ཁ་བྱང་།གསར་རྙེད་རྡོ་བརྐོས་ཡི་གེ་བཞི་བཅུ་ལྷག

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། TBRC ip:50.241.102.*
སྤེལ་དུས། 2014-06-06 03:40:19
འདི་ནི་ངོ་མཚར་ཆེའོ། ས་ཕྱོགས་ལུང་ཕྱོགས་ཤེས་ན་དེ་བས་ཕན་ཐོགས་ཆེ། འདིའི་གཏེར་སྟོན་ཁྱེད་ལ་བཀྲིས་བདཻགས་ཞུ་ལ། བོན་མདོ་ལྟུང་བཤགས་ཀྱི་ཚིག་རིས་དང་ར་སྤྲོད་བྱེད་པོ་ཁྱེད་ལ་ཡང་གཏང་རགས་གཏོང་ངོ་། ཞེས་བོད་དཔེ་ལྟེ་གནས་ཀྱི་ལས་མི་ཞིག་གིས་བྲིས།
 
སྤེལ་མཁན། ས་དམར ip:61.178.198.*
སྤེལ་དུས། 2013-05-16 17:54:00
བོན་གྱིི་རྡོ་བརྐོས་ཡི་་གསར་རྙེད་བྱུང་སའི་ས་ཆ་དེ་ཆོལ་གསུམ་གང་གི་ཁོངས་སུ་གཏོགས་སམ། ས་གནས་དེ་ཏག་ཏག་མ་ལབ་ནའང་འགྲིག། ཡིན་ནའང་ཁ་ཕྱོགས་ཡུལ་ཕྱོགས་ཙམ་ཤེས་ན་ཡག་པོ་ཡོང་ས་རེད།
 
སྤེལ་མཁན། གཟེར་མིག ip:116.255.233.*
སྤེལ་དུས། 2013-05-12 11:21:28
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
 
སྤེལ་མཁན། མཁར་ནག་པ། ip:110.167.11.*
སྤེལ་དུས། 2013-05-02 12:21:47
འོ་འདི་ནས་ཡང་སྐྱར་མཆན་ཞིག་མི་འདེབས་ཐབས་མེད་བྱུང་སོང་།  སྤྱིར་གཡུང་དྲུང་སེམས་དཔའི་སྒྲིབ་པ་སེལ་བའི་མདོ་འདི་ཡོངས་གྲངས་སུ་ལྟུང་བཤགས་ཅེས་བརྗོད་ལ་བོན་གྱི་བཀའ་རིན་པོ་ཆེའི་པོད་གྲངས་༦༧ནང་དུ་འཁོད་ཡོད། འདིའི་སྐོར་བཀའ་རིན་པོ་ཆེའི་དཀར་ཆགས་ལ་ལྟོས་ནའང་ཤེས་ཐུབ། ལྟུང་བཤགས་མདོ་ཆོག་ཅེས་བྱུང་ཡོད་པ་དེ་ཡིན།  ཁོ་བོས་བརྗོད་བདེ་ཕྱིར་དེ་ལྟར་བྲིས་པ་ཡིན་ལ།  དེ་གཉིས་ག་མདོ་གཅིག་གི་མིང་གི་རྣམ་གྲངས་ཡིན་པ་མི་ཤེས་མཁན་ལ་གསལ་བཤད་དང་། གཞན་སྟག་ལྷ་ཡིན་ཡང་སྤུ་གྲི་དམར་པོ་ཡིན་པར་ཤེས་མེད་མཁན་ལ་ཡང་གསལ་བོར་ཞུས་ན། འདི་ལྟར། འོག་ནས་ཡར་བརྩིས་པའི་རྡོ་ལེབ་གཉིས་པ་ནི་སྤུ་གྲི་དམར་པོའི་བཤགས་པའི་སྐབས་ཀྱི་ཚིག་བཤད་ཡིན་ལ།   འདི་ལྟར་ཏེ།  ཁྱེད་ནི་ཡེ་ནས་ཡེ་ཤེས་ཚངས་པའི་གསུང་།  བདག་ནི་བརྗོད་བྲལ་ཚངས་བའི་གསུང་དུ་མ་གྱུར་ཏེ། ཚིག་བརྩིབ་ངག་འཁྱལ་སྤྱད་པ་ཡིས།  གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།  མཐོལ་བཤགས་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ།  ཅེས་པའི་སྐབས་ཡིན་པ་དང་། གཞན་དེའི་གོང་གི་རྡོ་ལེབ་ནི་སྤུ་གྲི་དམར་པོའི་སྐུ་བསྟོད་སྐབས་ཀྱི་ཚིག་བཤད་ཡིན་ལ།  འདི་ལྟར་ཏེ། སྐུ་མདོག་དམར་འབར་ཁམས་གསུམ་དབང་དུ་བསྡུས།  །དབུ་སྐྲ་དམར་འབར་སྲིད་རྩེར་སྲེག་ཅིང་འཁྱིལ། །སྤྱན་གསུམ་སྡིང་མིག་དུན་ཙེ་གང་ཡིན་བལྟ། །ཞལ་གདངས་ལྗགས་འདྲིལ་དུན་ཙེའི་སྙིང་ཁྲག་གསོལ། །མཆེ་བ་ཟླ་ཚེས་གཅིགས་ཤིང་དགྲ་བགགས་ཞེ་ལ་གནོན། །ཞེས་སོགས་ཀྱི་སྐབས་ཡིན་པས་ཐག་མ་ཆོད་པའི་མི་དག་ལ་གསལ་བཤད་དུ།  གཞན་དཔྱང་ལྡན་དག་གིས་ཞིབ་ཏུ་གཟིགས་དང་གང་བདེན་ཤེས་ཐུབ་ཀྱི་འདུག
 
སྤེལ་མཁན། ཕོ་ཉ་དྲེགས་པ་བཅོ་བརྒ ip:24.147.81.*
སྤེལ་དུས། 2013-04-26 05:55:26
བོན་གྱིི་རྡོ་བརྐོས་ཡི་གེ་གསར་རྙེད་བྱུང་སའི་ས་ཆ་དེ་ཆོལ་གསུམ་གང་གི་ཁོངས་སུ་གཏོགས་སམ། ས་གནས་དེ་ཏག་ཏག་མ་ལབ་ནའང་འགྲིག། ཡིན་ནའང་ཁ་ཕྱོགས་ཡུལ་ཕྱོགས་ཙམ་ཤེས་ན་ཡག་པོ་ཡོང་ས་རེད། ཐུགས་རྗེ་ཆེ། །
 
སྤེལ་མཁན། Fansoftibetculture ip:110.166.223.*
སྤེལ་དུས། 2013-04-26 01:09:33
I think tibetan folk culture is very especialy with logic of tibet.and the youth has responsbility that is we must can be contect tibet culture,it isn't?
 
སྤེལ་མཁན། ཁྱུང་ཕྲུག ip:110.166.223.*
སྤེལ་དུས། 2013-04-25 18:49:23
བོན་གྱིི་རྡོ་བརྐོས་ཡི་གེ་གསར་རྙེད་བྱུང་བར་རྟེན་འབྲེལ་ཞུ།
 
སྤེལ་མཁན། guy ip:110.166.221.*
སྤེལ་དུས། 2013-04-24 22:24:55
good
 
སྤེལ་མཁན། མཁར་ནག་པས། ip:110.167.13.*
སྤེལ་དུས། 2013-04-22 18:42:42
གཞན་རྡོ་བསྐོས་འགའ་ནི་སྟག་ལྷ་སྤུ་གྲི་དམར་པོ་ཡིན་འདུག
 
སྤེལ་མཁན། མཁར་ནག་པས། ip:110.167.13.*
སྤེལ་དུས། 2013-04-22 18:41:29
ཐོག་མར་ཁྲི་བསོད་བསྟན་དང་རིན་སྤུངས་ཚུལ་བསྟན་སོགས་གཙོ་སྒྲུབ་པ་དག་གིས་བཀའ་དྲིན་ལས་ཧི་བོན་དྲྭ་ཚིགས་གསར་བརྗེ་ལེགས་འགྲུབ་བྱུང་བ་ལ་རྟེན་འབྲེལ་ཞུ། དེས་ནས་བྱ་གཞུང་གངས་ཉུལ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།  རྒྱ་ནར་གྱི་རྡོ་བསྐོས་དེ་དག་ནི་གཡུང་དྲུང་བོན་གྱི་མདོ་ཕྲན་ལྟུང་བཤགས་ཡིན་པས། བདེ་བར་གཤེགས་པ་སོ་ལྔ་ལ་ཕྱག་འཚལ་བ་སོགས་ལས་གསལ་བོར་ཤེས་ཐུབ་ཀྱི་འདུག  
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།