ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར་

[ཟླ་ཚེས། 2023-10-20 10:24:30][རྩོམ་པ་པོ། ][རྩོམ་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།][ཀློག་གྲངས། ]

ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།
    ཟླ་10ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། 《སྒོ་དབྱེ་བསྟུན་མཁས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་སྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།
ཟླ་10ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། 《སྒོ་དབྱེ་བསྟུན་མཁས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་སྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། འདི་ནི་ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ལ་ཞུགས་མཁན་ཕྱིའི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་ཁྲིད། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་རྒྱལ་སྤྱིའི་སྐུ་མགྲོན་དང་ལྷན་ཞུགས་སྐུ་པར་བསྐྱོན་བཞིན་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། 《སྒོ་དབྱེ་བསྟུན་མཁས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་སྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་མཉམ་སྐྲུན་བྱ་སྤྱོད་ཁག་བརྒྱད་ལ་ཀྲུང་གོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཞིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། འབྲས་ལྡན་དུས་སུ་ནམ་མཁའ་གཡའ་དག་ཅིང་རླུང་བུ་སིལ་སིལ་དུ་ལྡང་ལ་ཉི་འོད་རབ་ཏུ་འཚེར། གནམ་བདེ་སྒོ་མོའི་ཐང་ཆེན་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་ཞིང་ཕན་ཚུན་གཅིག་ལ་གཅིག་བརྒྱན་དུ་གནས། མཐོ་རིམ་གླེང་སྟེགས་ལ་ཞུགས་མཁན་ཕྱིའི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་ཁྲིད། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་རྒྱལ་སྤྱིའི་སྐུ་མགྲོན་གཅིག་མཇུག་གཉིས་མཐུད་ངང་ཕེབས་འབྱོར་ཟིན་པ་དང་། མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཚོམས་ཆེན་གྱི་གཞོགས་གཉིས་ཀྱི་བརྙན་ངོས་སུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ལོ་བཅུ་འཁོར་རིང་གི་གཡུར་ཟའི་གྲུབ་འབྲས་སྟོན་བཞིན་ཡོད།
   ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་དང་ལྷན་དུ་སྐུ་པར་བསྐྱོན་པ་རེད།《ཞི་བདེ། ལས་དབང་གཅིག་མཐུན་འདུས་གྲུབ》ཀྱི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་ཕྱི་རྒྱལ་གྱི་འགོ་ཁྲིད་དང་ལྷན་དུ་ཚོགས་རར་ཕེབས་པ་དང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
   ཀྲུའུ་ཞི་ཞི་ཅིན་ཕིང་གིས《སྒོ་དབྱེ་བསྟུན་མཁས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་སྐྲུན་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་10འཁོར་བའི་ལོ་ཞིག་རེད། གྲོས་འགོ་འདི་བཏོན་པའི་ཐོག་མའི་བསམ་འདུན་ནི་གནའ་བོའི་དར་གོས་ལམ་བུ་དཔྱད་གཞིར་འཛིན་པ་དང་མཉམ་སྦྲེལ་མཉམ་མཐུད་གཙོ་རྐང་དུ་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་སྲིད་ཇུས་འབྲེལ་མཐུད་དང་། སྒྲིག་བཀོད་འབྲེལ་མཐུད། ཚོང་དོན་ཤར་བགྲོད། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ནུས་གསར་པ་བསྣན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བར་མཐོངས་གསར་པ་བཏོད་པ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལ་ལས་སྟེགས་གསར་པ་བཏོད་ཡོད།
   ལོ་10ཡི་རིང་། ང་ཚོས་ཐོག་མའི་བསམ་འདུན་བརྟན་པོ་སྲུང་བ་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མེད་པ་ནས་ཡོད་པའི་བར་དང་། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་བརྒྱུད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་དེ་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་ནས་ཨ་ཧྥེ་རི་ཁ་དང་ལ་ཏིང་མེ་གླིང་བར་ཁྱབ་ཅིང་། རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་30ལྷག་ཙམ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ནས་ཆེད་ལས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ལས་སྟེགས་20ལྷག་ཙམ་བཙུགས་པ་དང་། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དང་དམངས་འཚོར་ཕན་པའི“ཆུང་ཡང་དོན་སྙིང་ལྡན་པའི”རྣམ་གྲངས་འབོར་ཆེན་དོན་འཁྱོལ་བྱས་པ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་དང་། སྒོ་དབྱེ་ལྗང་མདོག་སྤྱོད་གཙང་། སྤུས་ཚད་མཐོ་པོས་ཚད་གཞི་མཐོ་ལ་དམངས་འཚོར་ཕན་འདོགས་པ་དང་རྒྱུན་མཐུད་ཆོག་པ་བཅས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛུབ་ཁྲིད་ཀྱི་རྩ་དོན་གལ་ཆེན་ཞིག་ལ་གྱུར་ཡོད། ལོ་10ཡི་རིང་ང་ཚོས་དཔལ་འབྱོར་བར་ཁྱམས་སྐྲུན་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། བགྲོད་ལམ་ཆེན་པོ་དང་ཆ་འཕྲིན་མྱུར་ལམ་སྒྲོམ་གཞིར་བྱེད་པ། ལྕགས་ལམ་དང་། གཞུང་ལམ། གནམ་ཐང་། གྲུ་ཁ། སྦུག་དྲ་གཞི་རྟེན་དུ་བྱེད་པ་བཅས་ཀྱི་སྐམ་ས་དང་། མཚོ་ཐོག མཁའ་ཐོག དྲ་རྒྱ་བཅས་ཚུད་པའི་གོ་ལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་བསྐྲུན་རྒྱུར་གཞོལ་བས་རྒྱལ་ཁབ་ཁག་གི་ཚོང་ཟོག་དང་། མ་དངུལ། ལག་རྩལ། མི་སྣ་བཅས་ཀྱི་འཁོར་རྒྱུག་ཆེན་པོར་སྐུལ་འདེད་ནུས་ལྡན་ཐེབས་པ་དང་དུས་རབས་གསར་པར་ལོ་ངོ་སྟོང་གི་གནའ་བོའི་དར་གོས་ལམ་བུར་གསོན་ཤུགས་གསར་པ་རྒྱས་པར་སྐུལ་འདེད་ཐེབས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ་ཤེས་དཔལ་དང་། རིག་གནས། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་དུས་མཚམས་བཅས་མི་འདྲ་བའི་ཧེ་བག་ལས་བསྒྲལ་ཏེ་རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་པའི་ཐབས་ལམ་གསར་པ་བཏོད་པ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྒྲོམ་གཞི་གསར་པ་བཙུགས་ནས་མིའི་རིགས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་མཐུན་ཆ་ཆེ་ཤོས་གཅིག་ཏུ་བསྡུས་ཡོད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདས་ཟིན་པའི་ལོ་10ཡི་རིང་ཐོབ་པའི་གྲུབ་འབྲས་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་པས་དེའི་ཉམས་མྱོང་ཕྱོགས་སྡོམ་བྱེད་རིན་ཡོད། མིའི་རིགས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་། འཛམ་གླིང་ཡག་པོ་བྱུང་ན་གཞི་ནས་ཀྲུང་གོ་ཡག་པོ་ཡོང་ཐུབ་པ་དང་། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་དེ་བས་ཡག་པོ་ཡོང་ཐུབ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་བརྒྱུད། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་བ་དང་བསྟུན་ནས་ཀྲུང་གོའི་ཁྲོམ་ར་དང་འཛམ་གླིང་ཁྲོམ་རའི་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བཞིན་ཡོད། མཉམ་ལས་གཉིས་ཕན་བྱས་ན་གཞི་ནས་བྱ་བ་སྒྲུབ་ཐུབ་པ་དང་། བྱ་བ་ཡག་པོ་སྒྲུབ་ཐུབ་པ། བྱ་བ་ཆེན་པོ་སྒྲུབ་ཐུབ་པ་བཅས་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་། རྒྱལ་ཁབ་ཁག་ལ་མཉམ་ལས་བྱེད་པའི་འདུན་པ་དང་མཐུན་སྦྱོར་བྱེད་པའི་བྱ་སྤྱོད་ཡོད་གྱུར་ན་རང་བྱུང་འོབས་ཆེན་བདེ་བགྲོད་ལམ་བུར་འགྱུར་ཐུབ་པ་དང་། “སྐམ་སྡོམ་རྒྱལ་ཁབ”དེ“སྐམ་འབྲེལ་རྒྱལ་ཁབ”ལ་འགྱུར་ཐུབ་པ། འཕེལ་རྒྱས་ཀྱི་གཤོང་ས་དར་རྒྱས་ཀྱི་མཐོ་སར་འགྱུར་ཐུབ། ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རིང་གལ་ཆེར་འཛིན་པ་ནི་མི་མང་ན་སྟོབས་ཤུགས་ཆེ་བ་དང་ཕར་རོགས་ཚུར་རོགས་བྱས་ན་ཐག་རིང་སྐྱོད་ཐུབ་པ་དེ་ཡིན་པ་དང་། གོང་དུ་བཀུར་བ་ནི་རང་ཉིད་ཡག་པོ་ཡོང་བ་དང་གཞན་ཡང་ཡག་པོ་ཡོང་བ་བྱེད་པ་དེ་ཡིན་པ། ལག་བསྟར་བྱེད་པ་ནི་མཉམ་སྦྲེལ་མཉམ་མཐུད་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་པ། དོན་གཉེར་བྱེད་པ་ནི་ཐུན་མོང་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ཡོང་བ་བྱེད་པ་བཅས་རེད། འདུ་ཤེས་འཛིན་སྟངས་ཐད་ཁ་གཏད་དུ་མི་ལང་བ་དང་ས་འབྲེལ་ཆབ་སྲིད་ཐད་འགྲན་རྩོད་མི་བྱེད་ལ། ཚོགས་པའི་ཆབ་སྲིད་ཀྱི་འགྲན་རྒོལ་ཡང་མི་བྱེད་པར་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ་དང་། དཔལ་འབྱོར་གྱི་བཙན་སྐུལ་ལ་ངོ་རྒོལ། “འབྲེལ་ཐག་གཅོད་པར”ངོ་རྒོལ་བཅས་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་གནས་པ་དེ་དུས་རབས་ཡར་ཐོན་གྱི་གཏན་ཚིགས་དང་མཐུན་ཡོད་ལ། བསྐྱོད་པ་ནི་མི་ཡུལ་གྱི་ཡང་དག་འགྲོ་ལམ་ཞིག་ཡིན་པ་ལོ་10ཡི་ལོ་རྒྱུས་ཀྱི་ལམ་བུ་ལས་ར་འཕྲོད་ཐུབ་ཡོད། ང་ཚོར་དཀའ་ངལ་སྣ་ཚོགས་འཕྲད་ཀྱང་སྔར་བཞིན་བབ་བརླིང་ལྡན་པའི་ངེས་ཤུགས་ལྡན་པར་བྱས་ཏེ། ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་བཅག་སྟེ་ཕ་ཚ་བུ་རྒྱུད་ལ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་དོན་གཉེར་བྱེད་པ་ནི་ཀྲུང་གོ་གཅིག་པུའི་རང་སྲུང་གཙོ་བཞག་གི་དེང་རབས་ཅན་མིན་པར། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་དེང་རབས་ཅན་མངོན་འགྱུར་ཐུབ་པའི་རེ་སྒུག་བྱེད་པ་དེ་ཡིན། འཛམ་གླིང་གི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་དེང་རབས་ཅན་དང་། གཉིས་ཕན་མཉམ་ལས་ཀྱི་དེང་རབས་ཅན། ཐུན་མོང་དར་རྒྱས་ཀྱི་དེང་རབས་ཅན་བཅས་ཡིན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད།
   ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་མཉམ་སྐྲུན་ལ་ཀྲུང་གོས་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་བ་སྟེ།
   གཅིག “རྒྱུད་གཅིག་ལམ་གཅིག”གི་ཕྱོགས་བསྡུས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་བསྐྲུན་རྒྱུ་དེ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ལི་མཚོ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་འཛུགས་སྐྲུན་ནང་ཞུགས་པ། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཡག་པོ་གཉེར་བ་བཅས་བྱས་ནས། ཕྱོགས་ཁག་དང་མཉམ་དུ་ལྕགས་ལམ་དང་གཞུང་ལམ་གྱི་ཐད་གཏོང་སྐྱེལ་འདྲེན་གྱིས་འདེགས་སྐྱོར་བྱས་པའི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཟོག་འགྲེམས་བགྲོད་ལམ་གསར་པ་གཏོད་རྒྱུ་ཡིན།“དར་གོས་ལམ་བུའི་མཚོ་ཐོག་སྐྱེལ་འདྲེན”གྱི་གྲུ་ཁ་དང་མཚོ་ཐོག་ཚོང་དོན་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པ་དང་མཁའ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན།
   གཉིས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དེ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”གྱི་མཉམ་ལས་སྔོན་སྤེལ་ཁུལ་བཏོད་དེ་རྒྱལ་ཁབ་དེ་བས་མང་པོ་དང་མཉམ་དུ་རང་མོས་ཚོང་དོན་ཆོད་ཡིག་དང་མ་འཇོག་སྲུང་སྐྱོང་ཆོད་ཡིག་ལ་མིང་རྟགས་འགོད་རྒྱུ་ཡིན། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཆོག་འཐུས་ཚོད་འཛིན་བྱེད་ཐབས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ་ཡིན། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་བསྡུར་བ་དང་། རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་དང་མ་འཇོག་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ། གྲངས་འཛིན་ཐོན་རྫས་སོགས་ཁྲོམ་རར་འཇུག་འཐུས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་གཞུང་ཁོངས་ཁེ་ལས་དང་། གྲངས་འཛིན་དཔལ་འབྱོར། ཤེས་བྱའི་བདག་དབང་། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྟར“གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས”གཉེར་རྒྱུ་ཡིན།
   གསུམ། དངོས་སྒྲུབ་མཉམ་ལས་བྱེད་པ་དེ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་དང“ཆུང་ཡང་དོན་སྙིང་ལྡན་པའི”དམངས་འཚོའི་རྣམ་གྲངས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱི་མ་དངུལ་བསྡུ་སྒྲིལ་སྐར་ཁུང་འཛུགས་པ་དང་དར་གོས་ལམ་བུའི་ཐེབས་རྩའི་མ་དངུལ་མང་དུ་བཏང་སྟེ། ཁྲོམ་ར་ཅན་དང་ཚོང་ལས་ཅན་གྱི་རྣམ་པའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ད་དུང་ཀྲུང་གོ་ཕྱོགས་ཀྱིས་དམངས་འཚོའི་རོགས་སྐྱོར་རྣམ་གྲངས་ཆུང་གྲས་ཁག་1000ལག་ལེན་བསྟར་ནས་ལུའུ་པན་བཟོ་ཁང་སོགས་བརྒྱུད་ཀྲུང་ཕྱིའི་ལས་རིགས་སློབ་གསོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འབྲེལ། ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་དང་མི་སྣའི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།
   བཞི། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ལྗང་མདོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ལྗང་མདོག་ནུས་རྒྱུ། ལྗང་མདོག་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་བྱེད་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་གསར་གཏོད་ཚོགས་ཆེན་མུ་མཐུད་འཚོག་པ། འོད་ཤུགས་ཐོན་ལས་ཀྱི་གླེང་མོལ་སྤེལ་རེས་ལམ་སྲོལ་དང་ལྗང་མདོག་ཐཱན་ཉུང་གི་རིགས་གཅིག་མཁས་ཅན་གྱི་དྲ་རྒྱ་བསྐྲུན་པ་བཅས་བྱེད་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་མ་འཇོག་གི་རྩ་དོན་དོན་འཁྱོལ་བྱས་ཏེ་2030ལོར་སླེབས་སྐབས་རོགས་ཟླའི་རྒྱལ་ཁབ་ཀྱི་མི་ཐེངས་ཁྲི་10ལ་གསོ་སྦྱོང་བྱ་རྒྱུ་ཡིན།
   ལྔ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དེ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་གསར་གཏོད་བྱ་སྤྱོད་ཀྱི་འཆར་གཞི་མུ་མཐུད་ལག་ལེན་བསྟར་ནས“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་སྤེལ་རེས་ཚོགས་ཆེན་སྐབས་དང་པོ་འཚོག་པ་དང་། འབྱུང་འགྱུར་ལོ་5ཡི་ནང་ཕྱོགས་ཁག་དང་མཉམ་དུ་སྐྲུན་པའི་མཉམ་འབྲེལ་ཚོད་ལྟ་ཁང་100བར་མང་དུ་བཏང་སྟེ་རྒྱལ་ཁབ་ཁག་གི་གཞོན་ནུ་ཚན་རིག་མཁས་ཅན་ཀྲུང་གོར་དུས་ཐུང་ལས་ཀ་བྱེད་པར་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྐབས་འདིའི་གླེང་སྟེགས་ཐོག་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ་བཏོན་ནས་རྒྱལ་ཁབ་ཁག་དང་མཉམ་དུ་སྤེལ་རེས་དང་གླེང་མོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་སྐྱོན་བྲལ་དང་། གོ་རིམ་ལྡན་པ། བདེ་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
   དྲུག །དམངས་ཁྲོད་ཀྱི་འགྲོ་འོང་ལ་རྒྱབ་སྐྱོར་བྱེད་པ་དེ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས“ལེང་ཀྲུའུ་གླེང་སྟེགས”གཉེར་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་མཉམ་དུ་ཤེས་དཔལ་སྤེལ་རེས་གཏིང་ཟབ་བྱེད་རྒྱུ་ཡིན། དར་གོས་ལམ་བུའི་རྒྱལ་སྤྱིའི་ཟློས་གར་ཁང་དང་། སྒྱུ་རྩལ་དུས་ཆེན། རྟེན་མཛོད་ཁང་། མཛེས་རྩལ་ཁང་། དཔེ་མཛོད་ཁང་བཅས་ཀྱི་མནའ་འབྲེལ་བཙུགས་པའི་རྨང་གཞིའི་ཐོག་དར་གོས་ལམ་བུའི་ཡུལ་སྐོར་གྲོང་ཁྱེར་གྱི་མནའ་འབྲེལ་བཙུགས་ཡོད། “དར་གོས་ལམ་བུའི”ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་རྣམ་གྲངས་མུ་མཐུད་ལག་ལེན་བསྟར་རྒྱུ་ཡིན།
   བདུན། སྤྱོད་གཙང་གི་ལམ་བུ་སྐྲུན་པ་དེ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་ལས་རོགས་ཟླ་དང་མཉམ་དུ《“རྒྱུད་གཅིག་ལམ་གཅིག”གི་སྤྱོད་གཙང་འཛུགས་སྐྱོང་གི་གྲུབ་འབྲས་དང་རྒྱང་ལྟ》ཁྱབ་བསྒྲགས་བྱེད་པ་དང་། 《“རྒྱུད་གཅིག་ལམ་གཅིག”གི་སྤྱོད་གཙང་འཛུགས་སྐྱོང་གི་མཐོ་རིམ་རྩ་དོན》འདོན་པ། “རྒྱུད་གཅིག་ལམ་གཅིག”གི་ཁེ་ལས་ཀྱི་སྤྱོད་གཙང་སྒྲིག་མཐུན་གྱི་གདེང་འཇོག་མ་ལག་སྐྲུན་པ་བཅས་བྱས་ཏེ་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྤྱོད་གཙང་ལ་ཞིབ་འཇུག་དང་གསོ་སྦྱོང་བྱ་རྒྱུ་ཡིན།
   བརྒྱད། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དེ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཁག་དང་མཉམ་དུ་ནུས་རྒྱུ་དང་། ཁྲལ་འབབ། དངུལ་རྩ། ལྗང་མདོག་འཕེལ་རྒྱས། གནོད་འཚེ་ཉུང་གཏོང་། རུལ་སུངས་ལ་ངོ་རྒོལ། ཇུས་འདོན་ཚོགས་པ། སྨྱན་སྦྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་མུ་མཐུད་གཉེར་བ་དང་འབྲེལ། མཐོ་རིམ་གླེང་སྟེགས་ཀྱི་དྲུང་ཡིག་ཁྲུའུ་འཛུགས་རྒྱུ་ཡིན།
   མཇུག་ཏུ་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་ཀྲུང་གོས་བཏོན་པ་དང་། གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ལ་དབང་ཡོད། ང་ཚོས་མི་དམངས་ཀྱི་རེ་སྒུག་བློ་ལ་བརྟན་པོར་ངེས་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་དུས་རབས་ཀྱི་འཕར་རྩར་སྟངས་འཛིན་བྱེད་པ་དང་། སྔ་འཛིན་ཕྱི་གཏོད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་དང་ཆུ་ཚད་དེ་བས་མཐོ་བའི་འཕེལ་རྒྱས་གསར་པ་བསུ་བ། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ལ་སྐུལ་འདེད་གཏོང་བ། སྒོ་དབྱེ་བསྟུན་མཁས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་ཀྱི་འཛམ་གླིང་ཞིག་སྐྲུན་པ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
   ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་དང་། ཆི་ལིའི་ཙུང་ཐུང་པོ་ལི་ཆི། ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་སུའུ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ། ཁེན་ནི་ཡའི་ཙུང་ཐུང་ལུ་ཐོ། ལོ་སིའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རེ་ལེ་སུའུ་ཧོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། སར་པི་ཡའི་ཙུང་ཐུང་ཝུའུ་ཆེ་ཆི། སི་རི་ལན་ཁའི་ཙུང་ཐུང་ཝུའེ་ཁེ་ལཱ་མཱ་ཤིན་ཧ། ཏུར་མེར་སི་ཐན་མི་རིགས་ཀྱི་གཙོ་འཛིན་དང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མེ་ཏོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཆི་གཡོད་ཡེ་ཧྥུའུ། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ། ཨེ་ཅིབ་ཀྱི་ཙུང་ལི་མ་ཏེ་པུའུ་ལེ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། ཧང་ག་རིའི་ཙུང་ལི་ཨོར་པན། མོ་ཙམ་པི་ཁེའི་ཙུང་ལི་མ་ལའེ་ཨ་ནེ། ཕ་ཁི་སི་ཐན་གྱི་ཙུང་ལི་ཁཱ་ཁཱར། ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་མཱ་ལཱ་ཕེ། ཐེ་ལན་གྱི་ཙུང་ལི་སའེ་ཐ། ནི་ཀྲེ་རི་ཡའི་ཙུང་ཐུང་གཞོན་པ་ཤེ་ཏེ་མཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དམིགས་བསལ་སྐུ་ཚབ་དང་ཧ་དབྱེ་མ་ཅུའོ་ཚོ་དཔོན་རྒྱལ་ཁབ་ཀྱི་ཚོ་དཔོན་གཱ་ཤིས་སྨི། ཧྥ་རན་སེའི་ཙུང་ཐུང་གི་དམིགས་བསལ་སྐུ་ཚབ་དང་ཙུང་ལི་ཟུར་པ་ལཱ་ཧྥ་ལན། ཀེ་རི་སེའི་ཙུང་ལིའི་མཐོ་རིམ་སྐུ་ཚབ་དང་འཕེལ་རྒྱས་པུའི་པུའུ་ཀྲང་སི་ཁེ་ལེ་ཁཱ་སི་སོགས་རྒྱལ་ཁབ་20ལྷག་ཙམ་གྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། མཐོ་རིམ་སྐུ་ཚབ་བཅས་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ལོ་སེ་ཧྥུའུ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།