པཎ་ཆེན་རིན་པོ་ཆེས་མཐའ་མཚམས་མང་ཚོགས་ལ་ཞལ་འདེབས་སྒོར་ཁྲི་༡༠༠ཕུལ་བ།

[ཟླ་ཚེས། 2021-10-30 15:11:07][རྩོམ་པ་པོ།  རྩོམ་སྒྲིག་པ། འཇིགས་མེད། བཟང་པོ།][རྩོམ་ཁུངས།  སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས།][ཀློག་གྲངས། ]

སྤྱི་ཟླ་༡༠ཚེས་༢༩ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུད་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་དཀའ་ཆེན་གྱི་གོ་མིང་བཞེས་རྗེས། ལས་རིགས་ཁག་གིས་ཕུལ་བའི་སྒོར་ཁྲི་༡༠༠བོད་ཀྱི་མཐའ་མཚམས་མང་ཚོགས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུ་དང་། གྲོང་གསེབ་དར་རྒྱས་དང་མཐའ་མཚམས་སྟོབས་ཆེར་གཏང་རྒྱུར་ཞལ་འདེབས་ཕུལ་བ་རེད།  དཀའ་ཆེན་ནི་བཀྲ་ཤིས་ལྷུན་པོ་དགོན་གྱི་ནང་བསྟན་གོ་མིང་མཐོ་ཤོས་དེ་ཡིན་པ་དང་། ནང་བསྟན་སློབ་གཉེར་གྱི་ཐད་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། འབྲེལ་ཡོད་སྡེ་ཚན་ཁག་དང་།  སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ།  དད་ལྡན་མང་ཚོགས་བཅས་ཀྱིས་པཎ་ཆེན་རིན་པོ་ཆེར་ཕྱག་རྟགས་དང་སྐྱེས་དངུལ་ཕུལ་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། པཎ་ཆེན་རིན་པོ་ཆེས་སྐྱེས་དངུལ་ཞལ་འདེབས་འབུལ་བའི་མཛད་སྒོ་དེ་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་འཚོགས་པ་རེད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།