕུལ།
 
སྤེལ་མཁན། མིང་མེད། ip:124.31.206.*
སྤེལ་དུས། 2014-03-19 14:54:43
བཀྲ་ཤིས་བདེ་ལེགས་
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།