འཛམ་གླིང་དཔེ་ཀློག་གི་ཉིན་མོ་ནས་བོན་གྱི་དཔེ་ཚོགས་འདི་གཉིས་ལ་རིན་གོང་ཕབ་གཅོག་གི་བྱ་འགུལ་ཡོད་འདུག

[ཟླ་ཚེས། 2026-04-22 16:13:21][རྩོམ་པ་པོ། གཟེར་མིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  འཛམ་གླིང་དཔེ་ཀློག་གི་ཉིན་མོ་སྤྱི་ཟླ་4པའི་ཚེས་23དང་བསྟུན་ཏེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》དང་《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ཅེས་པའི་དཔེ་ཚོགས་འདི་གཉིས་བོད་ཀྱི་རིག་གཞུང་སྤྱི་ལ་དོན་གཉེར་གནང་མཁན་ཡོངས་ཀྱི་འདོད་བློ་སྐོང་ཆེད། དཔེ་སྐྲུན་གཙོ་སྒྲིག་པ་དང་འགྲེམ་སྤེལ་ལས་འཛིན་པ་རྣམས་གྲོས་འཆམ་བྱུང་བ་བརྒྱུད་ཤུལ་ལྷག་ཚར་གྲངས་རྣམས་སྔོན་གྱི་མ་གོང་ཕྱེད་གཅོག་ལས་ཀྱང་དཔེ་རིན་མར་ཕབ་ནས་འགྲེམ་རྒྱུ་ཡིན་པ་དང་། དེ་རིང་ནས་ཉིན་བདུན་གྱི་རིང་ས་ཐག་ཉེ་རིང་ཀུན་ལ་བསྐུར་གླ་མི་དགོས་པར་བསྐུར་རྒྱུ་ཡིན་པས་གོ་སྐབས་དམ་འཛིན་གནང་རོགས།

《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》(པོད1~22ཡོད། སྤུས་ལེགས་ཡིན)

མ་གོང་སྒོར། 1446.00 ཕབ་གཅོག་སྒོར། 599.00

  དཔེ་ཚོགས་འདིའི་ནང་དོན་གཙོ་བོ་ལ། བོན་གྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེ་བ་ཐུགས་སྟོན་དྲན་པ་ཡབ་སྲས་གསུམ་གྱི་རྣམ་ཐར་དང་། སྤྲུལ་སྐུ་བློ་ལྡན་སྙིང་པོ། རིག་འཛིན་ཀུན་གྲོལ་གྲགས་པ། མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་སོགས་ཀྱིས་མཚོན་པའི་དེབ་བཅུ་གསུམ་དང་། སྨྲ་བའི་དབང་ཕྱུག་ཆེན་མོ་ཀུན་མཁྱེན་ཉི་མ་བསྟན་འཛིན་དང་སྦ་སེར་པཎྜི་ཏའི་གསུང་འབུམ་གྱིས་མཚོན་པའི་གསུང་འབུམ་དེབ་དགུ་བཅས་ད་སྔ་པར་དུ་བཞེངས་མ་མྱོང་བའི་དཔེ་དཀོན་གྱི་རིགས་སྤུས་ལེགས་དེབ་ཉེར་གཉིས་ཀྱིས་གྲུབ་ཡོད།

《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》(པོད1~12ཡོད། སྤུས་ལེགས་ཡིན)

མ་གོང་སྒོར། 877.00  ཕབ་གཅོག་སྒོར། 399.00

  དཔེ་ཚོགས་འདིའི་ནང་དོན་གཙོ་བོ་ལ། འཕྲུལ་ཡིག་བྱེད་པོ་སྟོན་པ་གཤེན་རབ་གཙོས་བོན་བསྟན་སྔ་དར་དང་ཕྱི་དར། ཡང་དར་བཅས་མཁས་པ་བྱོན་རིམ་གྱི་སྙན་བརྒྱུད་དང་གཏེར་མ། དགོངས་རྩོམ་དུ་སོང་བའི་བོད་ཀྱི་ཡི་གེ་བྱུང་ཚུལ་གྱི་སྐོར་དང་། དག་ཡིག་བརྡ་སྤྲོད། སྙན་ངག་མངོན་བརྗོད། སྔགས་ཀྱི་བཀླག་ཐབས། ཞང་བོད་སྒྲ་བསྡེབས། སྐད་གཉིས་ཤན་སྦྱར་གྱི་སྐོར་བཅས་ཁྱོན་བསྡོམས་པོད་བཅུ་གཉིས་ཀྱིས་གྲུབ་པའི་སྤུས་ལེགས་མའི་དཔེ་ཚོགས་ཤིག་ཡིན།

  ———————————————————

  དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

  འགྲེམ་སྤེལ། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས།

  བྱ་འགུལ་དུས་ཚོད། ཉིན་བདུན་གྱི་རིང་། (2026.4.23~2026.4.30)

  འབྲེལ་ཡུལ། གཟེར་མིག 15609739205 & 13322563111

  ———————————————————

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།