ཁ་བྱང་།ཆབ་ཤོག་དང་ཉམས་མགུར་གྱི་སྐོར།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། བྱ་འཕུར་ལྷུན་གྲུབ་རྒ ip:64.134.226.*
སྤེལ་དུས། 2013-08-03 06:43:19
མདོ་སྔགས་སེམས་གསུམ་ལྷ་ཡི་ལམ་ཡངས་པོར། །མཁྱེན་རབ་ཉིན་བྱེད་འཁྱུག་པའི་གཟི་བྱིན་གྱིས། །བོན་གྱི་གཙུག་རྒྱན་བོན་བརྒྱ་བླ་མ་ཞེས། །ངེས་དོན་མཁས་དབང་སྙན་པས་ས་གསུམ་སྒུལ། །རེ་སྐོང་རིག་པ་འབྱུང་བའི་གྲོང་ཁྱེར་ལས། །རིག་ལྡན་སྐར་ཚོགས་བཀྲམས་པའི་གུར་ཁྱིམ་དེར། །བདེ་འབྱུང་གཙུག་གི་ནོར་བུའི་བདག་ཉིད་ཅན། །མཁས་དབང་བྱེ་བའི་དབུས་ན་ལྷང་ངེར་འཛུམ། །མགོན་པོ་ཉིད་ཀྱི་མཛད་འཕྲིན་ནོར་བུའི་གདུགས། །བོན་འབངས་བྱེ་བའི་གཙུག་ཏུ་རབ་བརྟན་ཞིང་། ངེས་དོན་རྒྱལ་སར་འཁྲིད་པའི་མན་ངག་རྒྱུན། ཐར་འདོད་སྐྱེ་འགྲོའི་སྙིང་ཁར་རྒྱུན་དུ་ཕོབས། །ཉི་ཟླས་གླིང་བཞིར་བསྐོར་ལྟའི་ལམ་པོ་ང། །ཕྱི་ནང་མཁས་གྲུབ་མང་པོར་མཇལ་ན་ཡང་། །ལུང་རིགས་བོན་སྒྲ་ལྡིར་བའི་རྔ་བོ་ཆེ། །ཁྱེད་ལ་དཔེ་ཟླར་འོས་པ་གཅིག་རེ་ཙམ། །དེས་ན་བླ་མ་མཁྱེན་ནོ་ཐུགས་རྗེས་ཟུངས། །འགྱུར་མེད་ཚེ་ལྷའི་ཁམས་སུ་རྟག་བརྟན་ཏེ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཟད་མེད་ནོར། རིན་ཆེན་གླེགས་བམ་བྲག་རིའི་ཟླ་ལྟར་མཛོད། །འདྲེན་པ་ཉིད་ཀྱི་ཐུགས་རྗེའི་གྲིབ་བསིལ་འོག །ཡུན་རིང་འཚོས་པའི་བསོད་ནམས་བསགས་པ་ཡིས། བཀའ་དྲིན་སྙིང་ལ་འཁྱིལ་བའི་དགའ་བ་ཅན། །བྱ་འཕུར་བླ་མའི་གྲལ་འཛིན་ཞིག་གིས་ཕུལ། །

ཨ་ལགས་ཚང་གི་གསུང་རྩོམ་ཁག་དྲ་དེབ་ཏུ་བཟོ་བསྐྲུན་མཁན་ལ་ཐུགས་རྗེ་ཆེ་ཞུ་ཞུ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།