དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་བསྡུ་གསལ་བརྡ།

[ཟླ་ཚེས། 2022-10-20 19:17:06][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དེ་ཡང་དུས་དང་རྣམ་པར་ཀུན་ཏུ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་ལ་རྩོམ་ཡིག་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཕྱི་ནང་དུ་བཞུགས་པའི་རྩོམ་པ་པོ་རྣམས་ལ་སླར་ཡང་རེ་ཞུ་ལ། 

   ངེད་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་འགྲེམ་སྤེལ་གནང་ནས་ད་བར་མི་ལོ་བཅོ་ལྔ་ཕྱིན་ཡོད་པ་དང་དེའི་རིང་ལ་ལོ་རེར་དེབ་རེ་འགྲེམ་སྤེལ་བགྱིས་ཏེ་སྤྱིའི་འདོན་ཐེངས་བཅོ་ལྔ་ཙམ་སྤེལ་ཟིན་ཡོད་ལ། དེས་ཀྱང་ཀྲུང་ཧྭའི་རིག་གནས་སྤྱི་དང་ཁྱད་པར་དུ་བོད་མི་རིགས་སྤྱི་དང་ཡང་ཁྱད་དུ་ཞང་ཞུང་དང་གནའ་བོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་སོགས་ལ་ཞོགས་འདེགས་མི་དམན་པ་ཞིག་བསྒྲུབས་པའི་ཁུལ་ཡིན་ལ།

   ད་ལོ་སྟེ་༢༠༢༢ལོའི་དེབ། སྤྱིའི་དེབ་གྲངས་བཅུ་དྲུག་པ་ཡང་པར་སྐྲུན་གྱི་འགོ་ཟིན་རྩིས་ཡོད་པས་ཕྱོགས་ཀྱི་རྒྱ་ཆེ་བའི་རྩོམ་པ་པོ་རྣམས་ཀྱིས་དེ་འབྲེལ་གྱི་དཔྱད་རྩོམ་རེ་ངེད་རྩོམ་སྒྲིག་ཁང་ལ་གནང་རོགས་ཞུ་བ་ལགས།

རྩོམ་ཡིག་གི་ནང་དོན་ཐད་ལ། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ། ཤེས་རིག་དཔྱད་གླེང་། རྒྱལ་རབས་ལོ་རྒྱུས། སྐྱེས་ཆེན་མི་སྣ། གཏོ་དཔྱད་རིག་གཞུང་སོགས་དང་འབྲེལ་བའི་དཔྱད་འབྲས་གཡུར་དུ་ཟ་བའི་ལེགས་རྩོམ་གང་མང་རྒྱབ་སྐྱོར་གནང་བའི་རེ་བ་ཞུ། ༼དུས་དེབ་དང་དྲ་ཚིགས་སོགས་སུ་སྤེལ་མ་མྱོང་བའི་རྩོམ་ཡིན་དགོས།༽རྩོམ་ཡིག་སྤྱི་ལོ་༢༠༢༢ལོའི་ཟླ་བ་༡༡ཚེས་༣༠སྔོན་ལ་འདི་གའི་རྩོམ་སྒྲིག་ཚན་ཆུང་ལ་བསྐུར་གནང་ཡོད་པར་ཞུ་ཞུ།

རྩོམ་སྒྲིག་པའི་སྐད་འཕྲིན་བཤེར་རིས།

རྩོམ་སྒྲིག་པའི་འཁྱུག་དབྱངས་བཤེར་རིས།

དཔྱད་རྩོམ་བསྐུར་སའི་གློག་རྡུལ་ཡིག་སྒམ། 897252858@qq.com
འབྲེལ་གཏུགས་ཁ་པར། 13990418773

ཞེས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་སྒྲིག་ཁང་གིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།