ཁ་བྱང་།སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། གཙོ་ཚུལ་ནས་་་ ip:116.255.137.*
སྤེལ་དུས། 2013-07-16 15:14:52
སྨོན་པའི་ཞིང་མཆོག་ལྷོ་རྒྱལ་འཛམ་གླིང་ཞེས།།
རྒྱལ་བསྟན་ཡིད་བཞིན་དབང་གིས་ཁྱབ་པའི་ས།།
བླ་བྲང་ཐེག་ཆེན་རྟོགས་པ་འབར་བའི་ཞིང་།།
བསྟན་འགྲོར་ཕན་བདེ་རྒྱས་པའི་དཔལ་དུ་རྨད།།
 
སྤེལ་མཁན། ཉིང་བུ་བསྟན་དར་ནས། ip:49.244.116.*
སྤེལ་དུས། 2013-06-22 21:00:19
དཔེ་རྙིང་དེ་རྣམས་གང་ཡིན་ཞིབ་ལྟ་བྱེད་པར་མོས་ཀྱང་པར་གྱི་སྤུས་ཚད་ཞན་པས་ལྟ་ཐུབ་མ་སོང་། སྨོན་རྒྱལ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ།།
 
སྤེལ་མཁན། ཆབ་འགག་པ། ip:110.167.1.*
སྤེལ་དུས། 2013-06-20 08:54:26
ངོ ་མ ་ཡག ་པོ ་འདུག་ སྨན ་རྒྱལ ་བླ་བྲང་ནོར ་འཁྱིལ ་གླིང ངོ ་སྤྲོད་བྱས་བ་ལ ་ཐུགས་རྗེ་ཆེ།
 
སྤེལ་མཁན། མིང་མེད། ip:202.52.230.*
སྤེལ་དུས། 2013-06-19 16:40:04
སྡེ་བཞིའི་དཔལ་གྱིས་ཕྱུག་པའི་ཞིང་ཁམས་དེར། །ལས་བཞིའི་འཕྲིན་ལས་ཐོགས་མེད་བསྒྲུབ་པའི་བཤེས། །སྨོན་རྒྱལ་ཡབ་སྲས་བརྒྱུད་པ་བཅས་པ་ལ། །སྒོ་གསུམ་གུས་པས་ལེགས་གསོལ་མཆོད་སྤྲིན་འབུལ། །དུས་ཀྱི་གཉེན་འཕྲང་སྤུ་གྲིའི་ངར་སོ་ལས། །ཐར་བའི་སྐུ་གསུང་ཐུགས་ཀྱི་སྲོག་ཐག་ཅིག །དུས་རབ་གསར་པའི་དཔལ་དུ་བསུ་མཛད་པོ། །སྨོན་རྒྱལ་སེམས་དཔའ་ཡབ་སྲས་ཚོགས་ལ་བསྟོད། །བསོད་ནམས་གང་གའི་བཞུར་རྒྱུན་མ་ཆད་པར། །ཐུགས་རིག་འོ་མཚོ་བསྲུབས་པའི་ཉེར་ལེན་ལས། །འབྲས་བཟང་སྐུ་གསུང་ཐུགས་རྟེན་མར་དཀར་རིལ། །འགྲོ་བའི་སྐྱེས་སུ་བཏེགས་འདི་སྐལ་པ་བཟང་། །ལོ་ཟླ་མཆོད་པའི་རྔ་སྒྲ་མ་ཆད་ཅིང་། །ཐོས་བསམ་སྒོམ་པའི་སྡེ་ཆེན་མ་ནུབ་པར། །འཕྲིན་སྐྱོང་སྤེལ་བའི་འཕྲིན་ལས་འོད་པོ་ཆེ། །མི་ནུབ་རྒྱལ་མཚན་མཁའ་ལ་བསྒྲེང་འདི་བཟང་། །ཁྱད་པར་འདུས་སྡེ་འཁྲས་སའི་བླ་རྟེན་དུ། །སྒྲུབ་སྡེའི་སྲོལ་ཆེན་འཛིན་པའི་དཔོན་གསས་དང་། །ཉམས་ལེན་སྙིང་དུ་ལེན་པའི་དགེ་སྦྱོར་བས། །སྦྱིན་བཞི་ཆགས་མེད་སྤྱོད་པ་སྨད་དུ་བྱུང་། །ལོག་འདྲེན་བདུད་ཀྱི་ཞགས་པས་ཟིན་པ་དང་། །ཆགས་སྡང་དུག་གིས་མྱོས་པའི་འགྲོ་གང་ལ། །བྱམས་སྙིང་སྦྱིན་པས་དམིགས་མེད་ཞི་དབྱིངས་སུ། །བསྟིམ་པའི་རྣམ་ཐར་སྐྱོངས་ཤིག་དགེ་བར་སྨོན། །དགེ་བའི་བཤེས་གཉེན་གྱི་མིང་ཙམ་འཛིན་པ་བསྟན་འཛིན་སྦྱིན་པ་ནས་སུག་བྲིས་སུ་བྱས།
 
སྤེལ་མཁན། མི་ཚེ་ཁེ་རྐྱང་ནས། ip:27.56.210.*
སྤེལ་དུས། 2013-06-19 14:12:43
གནས་ཚུལ་འདི་ལྟར་འཁོད་སྤྲོད་བྱུང་བར་དགའ་བསུ་ཞུ།
 
སྤེལ་མཁན། ཟིང་བློ་ནས། ip:106.193.111.*
སྤེལ་དུས། 2013-06-18 23:37:23
ཐོག་མ་དགའ་བསུ་ཞུ་བ་དང་སྦྲགས། སྨན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་གི་ལོ་རྒྱུས་འདི་འགོ་ནས་འཇུག་བར་དུ་ཚར་གཅིག་ཀློག་་རྗེས་ཡག་པོ་འདུག་བསམ་པའི་ཚོར་སྣང་ཞིག་ཤར་བྱུང་། ལྷག་དོན་དུ་ཧ་ལས་བ་ཞིག་ལ་ང་དགུའི་ལོ་སོགས་ཀྱི་ཉམ་ཉེས་དུས་བབ་བྱུང་སྐབས། འབྱུང་ལྔ་གང་གི་རུམ་དུ་མ་གཟིམ་པའི་བདེེར་གཤེགས་གསུང་རབས་དེ་བཞུགས་ཡོད་པ་འདི་བོན་བསྟན་དར་བའི་རྟགས་སམ། ཡང་ན་སྤྱི་མཐུན་ལས་བཟང་པོ་ཞིག་རེད་བསམ་པའི་ཡིད་ཆེས་ཟབ་མོ་ཞིག་སྐྱེད་སོང་། ཞོར་དུ་རྩོམ་འགོད་པ་པོ་ལ་ཞུ་རྒྱུ་ཞིག་ནི། སྨོན་གཤེན་གདུང་རབས་ཀུན་གྲོལ་ནམ་མཁའ་དབང་ལྡན་བར་༡༨༨རྩིས་འདུག་
་དེ་འདྲའི་གདུང་རབས་མང་པོ་ངོ་མཚར་ཆེན་པོ་རེད། དེའི་དབུ་ག་བ་ནས་བརྙེས་པ་རེད། དེ་དག་གི་ལོ་རྒྱུས་སམ་ཁུགས་ཞིག་ར་སྤྲོད་གནང་ཞེས་ཞུ་ཡོད། སྤྱིར་བཏང་ས་གནས་དེར་བླ་བྲང་འདི་དབུ་བརྙེས་ནས་མང་པོ་མ་སོང་སྟོབས་དེ་འདྲ་ཞིག་ཞུ་འདོད་བྱུང་ལགས། ཐུགས་ཆེ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།