ཁ་བྱང་།༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གལ་ཆེའི་གསལ་བསྒྲགས།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། བུ་ཡང ip:49.244.22.*
སྤེལ་དུས། 2013-10-03 13:48:04
ཐུགས་རྗེ་ཆེ་དཀའ་དྲིན་ཆེ།བུ་ཡང་ནས
 
སྤེལ་མཁན། ཚ་མི་རྒན་ནས ip:113.62.127.*
སྤེལ་དུས། 2013-09-27 22:23:18
འཛམ་གླིང་བོན་གྱི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཁན་སློབ་ཉི་ཟླ་ཟུང་འབྲེལ་མཛད་ཕྲིན་མཐའ་རུ་ཕྱིན་པར་ཤོག།
 
སྤེལ་མཁན། བོན་ཕྲུག་དཔལ་ལྡན་ནས། ip:82.145.209.*
སྤེལ་དུས། 2013-09-27 04:41:00
༸ཞྭ་དཀར་བསྟན་པའི་མངའ་བདག་འཛམ་གླིང་བོན་འབངས་ཡོངས་ཀྱི་སྐྱབས་མགོན་བླ་ན་མ་མཆིས་པ་༸སྐྱབས་རྗེ་སྨན་རི་བ་དངོས་ནས་འདི་ལོ་བསྟན་དང་འགྲོ་བའི་དོན་དུ་བཀའ་དབང་ཟབ་མོ་དེ་ལྟ་བུ་བཀའ་དྲིན་ཆེ་བ་ནི་བདག་ཅག་བོན་འབངས་ཡོངས་ཀྱི་བསོད་སྐལ་དུ་ལགས་ན་དགའ་དད་སྤྲོ་གསུམ་ངོས་ནས་ཤིན་ཏུ་བཀའ་དྲིན་ཆེ་ཞེས་ལན་བརྒྱར་ཞུའོ།



 
སྤེལ་མཁན། འཁོར་དུང་ཟླ་ནས། ip:113.63.124.*
སྤེལ་དུས། 2013-09-27 01:31:33
༧སྐྱབས་རྗེ་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་སྐལ་བརྒྱ་ནས་སྐལ་བརྒྱར་བཞུགས་པའི་གསོལ་བ་སྙིང་ནས་འདེབས།།
 
སྤེལ་མཁན། བོན་མོས་ནས། ip:106.192.28.*
སྤེལ་དུས། 2013-09-26 23:45:21
བོན་འབངས་ཚོ། མཐུན་སྒྲིལ་བྱེད། བླ་མ་གཅིག དམ་ཚིག་གཅིག སེམས་ལ་འཛིན།
 
སྤེལ་མཁན། གཡམ་དྲང་སྲོང་ ip:113.62.61.*
སྤེལ་དུས། 2013-09-26 21:05:01
བརྒྱུད་པ་ཁུངས་ལྡན་བྱིན་རླབས་ཟབ་དོན་མངའ། ཞེས་པའི་ལུང་གི་བསྟན་དོན་ཡོངས་སུ་རྫོགས་པའི་རྗེ་རྒྱལ་བ་༧སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་བོན་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རིན་པོ་རིན་པོ་ཆེ་ཕ་ནོར་བུ་ལ་ཕོག་པ་ལྟར་སྣོད་ལྡན་གྱི་སློབ་མ་རྣམས་ལ་སྨིན་གྲོལ་དབང་གི་གསང་སྡོམ་གནང་བ་ནི་བཀའ་དྲིན་གཞལ་ཟླ་བྲལ་བའི་གནས་ཤིག་ལགས་པས་གུས་པས་ལག་པད་སྙིང་ཁར་སྦྱར་བཞིན་བཀའ་དྲིན་ཆེ་ཞུ་བ་དང་ཆབ་གཅིག   མཛད་ཕྲིན་དེ་ཉིད་མཐར་ཕྱིན་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་ཡི་རངས་བཅས་བཙུན་གཟུགས་པས་རྒྱང་རིང་
ནས་ཕུལ།
 
སྤེལ་མཁན། བོན་བརྒྱ་ཕུར་བ་སྐྱབས ip:125.72.253.*
སྤེལ་དུས། 2013-09-24 19:43:39
ཁོང་རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།
 
སྤེལ་མཁན། གུས་འགྱུར་མེད་ནས་ ip:124.205.129.*
སྤེལ་དུས། 2013-09-23 16:26:23
བོན་བསྟན་དར་བའི་སྨོན་ལམ
 
སྤེལ་མཁན། བོན་དད་པ་ཞིག་ནས ip:223.221.209.*
སྤེལ་དུས། 2013-09-22 16:32:03
                          གཡུང་དྲུང་བོན་གྱི་བསྟན་པའི་སྲོག་འཛིན་རྗེ་སྨན་རི་བ་ཆེན་པོ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ན་མོ།
                                                                             
                                                                                       དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ།།
                                                                                 སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
                                                                                 ཅི་མཛད་ལེགས་པར་མཐོང་བའི་མོས་གུས་གྱིས།
                                                                                 བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།

རྒྱབ་སྐྱོར།[1]  ངོ་རྒོལ།[0]
 
སྤེལ་མཁན། དཀོན་མཆོག་རྒྱལ་མཚན་ ip:117.136.18.*
སྤེལ་དུས། 2013-09-21 21:41:31
ངས་ཀྱང་གོང་དུ་ཞང་ཞུང་བློ་གྲོས་ཉི་མས་གསུང་པ་བཞིན་ཡིན།
 
སྤེལ་མཁན། ཞང་ཞུང་བློ་གྲོས་ཉི་མ ip:182.148.111.*
སྤེལ་དུས། 2013-09-21 00:55:22
༄༅།། ལྷར་བཅས་འགྲོ་བའི་སྲིད་ཞིའི་གཙུག་རྒྱན་བླ་ན་མ་མཆིས་པ་འཚེ་མེད་ཞི་བདེའི་སྙིང་ནོར་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་འཛིན་རྗེ་སྨན་རི་བ་ཆེན་པོ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་སྐུ་མཆོག་མཚན་དཔེ་གསེར་གྱི་རི་དབང་འགྱུར་མེད་གཡུང་དྲུང་གི་གཤིས་སུ་བརྟན་ཞིང་།     གསུང་མཆོག་ཚངས་པའི་བོན་དབྱངས་འགག་མེད་རྟག་ཏུ་སྙན་པ་དང་།    ཐུགས་མཆོག་གཡོ་མེད་བརྩེ་བས་བདག་ཅག་བོན་འབངས་ཡོངས་ཀྱི་ཇི་ལྟར་སྨོན་པ་བཞིན་བསྐལ་པ་ནས་བསྐལ་པ་བར་སྲིད་མཐའི་བར་དུ་ཞབས་པད་རྟག་ཏུ་བརྟན་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས།                      གུས་པས་ཁྲིང་ཏུའུ་གྲོང་ཁྱེར་ནས།
 
སྤེལ་མཁན། ནམ་མཁའ ip:113.62.89.*
སྤེལ་དུས། 2013-09-20 14:49:12
འོ་ཡ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།