འབྲུག་ཆུའི་དམངས་ཁྲོད་ཡིག་རྙིང་བྲིས་མའི་རིག་གཞུང་ཚོགས་འདུ་འཚོགས།

[ཟླ་ཚེས། 2021-07-21 15:29:02][རྩོམ་པ་པོ། གཡུང་དྲུང་སྐྱབས་སོགས།][རྩོམ་ཁུངས། ཀན་ལྷོའི་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་སྟེགས།][ཀློག་གྲངས། ]

འབྲུག་ཆུའི་དམངས་ཁྲོད་ཡིག་རྙིང་བྲིས་མའི་སྐོར་གྱི་རིག་གཞུང་ཚོགས་འདུ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་འཚོགས།
ཟླ་7པའི་ཚེས་21ཉིན་གྱི་སྔ་དྲོར། འབྲུག་ཆུའི་དམངས་ཁྲོད་ཡིག་རྙིང་བྲིས་མའི་སྐོར་གྱི་རིག་གཞུང་ཚོགས་འདུ་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་གི་གཙོ་སྒྲུབ་བྱས་པ་དང་འབྲུག་ཆུའི་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཀན་ལྷོ་ཁུལ་ཚགས་པར་ཁང་གི་སྒྲུབ་འགན་ཁུར་བ། ཀན་ལྷོ་ཁུལ་མདོ་ཁམས་བོད་ཡིག་དཔེ་རྙིང་ཞིབ་འཇུག་གླིང་གི་རོགས་སྒྲུབ་འོག ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་འཚོགས།
ཚོགས་འདུར་ཆིན་ཧྭ་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན།  ནུབ་བྱང་མི་རིགས་སློབ་ཆེན།  མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཆེད་མཁས་པ་བཞི་བཅུ་ལྷག་ཞུགས་ཡོད།
  ཚོགས་ཐོག་ཏུ། ཆེད་མཁས་པ་ཚོས་བོད་ཀྱི་ཡིག་རྙིང་ཞིབ་འཇུག་སྐོར་གྱི་རིག་གཞུང་དཔྱད་རྩོམ་སྒྲོག་འདོན་བྱས་པ་དང་།  སྒོས་སུ་ལོ་འདི་འགར་འབྲུག་ཆུ་ནས་གསར་རྙེད་བྱུང་བའི་བོན་གྱི་དཔེ་རྙིང་མྱུར་སྐྱོབ་དང་བསྡུ་སྒྲིག དཔེ་སྐྲུན། བོན་གྱི་ཡིག་རྙིང་གསར་རྙེད་བྱུང་བ་ཡིས་བོད་ཀྱི་རིག་གཞུང་གི་ཞིབ་འཇུག་དང་རྒྱུད་འཛིན།  དར་སྤེལ་ཐད་ཐོན་པའི་ཕན་ནུས་དང་དགེ་མཚན་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་ལྟ་བ་དང་བསམ་ཚུལ་ལྷུག་བརྗོད་བྱས།།
གསར་འགོད་པ། གཡུང་དྲུང་སྐྱབས། འཕགས་པ་དོན་གྲུབ། མགོན་པོ་བཀྲ་ཤིས། བན་དེ་མཁར། མགོན་པོ་དབང་རྒྱལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།