གནས་མཆོག་སེང་གེ་གནམ་རྫོང་དང་དབལ་འབར་བདུད་རྩིའི་རྫོང་གི་ལོ་རྒྱུས་དཀར་ཆགས་འགྲེམ་སྤེལ་མཛད་སྒོ།

[ཟླ་ཚེས། 2021-09-01 22:08:57][རྩོམ་པ་པོ། གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གནས་མཆོག་སེང་གེ་གནམ་རྫོང་དང་དབལ་འབར་བདུད་རྩིའི་རྫོང་གི་ལོ་རྒྱུས་ཤེལ་དཀར་མེ་ལོང་ཞེས་པའི་དེབ་གསར་འགྲེམ་སྤེལ་མཛད་སྒོ་ཁྲི་རྡོ་གྲོང་རྡལ་གནས་བར་གྲོང་ཚོར་ཡོད་པའི་དབལ་འབར་བདུད་རྩིའི་རྫོང་ཞེས་པའི་ལྷ་ཁང་དུ་འཚོགས།
ཚོགས་ཐོག་ཏུ་རིག་གཞུང་མཁས་དབང་དང་། ཡིག་བྲིས་དང་ལྷ་བྲིས་མཁས་ཅན། དེ་བཞིན་ས་གནས་ཀྱི་དམངས་སྲོལ་རིག་གནས་པ་སོགས་ཚོགས་ཞུགས་མི་སྣ་ལྔ་བཅུ་ལས་བརྒལ་བ་མཉམ་དུ་རྒྱས་འཚོགས་བྱས།
    
ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན་གྱིས་མཛད་སྒོའི་གཙོ་སྐྱོང་གནང་བ་དང་། ཐེངས་འདིར་མཛད་སྒོའི་གལ་ཆེའི་སྐུ་མགྲོན་མཁས་དབང་དབྲ་ཁྱུང་སྐལ་བཟང་ནོར་བུ་རིན་པོ་ཆེ་དང་། «གནས་མཆོག་སེང་གེ་གནམ་རྫོང་དང་དབལ་འབར་བདུད་རྩིའི་རྫོང་གི་ལོ་རྒྱུས་ཤེལ་དཀར་མེ་ལོང»གི་རྩོམ་སྒྲིག་པ་རིན་ཆེན་བློ་གྲོས་རྣམ་གཉིས་ཀྱིས་དར་མཚོན་སྣ་ལྔའི་ཞལ་ཁེབ་ཕྱེས་ཏེ་དཔེ་དེབ་དབུ་འབྱེད་མཛད། མཁས་དབང་དབྲ་ཁྱུང་སྐལ་བཟང་ནོར་བུ་མཆོག་གིས་རྩོམ་སྒྲིག་ལྷན་ཚོགས་ལ་རྟེན་འབྲེལ་གྱི་མགུར་དར་གནང་བ་དང་། ཐེངས་འདིར་ཕེབས་པའི་སྐུ་མགྲོན་རྣམས་ལ་གནས་རིའི་དཀར་ཆག་དཔེ་དེབ་རེ་ཕྱག་རྟགས་སུ་ཕུལ། གཙོ་སྐྱོང་པ་ཞུ་ཚང་སྐལ་བཟང་རྒྱལ་མཚན་གྱིས་རྩོམ་སྒྲིག་གི་རྒྱུད་རིམ་དང་འབྲེལ་བའི་དཔེ་དེབ་ཀྱི་ངོ་སྤྲོད་གནང་།
མཁས་དབང་དབྲ་ཁྱུང་སྐལ་བཟང་ནོར་བུ། བླ་མ་གཙུག་ཕུད་ཚུལ་ཁྲིམས། བླ་མ་ཚོགས་ལམ་བཟང་པོ། རྩོམ་སྒྲིག་པ་རིན་ཆེན་བློ་གྲོས། སེར་ཚ་རིག་རྩལ་བང་མཛོད་སློབ་གླིང་གི་དབུ་འཛིན་གཡུང་དྲུང་ཚེ་རིང་། བུ་འབྲུག་རྒྱལ། ཡོལ་མཆོག་བཅས་ཀྱིས་མཛད་རིམ་དང་འབྲེལ་བའི་གསུང་བཤད་གནང་།
གཙོ་སྒྲིག་པ་རྨ་མདའ་སྙུག་ལགས་ཀྱིས་དཔེ་དེབ་རྩོམ་སྒྲིག་དང་། མཛད་སྒོའི་མཇུག་བསྡོམས་དང་འབྲེལ་བའི་གསུང་བཤད་གནང་རྗེས། ཐེངས་འདིའི་མཛད་སྒོ་ཡོངས་སུ་མཇུག་ལེགས་པར་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།
གོ་སྒྲིག་ལྷན་ཚོགས་ནས་སྤེལ། ༢༠༢༡/༨/༢༦ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།