སྒང་རུ་དར་རྒྱས་དགོན་གྱི་གནས་གསར།

[ཟླ་ཚེས། 2023-08-15 17:57:24][རྩོམ་པ་པོ། སྒང་རུ་དར་རྒྱས་དགོན་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །སྒང་རུ་དར་རྒྱས་དགོན་ཁྱུང་ལྔ་རིག་སློབ་གླིང་གི་སྐབས་དང་པོའི་དགེ་བཤེས་མཛད་སྒོ།
   སྤྱི་ལོ་༢༠༡༢ལོར་སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་དགོན་པའི་དབུ་བླ་དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་རིན་པོ་ཆེ་མཆོག་དང་།  ཁྱུང་པོ་བླ་མ་བསྟན་འཛིན་རྣམ་དག་རིན་པོ་ཆེ། ཤེལ་ཞིག་བླ་མ་གཡུང་དྲུང་བསྟན་འཛིན་རིན་པོ་ཆེ་རྣམ་གསུམ་གྱིས་༼ཁྱུང་ལྔ་རིག་སློབ་གླིང་༽ཞེས་པའི་ཞང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ནང་དོན་རིག་པ་གཙོར་བྱས་པའི་གནས་ལྔ་རིག་པའི་གཞུང་མི་ཉམས་གོང་འཕེལ་ཆེད་དུ། བཙུན་མའི་སྡེ་ལ་བཤད་སྒྲུབ་གཉིས་ཀྱི་སྡེ་ཚོགས་དབུ་་འཛུགས་གནང་བ་དང་།  རིམ་བཞིན་དགེ་བཤེས་ཚུལ་ཁྲིམས་ལེགས་ལྡན་རྒྱལ་བ་རིན་པོ་ཆེ་དགོན་འདིའི་སྒྲུབ་གྲྭའི་མཁན་པོར་མངའ་གསོལ་མཛད་ནས་༢༠༢༣བར་དུ་སྒྲུབ་གྲྭ་ཐེངས་བཞི་གཏོང་བ་དང་།  གཤེན་གྱི་རྣལ་འབྱོར་དགུ་བཅུ་ལྷག་ཙམ་ཞིག་གིས་ཨ་སྙན་རྫོགས་གསུམ་སྒྲུབ་གྲྭར་མཐར་ཕྱིན།།   དེ་བཞིན་དུ་དགེ་བཤེས་སྐལ་བཟང་འཕྲིན་ལས་བཤད་གྲྭའི་མཁན་པོར་མངའ་གསོལ་བ་དང་།  བཤད་གྲྭ་ཚོས་ནང་དོན་རིག་པ་གཞུང་ལུགས།  ཀུན་མཁྱེན་སྡུས་གྲྭ་གཙོས་པའི་འཕྲུལ་སྒྲོན་རྣམ་ལྔ་དང་། གབ་མཛོད་ས་གསུམ་སོགས་གཞུང་ཆེན་ཁག་ལ་བློ་རྩེ་གཅིག་སྒྲིལ་སྦྱོང་བ་གནད་ལ་སྨིན་པར་གནང་ནས། ༢༠༢༢ལོའི་མཉམ་མེད་དུས་ཆེན་སྐབས་སུ་རྫོགས་ཆེན་འཛིན་གྲྭ་མི་བཅུ་ལ་མཁན་པོས་བཀའ་རམ་པའི་མཚན་བཏགས་གནང་བ་མ་ཟད།
   ༢༠༢༣་ལོར་དགོན་འདིའི་མཁན་རིན་པོ་ཆེ་དབྲ་ཁྱུང་སྐལ་བཟང་ནོར་བུའི་མདུན་ནས་དྲང་སྲོང་གི་སྡོམ་པ་བཞེས་ཤིང་། ༢༠༢༣ཟླ་༧ཚེས་༢༣ཉིན། དངོས་སུ་དགེ་བའི་བཤེས་གཤེན་ཆེན་མོའི་འགོ་འཛུག་གནང་བ་དང་། བཤད་པ་དང་དམ་བཅའ་སོགས་ལེགས་པར་གྲུབ་སྟེ།
  ༢༠༢༣/༧/༣༠ཉིན། བཀའ་རམས་པ་རྣམས་ཀྱིས་བཀྲ་ཤིས་ཚིག་བཀྲ་དང་། དགེ་བཤེས་ཀྱི་མཚན་རྟགས། ཁྲི་འདོན་མཛད་སྒོ་བཅས་མཇུག་གྲུབ་པར་གནང་།།   
   ༢༠༢༣/༧/༣༡ཉིན་ཐེངས་བཞི་པའི་སྒྲུབ་ཐོན་མཛད་སྒོ་སྤེལ་ནས་གཤེན་གྱི་རྣམ་འབྱོར་མ་བཅུ་གསུམ་གྱིས་སྒྲུབ་གྲྭ་མཐར་ཕྱིན་པ་སོགས་ཀྱི་གནས་བསྡུས་སུ།    
སྒང་རུ་དར་རྒྱས་དགོན་འདུས་སྤྱི་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།