སྤྱི་ལོ༢༠༢༣ལོའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དབྱར་དུས་ཀྱི་རིག་གནས་རྒྱུགས་སྤྲོད་ཆེན་མོ།

[ཟླ་ཚེས། 2023-06-15 10:48:14][རྩོམ་པ་པོ། རྒྱ་ཤོད་དགེ་བཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


རིག་གནས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཤོག་གསང་སྒམ།


སྣང་ཞིག་ཁྲི་འཛིན་རིན་པོ་ཆེ་མཆོག

  ༧གཤེན་གྱི་འབྱུང་ལྡན༼༣༠༡༽གི་ནང་ཚན་ཉག་མ༼༤༠༽བ་བོད་ཆུ་མོ་ཡོས་ཀྱི་ལོ་སྟེ་ཕྱི་ལོ༢༠༢༣ལོའི་ཟླ༦པའི་ཚེས༡༤ཉིན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དབྱར་དུས་ཀྱི་རིག་གནས་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ་སྤེལ་བའོ།།






 

  སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་ཕྱེད་ཀའི་སྟེང་དུ། སྐུ་ཚེར་འཆད་རྩོད་རྩོམ་གསུམ་ལ་གཞོལ་ཞིང་སྒོ་བཞི་མཛོད་ལྔའི་བོན་ལ་མཁྱེན་རྩལ་རབ་ཏུ་རྒྱས་པའི་སྣང་ཞིག་ཁྲི་འཛིན་རིན་པོ་ཆེ༧རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་མཆོག་དང་། ཚོགས་ཆེན་དཔོན་སློབ་རིན་པོ་ཆེ་གཙོས་པའི་སྣང་ཞིག་དགོན་གྱི་ཚོགས་འདུ་ལས་སྣེ་རྣམས་དང་། ཤེས་རབ་ཀྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པའི་དགེ་རྒན་རྣམས་དབུ་བཞུགས་འོག་བསྟན་པའི་སོན་རྩར་གྱུར་བ་བསྟན་འཛིན་སློབ་བུའི་ཚོགས་རྣམས་ཐེངས་འདིའི་རྒྱུགས་ར་རུ་དཀྱུས་གཅིག་ཏུ་འཁོད་པར་བྱས།

  རྒྱུགས་སྤྲོད་ནི་སྔ་སྲོལ་ལྟར། གཟུངས་གཞུག་འབུལ་བའི་ལག་ལེན། མཆོད་རྟེན་ཐིག་རྩ། ཕྱི་ནང་རྒྱུད་སྡེའི་དཀྱིལ་འཁོར་སྐོར། སྐར་རྩིས། སྒྲ་རིག་པའི་སྐོར། འབྱུང་རྩིས། སྙན་ངག སྦྱོར་ཚུལ་ཡི་གེའི་འཇུག་པ། རྣམ་དབྱེ་ཕྲད་ཀྱི་སྦྱོར་བ། མིང་གཞི་སོགས་རྣམས་གྲངས་བཅུ་ཕྲག་ལྷག་ཡོད་པའོ།།

ཚོགས་གཙོ་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་ནས་ཐེངས་འདིའི་རྒྱུགས་ཤོག་ལས་སྟངས་སྐོར་ནས་གསུང་བཤད་ཞུས་པ།

རྒྱུགས་སྤྲོད་འགན་འཛིན་རྣམ་གཉིས་ཀྱིས་རྒྱུགས་ཤོག་གསང་སྒམ་གྱི་སྒོ་འབྱེད་པ།

གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་བསྐོས་རྣམ་གཉིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།