གསར་རྙེད་རྡོ་བརྐོས་ཡི་གེ་བཞི་བཅུ་ལྷག

[ཟླ་ཚེས། 2013-04-22 11:21:17][རྩོམ་པ་པོ། བྱ་གཞུང་གངས་ཉུལ།][རྩོམ་ཁུངས། ཁྲག་རྡོའི་ཟིན་བྲིས།][ཀློག་གྲངས། ]

 ཁོ་བོས་གསར་ཏུ་རྙེད་པའི་རྡོ་བརྐོས་ཡི་གེ་བཞི་བཅུ་ལྷག

1.jpg1.jpg1.jpg
མོ་ཧོའི་ལུང་ཁོག་གི་རྡོ་བརྐོས་ཡི་གེ
2.jpg
རྒྱ་ནུར་གྱི་རྡོ་བརྐོས་ཡི་གེ
3.jpg
དང་པོ། མཚམས་སྦྱོར་དང་བརྗོད་བྱ་རགས་བསྡུས།

   རྗེ་བླ་མ་ཡོངས་འཛིན་རིན་པོ་ཆེའི་ཞལ་ནས་བྱ་གཞུང་ཞེས་པ་ནི་ཁྱུང་སྨོན་སོགས་རི་བོ་དྲུག་ལ་བྱའི་མིང་ཆགས་པས་ཐོགས་པར་གསུངས་ལ།ས་ཁུལ་འདིའི་རྒན་གཞོན་བར་མ་གསུམ་གྱི་ཁ་ནའང་དེ་ལྟར་རླུང་ལྟར་གྲགས་བཞིན་ཡོད།རི་བོ་དྲུག་སོ་སོ་ནས་ངོས་འཛིན་རྒྱུ་ཡོད་པར་མ་ཟད།མདོ་དབུས་མཐོ་སྒང་གི་ས་ཁུལ་གཞན་དག་དང་རི་བོ་དེ་དག་ལའང་གཞི་བདག་མཚན་འདོགས་བྱས་ཆོག་པ་དྲུག་ཡོད།ཡིན་ནའང་།རྒྱུ་མཚན་ཅིའི་ཕྱིར་བྱ་དྲུག་གི་མིང་ཟུར་ཆགས་དགོས་པའི་རྒྱུ་མཚན་ལོ་རྒྱུས་ཡིག་ཆ་དང་ངག་རྒྱུན་གང་ནའང་མེད་པས།ང་རང་ནས་དེ་ནི་རི་བོ་དྲུག་གི་དབྱིབས་བྱའི་གཤོག་པ་བརྐྱངས་པ་དང་འདྲ་བའི་ཆ་ནས་བཏགས་པ་མིན་ནམ་སྙམ་ཡོད།གནས་འདི་ནི་ལོ་རྒྱུས་ཡིག་ཚང་སོགས་ན་གསལ་ཁ་དོད་པ་མི་མཆིས་པས།ཕྱི་རབས་པས་ཀྱང་དེ་འདྲའི་དོ་སྣང་མི་བྱེད་ཀྱང་།འདིའང་སྔོན་མཁས་མང་ཚོགས་པའི་གནས་གལ་ཆེན་ཞིག་སྟེ་ཞབས་དམར་བསྟན་འཛིན་རྒྱ་མཚོས༼ ༡༨༥༢ནས༡༩༡༢༽ མཛད་པའི༼ ཡོངས་རྫོགས་བསྟན་པའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་ལུང་རིགས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དད་ལྡན་རྣ་བའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།།༽ ༼ བརྩམས་ལོ༡༨༩༡༽ཞེས་པར་སྤྱི་ལོ༡༨༣༩ལོའི་དཔྱིད་ཟླར་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ༼ ༡༧༨༠ནས༡༨༤༨༽དང་སྐུ་མཆེད་བློ་བཟང་བསྟན་པའི་རྒྱལ་མཚན༼ ༡༨༠༢ནས༡༨༥༧༽དང་།རྗེ་བཙུན་ལུང་རིགས་རྒྱ་མཚོ༼ ༡༨༠༥ནས༡༨༨༨༽ སོགས་མཁས་མང་སུམ་ཅུ་ལྷག་འདུ་འཛོམས་ནས་ཟླ་གཅིག་ལ་རིགས་པའི་བརྡར་ཤ་བཅད་པ་བཀོད་འདུག་ལ།དེ་མིན།༼རྣམ་ཐར་ཟླ་བའི་འོད་ཟེར༽དང༼རྣམ་ཐར་ཟླ་བའི་ཕྲེང་བ༽༼ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས༽སོགས་ནའང་བྱ་ཁོག་གི་ལོ་རྒྱུས་ཐར་ཐོར་རེ་བཀོད་འདུག་པས་ཡིག་ཚགས་གལ་ཆེན་གྱི་གྲས་སུ་འགྲོ་སྙམ།

   ས་གནས་མང་ཚོགས་ཀྱི་མཚམས་སྦྱོར་ལྟར་སྤྱི་ལོ༢༠༡༢ལོའི་ཟླ༡༢པའི་ཚེས༢༨ཉིན་ཁོ་བོ་བྱ་མདོའི་ལུང་ཁོག་ཁ་ཤས་ལ་གནས་མཇལ་ཏུ་ཕྱིན་པ་ཡིན།སྤྱིར་ན་བྱ་མདོར་ལོ་རྒྱུས་ཡིག་ཚངས་སུ་འཁོད་པའི་གནས་རྙིང་གྲགས་ཆེ་བ་མང་ཙམ་མི་འདུག་ཀྱང་།ས་ཆུའི་ཚོད་ཀྱི་རི་དྭགས་ཞེས་པ་བཞིན་གནས་འདིར་ཡང་ང་ཚོས་འཚོལ་ཞིབ་བྱེད་དགོས་པའི་ལུང་ཁོག་མི་སྣང་བ་ག་ལ་སྲིད་སྟེ།ཉིན་གང་བོར་རྐང་ཐང་དུ་མཁར་རྙིང་དང་མ་ནི་ཆུ་འཁོར་སོགས་ལ་མཇལ་མཇལ་མཐར་མོ་ཧོ་ཞེས་སོག་མིང་ཡིན་ཟེར་བའི་ལུང་ཁོག་དེར་སླེབས།གནས་འདིར་ང་རང་ཆུང་དུས་སུ་ཕྱུགས་རྫི་བྱས་ཡོད་མྱོང་བ་དང་།སྐབས་དེར་ལུང་ཁོག་ཧྲིལ་བོ་བྲ་མས་ཁེངས་ནས་ཡོད་པས།ངའི་རྨོ་བོ་འདས་མོས་རྒྱུན་ཏུ་ང་རང་བོར་གཏོར་ཏུ་འགྲོ་བར་སེམས་ཁུར་བྱེད་ཀྱི་ཡོད།ལུང་བ་ཁ་ལྷོ་བལྟ་ཞིག་གི་འགྲམ་ཏུ་སླེབས་མཚམས་ང་རང་ནས་ལུང་བའི་ནང་ལ་ཟུར་བལྟ་ཙམ་བྱས་པར།ལུང་ཁོག་དེར་རྡོའི་གཞོང་བ་ལྟ་བུ་ཞིག་འདུག་པས།ངས་ཐག་རིང་ནས་པར་ལེན་ཞོར་གམ་དུ་སོང་བ་ཡིན།བློ་ཡུལ་དུ་འདས་པ་ཞིག་ལ་དེ་ནི་ཡི་གེ་བརྐོས་ཡོད་པའི་རྡོ་བརྩིགས་ཏེ་གཞོང་བ་ཆགས་པ་ལྟ་བུ་ཞིག་ཏུ་འདུག ཕལ་ཆེར་གས་ཆག་ཏུ་སོང་བ་བསྡོམས་ན་སུམ་ཅུ་ནས་བཞི་བཅུ་ཙམ་དང་ཧྲིལ་བོར་ཡོད་པ་བཅུ་ནས་བཅོ་ལྔ་ཙམ་འདུག ཡི་གེ་འདི་དག་ང་རང་བྱིས་དུས་སུ་ཕྱུགས་རྫི་བྱེད་དུས་མཐོང་མ་མྱོང་བ་ཤ་སྟག་ཏུ་ འདུག་ཅིང་།ས་གནས་མང་ཚོགས་ནས་ཀྱང་རྡོ་བརྐོས་ཡི་གེ་འདི་འདྲ་ཞིག་ཡོད་པའི་སྒྲོས་མི་འདུག ལོ་ཟླའི་ཆར་ རླུང་གིས་བརྡུང་རྡེག་ཡང་ཡང་བཏང་བའི་རྐྱེན་ནམ་ཅི་ཆ།ཡིད་སྐྱོ་བ་ཞིག་ལ་ད་ལྟ་ཡི་གེ་ཕལ་ཆེར་ནོགས་ཏེ་བཀླག་ཏུ་མི་གཏུབ།ཡི་གེ་ཁ་ཤས་ལ་ཞིབ་ཏུ་མཇལ་ན་བྱ་མདོའི་ཡུལ་དང་འབྲེལ་བའི་ནང་དོན་འདུག་པ་འདྲ་བ༼བྱ་ཡུལ་ནམ་ཡུལ༽དང༼ས་ལ་ལྷ་ཆ༽༼བཙན་གྱར་ཁ་ནོན་དོན༽༼གོ་མང༽སོགས་ས་མིང་གཉིས་དང་དགོས་པ་དོན་ཞིག་ཀྱང་གསལ།དེ་མིན།གཡུང་དྲུང་བོན་དང་འབྲེལ་བ་ཞིག་མིན་ནམ་སྙམ་སྟེ།༼བོན་པ༽ཞེས་པ་དང་།༼གཡུང་དྲུང་གི་བོན༽༼ཡེ་སྨོན་རྒྱ་ཡོ༽བཅས་སྲིད་པ་ཡེ་ངམ་གཉིས་ཀྱི་ཡ་གྱལ་ཡེ་སྨོན་རྒྱལ་བོའི་མཚན་ཡང་གསལ་བ་སོགས་ཡི་གེ་ཁ་ཤས་སྔར་བཞིན་ལོ་ཟླའི་ཆར་རླུང་ལ་གདོང་གཏད་ནས་འདུག་པས་ཡིད་སེམས་མགུ་བ་ཞིག་རེད།མཐར་རང་ཉིད་ལ་རིག་གནས་ཆུ་ཚད་ཞན་པ་དང་།འདི་འདྲའི་ལས་ཀྱང་སྔར་བསྒྲུབས་མྱོང་མེད་པས་ཉམས་མྱོང་ཡང་ཅི་ཡང་མི་འདུག་པ་སོགས་ཀྱིས་ཡི་གེ་བཀླག་གཏུབ་པ་འགའ་རེ་བུ་ཡིག་ཏུ་གཅོད་རྒྱུ་ལས་ཐབས་གཞན་མ་བྱུང་།

   ཡང་སྤྱི་ལོ༢༠༡༣ལོའི་ཟླ༡པོའི་ཚེས༣ཉིན་ངས་ས་གནས་མང་ཚོགས་ཀྱི་ངག་སྒྲོས་གཞིར་བཟུང་སྟེ་རྒྱ་ནར་ཞེས་རི་བོ་འཕྲེད་དུ་བཅད་པ་མགོ་མཇུག་བར་ལ་རྐང་ཐང་གིས་ཉིན་ཕྱེད་ཙམ་ལ་འགྲོ་དགོས་པའི་རི་རྒྱུད་དེར་འཚོལ་ཞིབ་ཏུ་ཕྱིན་པ་ཡིན།གནས་དེར་ཕྲན་ནས་རྡོ་བརྐོས་ཡི་གེ་ཐང་མར་བརྡལ་བ་མང་བོ་རྙེད།གས་ཆག་ཐེབས་ཡོད་པ་ལྟར་བརྩིས་ན་ལྔ་བཅུ་ལྷག་དང་ཧྲིལ་བོའི་རྣམ་པ་བཟུང་ཡོད་པ་སུམ་ཅུ་ལྷག་འདུག རྡོ་བརྐོས་ཡི་གེ་འདི་དག་ནི་ཡར་སྔོན་མོ་ཧོ་ལུང་བ་ནས་རྙེད་པ་དེ་དག་དང་མི་འདྲ་བར་ཡི་གེ་གསལ་ལ་དག་པ་དང་།ཐོག་མའི་རྡོའི་ཁ་གྲངས་ཀྱང་ངོས་ཟིན་སྙམ་པ།རྡོ་ལེབ་རེ་རེའི་ཐིག་ཕྲེང་གོང་མར་བོད་ལུགས་ཀྱི་རྡོའི་ཁ་གྲངས་བཀོད་ཡོད་པ།མདུན་རྒྱབ་གཉིས་ཀར་ཡི་གེ་ཡོད་པ།གས་ཆག་ཏུ་གྱུར་བའི་རྡོ་ལེབ་ཅིག་གི་སྟེང་ན་གཡུང་དྲུང་གི་ཞེས་འབུར་མར་བརྐོས་ཡོད་པ་སོགས་འདུག གཉིས་པ། རྡོ་བརྐོས་ཡི་གེ་ངོ་བཤུས་འགའ། ཚན་པ་དང་པོ། མོ་ཧོའི་རྡོ་བརྐོས་ཡི་གེ

རྡོ་ལེབ་དང་བོ།

༡ ༄༅། བྱ ཡུལ ནམ ཡུལ༼ ཆད༽ མ ༼ ཆད༽ རོགས

༢ ས ལ ལྷ ཆ༼ ཆད༽ གྱི༼ ཆད༽ འ བཙན གྱར ཁ ནོན དོན

༣ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ཡ གོ མང ༼ ཆད༽ དག ཡེ སྨོ རྒྱ ཡོ

༤ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽

རྡོ་ལེབ་གཉིས་པ།

༡ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽

༢ ༄ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ངོ

༣ བོན པ གཡུང ༼ ཆད༽ ༼ ཆད༽ ༼ ཆད༽

༤ གཡུང དྲུང་གི་མད༼ ཆད༽ ༼ ཆད༽ ༼ ཆད༽

༦ ༼ ཆད༽ ༼ ཆད༽ སབ ས

༧༼ འདིའི་མན་ས་འོག་ཏུ་ནུབ་ཡོད་པས་བརྐོ་འབྲུ་མ་བྱས༽

ཚན་པ་གཉིས་པ། རྒྱ་ནུར་གྱི་རྡོ་བརྐོས་ཡི་གེ

རྡོ་ལེབ་དང་པོ།

༄། གཡུང དྲུང ༼ ཆད༽ ༼ འབུར་མ༽

རྡོ་ལེབ་བཅུ་གཉིས་པ།

༼ མདུན་ངོས༽

༡ ༡༢

༢ ༼ གས༽ སྫོགས པའི སངས རྒྱས ༼ གས༽

༣ ༼ གས༽ འོད ཀྱིས རྒྱལ བོ ཕྱག འཚལ ལོ།

༤ ༼ གས༽ དེ བར གཤེགས པར ཡང ཏག པར སྫོགས ༼ གས༽

༥ ༼ གས༽ འི སངས རྒྱས ཡེ གཤེན ངན སོང ཡོ ༼ གས༽

༦༼ གས༽ སའི༼ ཆད༽ ༼ ཆད༽ ཕྱག འཚལ ལོ། ༼ གས༽

༧མཆོག བདེ བར གཤེགས ཡང དག པར ༼ གས༽

༨རྒྱལ ཡེ གཤེན སྤྱི ཕུད འགྲོ བའི སྒྲོན མེ དལ ༼ གས༽

༼ རྒྱབ་ངོས༽

༡ གཤེན ༼ གས༽

༢ གཤེགས པ ཡང ༼ གས༽

༣ པའི སངས རྒྱས ཡེ ༼ གས༽

༤ དབང གི རྒྱལ བོ ལ ༼ གས༽

༥ ལོ། གཤེན༼ ཆད༽ མཆོག བདེ བར ༼ གས༽

༦ ༼ གས༽ ༼ ཆད༽ ༼ ཆད༽ གས པ ཡང ཏེ གཔང སོགས པའི སངས ༼ གས༽

༧ ༼ གས༽ གཤེན ཐུགས རྗེས ཟླ འོད རྒྱལ བོ ལ ཕྱག ༼ གས༽

༨ ༼ གས༽ ༼ ཆད༽ གཤེན རབ མཆོག བདེ བར གཤེགས པ ༼ གས༽

རྡོ་ལེབ་བཅུ་བདུན་པ།

༼ མདུན་ངོས༽

༡ ༡༧

༢ བདག གི སྦྱ༼ ཆད༽ ༼ ཆད༽ དང ༼ ཆད༽ ༼ ཆད༽ ༼ གས༽

༣ སྐྱེ བ ཐོག མ མ མཆིས པའི ༼ ཆད༽ ༼ ཆད༽ ༼ ཆད༽ མ ༼ གས༽

༤ ཨོ སྨོན ལམ ཆོག ཙམ བདབས པའི༼ ཆད༽ ༼ ཆད༽ པའི ༼ ཆད༽ ལས༼ ཆད༽ ༼ གས༽

༥ གནས སུ སྐྱེལ ལ།ཞལ ཟས ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ གྱིས སྦྱིན པ ༼ གས༽

༦༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ༼ ཆད༽ ཙམ ༼ གས༽

༼ རྒྱབ་ངོས༽

༡ ལགས པ དང

༢ ༼ ཆད༽ ༼ ཆད༽ དུད འགྲོའི གནས སུ སྐྱེ བ ཕྲ མོ ཙམ༼ གས༽

༣༼ གས༽ ལགས པ དང་། མིའི གནས སུ སྐྱེ བ ལ པུས༼ གས༽

༤༼ གས༽ གནས ཕན ཅིང དགའ ཙམ གྱིས དགེ བའི རྩ བ གང ལགས༼ གས༽

༥༼ གས༽ སུ སྐྱེ བ ལ། བདག གི གཡུང དྲུང གི བཀའ བསྒྲགས པའི དགེ༼ གས༽

༦༼ གས༽ པ དང་། ཚེལ བྲུམ འཕྲུལ མོ ཙམ པའི སྲུངས པའི དགེ བའི རྩ བ གང༼ གས༽

༧༼ གས༽ ངག གི སྙིང བོ སེམས བསྐྱེད པའི དགེ བའི རྩ བ གང ལག༼ གས༽

༨༼ ཆད༽ ༼༼ ཆད༽ ༼༼ ཆད༽ ༼༼ ཆད༽ ༼༼ ཆད༽ དང༼ ཆད༽ ༼༼ ཆད༽ ༼༼ ཆད༽ ༼ གས༽

4.jpg
5.jpg
 5.jpg
6.jpg
7.jpg
8.jpg
གསུམ་པ།དཔྱད་ཞིབ་ཉུང་བསྡུས།

རྡོ་བརྐོས་ཡི་གེ་འདི་དག་གི་ཐོག་མའི་བྱུང་ཁུངས་ལ་རྩད་ཞིབ་བྱེད་དུས་རྒན་པོ་ལོ་བརྒྱད་ཅུར་སོན་པ་དག་གིས་ཆུང་དུས་སུ་མཐོང་མྱོང་བ་ཁ་ཤས་མ་གཏོགས།ཡི་གེ་རང་ནས་ཟླ་ཚེས་གང་ཡང་མེད་པས་གསལ་འབྱེད་བྱེད་དཀའ།དེར་མ་ཟད་ཐོག་མར་རྡོ་ལ་བརྐོ་མཁན་སུ་ཞིག་ཡིན་པའང་བཀོད་མེད་ཀྱང་།ཡར་སྔོན་བོན་སྐོར་སྡེ་བའི་ཁྲོད་དུ་བོན་པོ་མང་བོ་ཡོད་པས་དེ་མིན་ནམ་སྙམ་པ་དང་།ཡང་ད་ལྟ་བོན་པོ་མང་པོ་ཡོད་པའི་སྟོང་སྐོར་སྡེ་བ་དང་།དེ་མིན་སྔོན་ས་འདིར་བོན་སྔགས་མང་བོ་མཚམས་ལ་བསྡད་མྱོང་བའི་ཤུལ་ད་ལྟའང་ཡོད་པས་དོགས་གཞི་གསུམ་པོ་འདིའི་གཅིག་ཡིན་ངེས་སྙམ།ཡི་གེའི་ཁྱད་ཆོས་ཐད་རྡོ་བརྐོས་ཡི་གེ་ཚང་མར་ཚེག་མེད་པ་ཤ་སྟག་ཏུ་འདུག་ཅིང་།ཡིག་ནོར་ཉུང་བ།བརྡ་རྙིང་གིས་བཅིངས་མེད་པ།ཚིག་སྦྱོར་སྙན་པ་སོགས་ཀྱི་ཁྱད་ཆོས་དང་།ཁ་གྲངས་ཐད་མོ་ཧོའི་རྡོ་བརྐོས་ཡི་གེར་གསལ་ཁ་འབྱེད་མི་ཐུབ་ཀྱང་།རྒྱྣུ་ནུར་གྱི་རྡོ་བརྐོས་ཡི་གེ་བཅུ་བདུན་པ་དེར་བསྔོ་སྨོན་ལྟ་བུ་ཞིག་བྲིས་འདུག་པས།མ་མཐའ་ཡང་རྡོ་ལེབ་ཉི་ཤུ་ཡོད་སྙམ་ཡང་།བྱེ་རྡོས་དབང་གིས་ཡི་གེ་གསལ་བོར་མེད་པ་མ་ཟད། གས་ཆག་ཏུ་སོང་བའང་ཤིན་ཏུ་མང་། སྤྱིར་ན་རྡོ་བརྐོས་ཡི་གེ་འདིར་བོད་དང་ཡང་ན་ས་གནས་ལོ་རྒྱུས་ཀྱི་ཁྱད་ཆོས་མེད་ཀྱང་། ལུང་ཁོག་འདིའི་རིག་གནས་སེམས་ཁམས་ཤིག་དང་ཆོ་ག་ཕྱག་ལེན་སོགས་ཀྱི་ཐད་རིན་ཐང་ཅུང་ལྡན་ངེས་སྙམ་སྟེ་བཀོད་པ་ཡིན་ནོ།། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།