སྤྱི་ལོ༢༠༢༣ལོའི་དབྱར་དུས་ཀྱི་རྩོད་རྒྱུགས་ཆེན་མོ།

[ཟླ་ཚེས། 2023-06-27 17:39:41][རྩོམ་པ་པོ། རྒྱ་ཤོད་དགེ་བཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྣང་ཞིག་ཆེན་པོ ༧ རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་དཔལ་བཟང་པོ་མཆོག །

༧ དེ་ཡང་དུས་གསུམ་རྒྱལ་བའི་མཁྱེན་པའི་ཡེ་ཤེས་མངའ་བ་མ་ལུས་འགྲོ་ལ་སྙིང་རྗེས་ཆེས་ཆེར་དགོངས་པ། འཕགས་ཆེན་རྒྱལ་སྲས་དམ་པའི་ཚུལ་བཟུང་བ་ཆེན་པོ་བསྟན་འགྲོའི་དཔལ་ཤར་སྣང་སྟོན་གཡུང་དྲུང་བློ་གྲོས་ཐོགས་མེད་རིན་པོ་ཆེ་དང་།  སྣང་ཞིག་དགོན་གྱི་ཚོགས་འདུ་ལས་སྣེ་རྣམས། འཆད་རྩོད་རྩོམ་གསུམ་གྱི་བློ་གྲོས་མཁའ་ལྟར་ཡངས་ཤིང་བསླབ་པ་གསུམ་གྱི་རྒྱུད་ཡོངས་སུ་ཕྱུག་པའི་དགེ་རྒན་རྣམ་པ་དང་། བསླབ་པ་བགྲེས་པའི་བླ་རྒན་གྲྭ་རྒན་རྣམས་ཕེབས་བཞུགས་ཐོག་ཉིན་གཉིས་པའི་རྩོད་རྒྱུགས་ཆེན་མོ་ཟླ ༦ པའི་ཚེས ༢༥ ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་བརྩོན་འགྲུས་ཀྱི་སྐུལ་ལྕག་བཙན་ཞིང་ཤེས་རབ་ཀྱི་སྒྲོན་མེ་གསལ་བའི་གཡུང་དྲུང་བསྟན་པའི་སོན་རྩ་བསྟན་འཛིན་སློབ་བུའི་ཚོགས་རྣམས་དཀྱུས་གཅིག་ཏུ་རྒྱུགས་རར་ཕེབས་ནས་རྗེ་སྨན་རི་བ་དང་ཤེས་རབ་སྨྲ་བའི་སེང་གེའི་གསོལ་འདེབས་སོགས་རིམ་པ་ལྟར་གསུངས་ནས་གསོལ་ཇ་བཞེས།  ཆུ་ཚོད་བརྒྱད་ཀྱི་ཐོག་རྩོད་རྒྱུགས་ལ་དངོས་སུ་ཞུགས་ནས་ཉིན་དང་པོའི་འཕྲོ་མཐུད་དོ།།

ས་གསུམ་འགྲན་བྲལ་མཉམ་མེད་བླ་མ་ཡི།།
རྨད་བྱུང་ལེགས་བཤད་བརྒྱུད་འཛིན་མཆོག་རྣམས་ཀྱི།།
མདོ་རྒྱུད་ཀུན་ཀྱི་སྙིང་པོ་བཤད་སྒྲུབ་བསྟན།།
ནུབ་མེད་སྲིད་མཐར་གནས་པའི་དོན་གཡང་སྩོལ།།

རྩོད་རྒྱུགས་ཆེན་མོའི་དུས་ཚོད་རེའུ་མིག

གངས་རིའི་མུ་ཁྱུད་ཟླུམ་པོར་འཁྱིལ་བའི་ལྗོངས།།
བཤད་སྒྲུབ་གཞུང་ལུགས་ཆུ་ཀླུང་འབུམ་འཁྱིལ་བར།།
མཁས་གྲུབ་གདེངས་ཅན་ཚོགས་ཀྱིས་རྟགས་རོལ་བའི།།
ལེགས་བཤད་བདུད་རྩིའི་བཅུད་བསྡུས་ཕྱྭ་གཡང་སྩོལ།།

སྡེ་སྣོད་འཛིན་པའི་སྐྱེས་མཆོག་ཙན་དན་ལྗོན།།
འཆད་རྩོད་རྩོམ་པའི་དྲི་ཞིམ་ཡལ་འདབ་རྒྱས།།
ཐོས་བསམ་སྒོམ་རྟོགས་མཆོག་གི་ལོ་འབྲས་སྨིན།།
གྱེར་བསྟན་ཕྱོགས་བཅུར་འཛིན་སྐྱོང་སྤེལ་གཡང་སྩོལ།།

སློབ་གཙོ་ཆེན་མོ་ནས་འཛིན་གྲྭ་ཁག་གི་བྱ་དགའ་ཐོབ་པའི་ཨང་རིམ་སྒྲོགས་སྦྱང་གནང་བ།

རྩོད་རྒྱུགས་ཆེན་མོའི་ཁྲོད་ཨང་དང་པོ་ཐོབ་མཁན་གྱི་འཛིན་གྲྭ
   ༼ མཛོད་གོང་མ། ༽

རྩོད་རྒྱུགས་ཆེན་མོའི་ཁྲོད་ཨང་གཉིས་པ་ཐོབ་མཁན་གྱི་འཛིན་གྲྭ
   ༼ རྫོགས་ཆེན་འོག་མ། ༽

རྩོད་རྒྱུགས་ཆེན་མོའི་ཁྲོད་ཨང་གསུམ་པ་ཐོབ་མཁན་གྱི་འཛིན་གྲྭ
༼ གསང་སྔགས་གོང་མ། ༽
མཐར་སྐྱབས་མཆོག་ཆུ་གཏེར་དབང་པོ་ལ། སྒོ་གསུམ་གུས་འདུད་མེ་ཏོག་འཐོར། རྒྱལ་གསུང་སྙིང་པོ་བཤད་སྒྲུབ་ཀྱི། བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། མི་ནུབ་སྲིད་མཐར་གནས་ཕྱིར་དུ། དགའ་སྟོན་གཡང་འབོད་ཚིག་འདི་བརྗོད། ཅེས་གསུངས་པ་ལྟར་དགའ་སྟོན་གཡང་འབོད་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་མགྲིན་དབྱངས་སྙན་མོས་གསུངས་ཏེ་ ༢༠༢༣ལོའི་དབྱར་དུས་ཀྱི་རྩོད་རྒྱུགས་ཆེན་མོ་མཇུག་རྫོགས་པའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།