སྒང་རུ་དར་རྒྱས་དགོན་ཁྱུང་ལྔ་རིག་སློབ་གླིང་གི་ལོ་འཁོར་མཇུག་སྡོམ་དང་ལས་སྣེ་བརྗེ་སྤོར་སྐོར།
[ཟླ་ཚེས། 2026-09-03 09:08:56][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་ཁྱུང་ལྔ་རིག་སློབ་གླིང་གི་ལོ་འཁོར་མཇུག་སྡོམ་དང་ལས་སྣེ་བརྗེ་སྤོར་གྱི་གསར་འགྱུར།

༧སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་གི་དགེ་སློབ་ཡོངས་དང་དགོན་འདིའི་བསྟན་པའི་བདག་པོ་དབྲ་ཁྱུང་མཁན་རིན་པོ་ཆེ་༧དགེ་བཤེས་སྐལ་བཟང་ནོར་བུ་དཔལ་བཟང་པོ་མཆོག་གཙོས་པའི་ཁྲོ་ཁྱུང་བསྟན་འཛིན་རྣམ་དག་མཆོག་དང་། ཤེལ་ཞིག་གཡུང་དྲུང་བསྟན་འཛིན་རྣམ་པ་གསུམ་དབུ་བཞུགས་ཐོག་ཁྱུང་ལྔ་རིག་སློབ་གླིང་གི་སྔ་སྲོལ་བཞིན། སྐབས་བཅུ་གཅིག་པའི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་མཉམ་ཉིད་ལྷ་མོ་ལགས་དང་། ཚོགས་གཙོ་ཤེས་རབ་ལྷ་མཆོག བཤད་གྲྭའི་དགེ་བསྐོས་སྙིང་རྗེ་བྱམས་མ། སྒྲུབ་གྲྭའི་དགེ་བསྐོས་བརྩོན་འགྲུས་བྱམས་མ། ཕྱི་གཉེར་གཙུག་ཕུད་ལྷ་མཚོ། དཀོར་གཉེར་གནས་ལུགས་ཚུལ་འཛིན་སོགས་ཀྱིས་རིམ་བཞིན་ལོ་གཅིག་གི་སྒྲིག་ཁྲིམས་སྐོར་ཇི་བཞིན་བརྗོད་པ་དང་།

བཤད་གྲྭའི་དགེ་བསྐོས་སྙིང་རྗེ་བྱམས་མ་ལགས་ཀྱིས་ལོ་གཅིག་གི་རིང་དུ་སྒྲིག་ཁྲིམས་ཚུལ་བཞིན་དུ་བརྩི་སྲུང་གནང་སྟེ་ཚོགས་དང་འཆད་ར་གང་ཡང་ཆད་མ་མྱོང་བ་དང་། ལོ་གཅིག་གི་རིང་དུ་གཞུང་ཆེན་ཁག་ངག་རྒྱུགས་སུ་ཕུལ་བའི་སློབ་མ་རྣམས་ཀྱི་མཚན་ཐོ་རིམ་བཞིན་བོས་ཏེ། དབྲ་ཁྱུང་མཁན་རིན་པོ་ཆེ་མཆོག་གཙོས་པའི་ཁྲོ་ཁྱུང་བསྟན་འཛིན་དག་རྣམ་དག་མཆོག་དང་། ཤེལ་ཞིག་གཡུང་དྲུང་བསྟན་འཛིན་རྣམ་པ་གསུམ་གྱིས་བྱ་དགའི་ལེགས་སྐྱེས་གནང་པ།

སློབ་མ་ཡོངས་ནས་ཨང་དང་པོའི་བྱ་དགའ་ཐོབ་མཁན།
སློབ་མ་ཡོངས་ནས་ཨང་གཉིས་པའི་བྱ་དགའ་ཐོབ་མཁན།
སློབ་མ་ཡོངས་ནས་ཨང་གསུམ་པའི་བྱ་དགའ་ཐོབ་མཁན།
ལོ་གཅིག་གི་རིང་དུ་ཚོགས་དང་འཆད་ར་གང་ཡང་ཆད་མ་མྱོང་མཁན།
ལོ་གཅིག་གི་རིང་དུ་གཞུང་འགྲེལ་ངག་རྒྱུགས་སུ་ཕུལ་མཁན།

ལས་འཛིན་གསར་རྙིང་རྣམ་པ།
དེ་ནས་ལས་སྣེ་བ་རྣམས་ལ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ནས་མཇུག་ལེགས་པོར་གྲུབ་པར་དབྲ་ཁྱུང་མཁན་རིན་པོ་ཆེ་མཆོག་ནས་བཀའ་དྲིན་ལེགས་གསོལ་དང་བཀྲ་ཤིས་རྟེན་འབྲེལ་གྱི་ཕྱག་མདུད་སོགས་གནང་པ་དང་། མཐར་༧དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་རིན་པོ་ཆེ་མཆོག་ནས་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་གནང་བ་དང་བཅས་༧སྒང་རུ་དར་རྒྱས་དགོན་འདུས་སྤྱི་ནས་སྤེལ།

