རྫ་ཁྲོ་ཚངས་དགོན་དུ་ནང་བསྟན་ལྔ་རིག་སློབ་གླིང་གི་སྐབས་དང་པོའི་མདོ་ཡི་དམ་བཅའ་ཆེན་མོ་འཚོགས་པ།

[ཟླ་ཚེས། 2022-01-22 16:27:26][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  སྤྱི་ལོ་༢༠༢༢ལོའི་ཟླ་བ་༡ཚེས༡༩ནས༢༠ཉིན་སྟེ་གཉིས་ཀྱི་རིང་ལ་རྫ་ཁྲོ་ཚངས་དགོན་དུ་གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་གི་སྐབས་དང་པོ་མདོ་ཡི་དམ་བཅའ་ཆེན་མོ་འཚོགས་ཤིང་། སློབ་གཉེར་བ་རེ་རེའི་ངོས་ནས་སྦྱང་སྟོབས་ཀྱི་དཔྱད་སྒོ་མི་འདྲ་བ་དང་། སློབ་རིམ་གྱི་གཞུང་ཚན་མི་འདྲ་བ་སྟེ། རྗེ་བདག་ཉིད་ཆེན་པོའི་འདུལ་བ་ནས་བཟུང་སྟེ། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་སྡུད་གྲྭའི་བར་དུ་སོ་སོའི་སྦྱང་འབྲས་ལྟར་རིག་པའི་མཆོག་འབུལ་རྒྱ་ཆེར་མཛད། ལྷག་པར་དུ་རྫ་སྨོན་རྒྱལ་དགོན་པའི་མཁན་རིན་པོ་ཆེ་པད་མ་ཚེ་དབང་གིས་དབུ་འདྲེན་འོག་རྫ་སྨོན་རྒྱལ་དགོན་དང་། རྫ་འབུམ་རྨད་དགོན། གོ་ལམ་གཡུང་དྲུང་གླིང་སོགས་ནས་རིག་ལམ་པ་ཉི་ཤུ་ལྷག་ཅིག་ཆེད་ཕེབས་གནང་ཞིང་། རྣམ་གསུམ་ཤེས་རབ་རིག་པའི་ཚལ་ཆེན་ན་དགག་སྒྲུབ་ཀྱི་རིག་ལམ་གདལ་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བར་བྱས་པ་སོགས་ནི་རྒྱལ་བསྟན་རིན་པོ་ཆེའི་རྒྱན་དུ་འོས་པའོ། །









 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།