བོན་གྱི་གདུང་རབས་ཕྱོགས་སྒྲིག་དེབ་གཟུགས་དཔར་སྐྲུན་གྱི་གསལ་བརྡ།

[ཟླ་ཚེས། 2022-08-05 12:15:06][རྩོམ་པ་པོ། སྨོན་རྒྱལ་མཁྱེན་རབ་ནམ་མཁའ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔོན་གསས་བླ་མ། མཁན་པོ། དགེ་བའི་བཤེས་གཉེན། སྐྱ་སེར་རིས་སུ་མ་ཆད་པའི་མཁྱེན་ལྡན་པ་རྣམས་ལ་ཞུ་གསོལ།
མཐའ་ཡས་པའི་སྐྱེ་འགྲོ་ཡོངས་ཀྱི་མགོན་དང་དཔུང་གཉེན། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་བགྲོད་པའི་ཐབས་ལམ་རྨད་དུ་བྱུང་བ་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེས་སྲོལ་ཕྱེས་པའི་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་ལ་བཀའ་དྲིན་ཆེ་བའི་སྔོན་བྱོན་འཇའ་ལུས། གྲུབ་བརྙེས། རིག་འཛིན། ལོ་པཎ་བསམ་གྱི་མི་ཁྱབ་པར་བྱོན་པའི་ནང་ནས་ད་ལན་བོན་གྱི་གདུང་རབས་རིམ་བྱོན་རྣམས་ཀྱི་ལོ་རྒྱུས་དཔེ་རྙིང་དག་བགྲང་བྱ་ཁ་ཤས་ཀྱི་རིང་དུ་བཙལ་འཚོལ་བྱས་པས་མི་ཉུང་བ་ཞིག་ལགས་སོན་བྱུང་།
དེར་བརྟེན་༼བོན་གྱི་གདུང་རབས་ཕྱོགས་སྒྲིག༽དེབ་གཟུགས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔེ་རྟགས་ཡོད་པ་ཞིག་བཏོན་འཆར་ཡོད་པས་ད་དུང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མ་ཆད་མ་ལྷག་པར་ཡོང་ཆེད་འབྲེལ་ཡོད་ཀྱི་མཁྱེན་སྤྱན་ཡངས་པའི་སྐྱ་སེར་རིས་སུ་མ་ཆད་པ་རྣམས་ཀྱིས་གདུང་བརྒྱུད་སྡེ་དྲུག  ཞིག་པོ་བཅོ་བརྒྱད་སོགས་རིམ་པར་བྱོན་པ་རྣམས་ཀྱི་གདུང་རབས། ཆིག་དགུ་ལྔ་བཅུ་ང་དགུ་གོང་དུ་བྲིས་མཛད་པ་ཤ་སྟག་ཡིན་པ་རྩ་དོན་དུ་དམིགས་ནས། དཔེ་རྙིང་དེ་དག་སྲུང་སྐྱོབ་དང་། དར་སྤེལ། ཞིབ་འཇུག་གི་རྒྱུ་ཆ་རུ་གདམས་ནས་བསྒྲིགས་ཏེ་དཔེ་སྐྲུན་བྱེད་འཆར་ཡོད་པས་བཤམ་གསལ་གུས་པའི་གློག་རྡུལ་དྲྭ་གནས་ནང་།སྤྱི་ལོ་2022ལོའི་སྤྱི་ཟླ་9པའི་སྔོན་ལ་དཔེ་རྙིང་འཁོ་འདོན་བཤེར་རིས་བྱས་པའམ་ཡང་ན་ཧི་མ་ལ་ཡའི་ཡིག་གཟུགས་བཏགས་པ་གང་ཡོད་ན་བསྐུར་གནང་ཡོད་པའི་རྒྱབ་སྐྱོར་ཡོད་པ་མཁྱེན་མཁྱེན།།
སྨོན་རྒྱལ་མཁྱེན་རབ་ནམ་མཁའི་ལྷ་ལྡན་ཉི་མའི་གྲོང་ནས་ཕུལ།
དྲྭ་གནས། 1641447289 @126.com
འབྲེལ་གཏུགས་ཁ་པར་ཨང་གྲངས། 13989984822
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།