ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་དཔྱད་གླེང་ཚོགས་འདུ།

[ཟླ་ཚེས། 2020-08-09 20:51:44][རྩོམ་པ་པོ། དྲུང་ཡིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་སྐབས་དང་པོའི་དཔྱད་གླེང་ཚོགས་འདུ་ཐེངས་གཉིས་པ་ཁྲི་འདུ་ཞིང་ཆེན་དུ་རྒྱས་ཚོགས་བྱས་ཤིང་ཚོགས་པ་འདི་ནི་བོན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་ཆེད་དམིགས་བྱས་པའི་བཅུ་རིག་ཤེས་བྱའི་གནད་ལ་གསེད་བཀྲོལ་གནང་སའི་རིག་གནས་ཀྱི་གླེང་སྟེགས་ཆེན་པོ་ཞིག་ཡིན་ལ།  གཙོ་བོ་རིག་གནས་སྣ་མང་གི་དེ་ཉིད་ཇི་ལྟར་འཚོལ་བའི་སྐོར་གྱི་བགྲོ་གླེང་དང་རིག་པ་འཚོལ་ས་ཞིག་ཡིན་ཕྱིར།  ཚོགས་པ་འདིའི་གླེང་སྟེགས་ཀྱི་སྟེང་ལ་རིག་གནས་ཀྱི་ཚད་བཀག་མེད་པར་ཐུན་མིན་དང་ཐུན་མོང་སོགས་བཅུ་རིག་ཤེས་བྱའི་ཟུར་ཀུན་ནས་གླེང་ཆོག་ལ་དཔྱད་འོས་པའི་ཀུ་ཡངས་ཤིང་ཤོང་ཆེ་བ་ཞིག་ཡིན་པས་གཡུང་དྲུང་བོན་གྱི་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་པའི་བཀའ་རབ་འབྱམས་པ་སུ་ཞིག་ཡིན་རུང་གླེང་སྟེགས་འདིའི་སྟེང་གི་གསུང་བཤད་སློབ་དཔོན་གྱི་ཐོབ་ཐང་ཡོད་པ་ཡིན།
   དེ་བཞིན་དུ་ད་ལོ་ཡང་མདོ་དབུས་ཁམས་གསུམ་ཀུན་ནས་དགེ་བཤེས་བཞི་བཅུ་ལྷག་མཉམ་འཛོམས་བྱས་ཏེ་དཔྱད་གླེང་ཚོགས་འདུ་ཐེངས་གཉིས་པ་ཟབ་རྒྱས་ངང་ཉིན་གསུམ་ལ་བསྟུད་མར་འཚོགས་ཐུབ་པ་བྱུང་ཞིང་ཚོགས་འདུར་ཞུགས་པའི་དགེ་བའི་བཤེས་གཉེན་རྣམས་ནི་དགེ་བཤེས་ཀྱི་མཚན་གནས་བཞེས་པ་ཁོ་ན་མ་ཡིན་པར་མཁན་པོ་དང་དཔོན་སློབ་སློབ་གཙོ་དང་དགེ་རྒན་སོགས་ཀྱི་གདན་ཐོབ་བཞེས་ཤིང་མདོ་དབུས་ཁམས་གསུམ་ཀུན་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་ཡོད་པའི་གཞན་དྲིང་མི་འཇོག་པའི་མཁས་དབང་ཤ་སྟག་ཡིན་ཞེས་གཏམ་གྱི་སྙན་པ་བསྒྲོན་ན་ཐལ་མི་ཆེ་ལ།  ལྷག་པར་དུ་སྐུ་ཚེ་དཔེ་ཀློག་ལ་ཐིམ་ཞིང་དམིགས་པ་ཐོས་བསམ་ལ་བཅོལ་བའི་ཐེངས་འདིའི་ཚོགས་ཞུགས་མི་སྣ་སྟེ་དགེ་བའི་བཤེས་གཉེན་རྣམས་ནི་མཁྱེན་རྟོགས་ཀྱི་རྒྱ་ཡངས་ཤིང་རྣམ་དཔྱོད་ཀྱི་རྩལ་རྫོགས་པས་ངེས་དོན་གྱི་མཁས་དབང་དཔུང་གཅིག་མཉམ་འཛོམས་བྱས་པ་ཡིན་ཞེས་མགྲིན་པ་གཟེངས་སུ་བསྟད་དེ་སྨྲ་ཡང་སྤོབས་ལ་སྨྲོས་ཡང་དགོས་སོ།།    དེ་ལས་ཀྱང་གསུང་བཤད་སློབ་དཔོན་རེ་རེས་གཞུང་ལུགས་འདྲ་མིན་གྱི་གནད་ལ་ཐུགས་བསམ་བཞེས་པའི་དགོངས་དོན་ཀུན་ལ་བཀའ་ལུང་རིགས་གསུམ་གྱི་ཁུངས་རབ་ཏུ་བཙན་ལ་དཔྱད་པ་ཐིངས་པའི་མཐར་ཐུག་གི་དཔྱད་འབྲས་སོ་སོར་ཚུགས་ཐུབ་ཀྱི་ལྟ་བའི་སྒྲོམ་བརྟན་པ་ནི་ཤིན་ཏུ་ནས་ཀྱང་རྗེད་པར་རིགས་ལ་ངོ་མཚར་ཆེའོ།།  དེ་བཞིན་དུ་ཡིད་གཉིས་ཐེ་ཚོམས་ཀྱིས་དོགས་སློང་བྱས་པའི་ཡིན་སྒྲུབ་མིན་དགག་གི་དྲི་བའི་རིགས་ལ་ཚད་གསུམ་ཟུང་འབྲེལ་གྱི་གནད་མ་བོར་བ་ཚིག་ཉུང་དོན་འདུས་ཀྱིས་ལན་བསྐྱོན་པའི་རྣམ་དཔྱོད་དག་ནི་སྐུ་ཚེ་དཔེ་ཀློག་ལ་བྱིངས་པའི་དན་རྟགས་ཀྱི་བརྡ་ཞིག་ཡིན་པས་ན་བསྟན་པའི་སོན་རྩ་རུ་གྱུར་བ་ཞེས་འུར་བསྟོད་ཀྱི་ཚིག་མ་ཡིན་པར་ངེས་དོན་གྱི་མཚན་སྨྲོས་པ་ཡིན་ནོ།།
གཤམ་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་གོ་རིམ་ནི་གསུང་བཤད་སློབ་དཔོན་གྱི་གསང་ཨང་ལྟར་བསྒྲིགས་པ་ཡིན།

ཚོགས་གཙོ་སྒོ་རིགས་མཁན་པོ་ཤེས་རབ་གྲགས་པ་མཆོག་ནས་ཚོགས་པའི་དམིགས་ཡུལ་དང་མ་འོངས་པའི་ཁ་ཕྱོགས་སྐོར་ནས་གསུང་གླེང་མཛད་པ།
ཉིན་དང་པོའི་གསུང་བཤད་སློབ་དཔོན་རྣམས་གཤམ་གསལ།

དགེ་བཤེས་འཇམ་མེ་མཆོག་ནི་སྣང་ཞིག་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་བཟུར་བ།
 
དགེ་བཤེས་ཤེས་བྱ་ཀུན་གྲགས་མཆོག་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཟུར་ཁྲིད་དགེ་རྒན་བཟུར་བ། 
 
དགེ་བཤེས་གདོང་བསོད་བཀྲ་མཆོག་ནི་ཅོག་ལོ་དགོན་སྒོམ་སྒྲུབ་སློབ་གླིང་གི་སློབ་གཙོ་བཟུར་བ།
 
དགེ་བཤེས་སངས་རྒྱས་རྒྱ་མཚོ་མཆོག་ནི་མདོ་སྨད་སྣང་ཞིག་དགོན་པའི་དགེ་བཤེས།
 
དགེ་བཤེས་བསྟན་པ་དར་རྒྱས་མཆོག་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ།
 
དགེ་བཤེས་རིན་ཆེན་རྒྱལ་མཚན་མཆོག་ནི་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་གཞོན་པ།
 
དགེ་བཤེས་ཤེས་རབ་གཡུང་དྲུང་མཆོག་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ།
 
དགེ་བཤེས་ཤེས་རབ་སྦྱིན་པ་མཆོག་ནི་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་སློབ་གླིང་གི་དཔོན་སློབ།
 
དགེ་བཤེས་ཚེ་རིང་བཀྲ་ཤིས་མཆོག་ནི་མདོ་སྨད་སྣང་ཞིག་དགོན་པའི་དགེ་བཤེས།
 
དགེ་བཤེས་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་མཆོག་ནི་སྣང་ཞིག་དགོན་པའི་དཔོན་སློབ་བཟུར་བ།
 
དགེ་བཤེས་གཡུང་དྲུང་བསམ་གཏན་མཆོག་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་བཟུར་བ།
 
དགེ་བཤེས་ཤེས་བྱ་ཀུན་གྲགས་མཆོག་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་ཆེན་མོ།
 
དགེ་བཤེས་དཔལ་འཛིན་མཆོག་ནི་མདོ་སྨད་སྣང་ཞིག་དགོན་པའི་དགེ་བཤེས།
ཉིན་གཉིས་པའི་གསུང་བཤད་སློབ་དཔོན་རྣམས་གཤམ་གསལ།

ཚོགས་གཞོན་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་ནས་ཚོགས་པ་དང་འབྲེལ་བའི་གསུང་གླེང་མཛད་པ།  ཉིན་གཉིས་པ།

དགེ་བཤེས་སྐལ་བཟང་གཡུང་དྲུང་མཆོག་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ།
 
བཙུན་མ་དགེ་བཤེས་གཡུང་དྲུང་བཟང་མོ་མཆོག་ནི་ཁྱུང་མོ་དགོན་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་རིག་གནས་སློབ་དཔོན།
 
དགེ་བཤེས་གཡུང་དྲུང་ཉི་མ་མཆོག་ནི་ཁམས་རིན་སྤུངས་དགོན་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་སློབ་གཙོ།
 
དགེ་བཤེས་སྒོ་བསྟན་འཛིན་དབང་ལྡན་མཆོག་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ།
 
དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནི་གཡུང་དྲུང་བོན་བྱ་བཏང་བཙུན་མའི་སློབ་གླིང་གི་དགེ་རྒན་ཆེན་མོ།
 
བཙུན་མ་དགེ་བཤེས་སེམས་ཉིད་བྱམས་མ་མཆོག་ནི་ཁྱུང་མོ་དགོན་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་མཚན་ཉིད་མཁན་མོ།
 
དགེ་བཤེས་གདོང་བཙུན་རྒྱ་ཐར་མཆོག་ནི་ཁམས་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་གྱི་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་གི་མཁན་པོ།
 
དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་ནི་སྤ་ཟླ་ཞུ་ཚང་དགོན་པའི་དཔོན་སློབ།
 
དགེ་བཤེས་བློ་གྲོས་རབ་གསལ་མཆོག་ནི་ཤར་རྫའི་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་གཞོན་པ།
 
དགེ་བཤེས་གཤེན་ཡ་ངལ་ཁྲི་རྒྱལ་མཆོག་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ།
 
དགེ་བཤེས་ཉག་ཉི་གྲགས་མཆོག་ནི་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ།
 ཉིན་གསུམ་པའི་གསུང་བཤད་སློབ་དཔོན་རྣམས་གཤམ་གསལ།

ཚོགས་གཞོན་ཁྱུང་དགེ་བཤེས་ཚུལ་ཁྲིམས་གཙུག་ཕུད་མཆོག་ནས་ཚོགས་པ་དང་འབྲེལ་བའི་གསུང་གླེང་མཛད་པ། ཉིན་གསུམ་པ།

དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་མཆོག་ནི་རྫ་ཁྲོ་ཚང་ནང་བསྟན་ལྔ་རིག་སློབ་གླིང་གི་མཁན་པོ།
 
བོན་ནག་ཚང་དགེ་བཤེས་ཡེ་ཤེས་བློ་གྲོས་མཆོག་ནི་རེབ་གོང་བོན་བརྒྱ་དགོན་པའི་མཁན་ཟུར།
 
དགེ་བཤེས་བསྟན་འཛིན་བློ་གསལ་མཆོག་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཟུར་ཁྲིད་དགེ་རྒན་བཟུར་བ།
 
དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་ནི་མདོ་སྨད་སྣང་ཞིག་དགོན་པའི་དགེ་བཤེས།
 
དགེ་བཤེས་སྐལ་བཟང་ཆོས་གྲགས་མཆོག་ནི་རྫ་ཁྲོ་ཚང་ནང་བསྟན་ལྔ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ།

དགེ་བཤེས་ཤེས་རབ་ཐོགས་མེད་མདོ་སྨད་སྣང་ཞིག་དགོན་པའི་དགེ་བཤེས།
 
དགེ་བཤེས་ཀ་ཤུལ་བསོད་རིན་མཆོག་ནི་ཁམས་རིན་སྤུངས་དགོན་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་མཁན་པོ།
 
དགེ་བཤེས་ཀུན་དགའ་བློ་གྲོས་མཆོག་ནི་མདོ་སྨད་སྣང་ཞིག་དགོན་པའི་དགེ་བཤེས།

དགེ་བཤེས་ཨ་འཆི་མེ་རྣམ་རྒྱལ་མཆོག་ནི་ཁམས་ཉག་རོང་ལ་ཁ་དགོན་པའི་མཁན་པོ།
 
ཚོགས་པའི་རྩིས་གཉེར་གཉིས་ཀྱིས་ཚོགས་པའི་འགྲོ་གྲོན་སྐོར་ནས་གསུང་བཤད་གནང་བ།
   
དྲུང་ཡིག་པ་དགེ་བཤེས་རྔ་བ་བསམ་གཏན། དྲུང་ཡིག་པ་དགེ་བཤེས་གདོང་སྐལ་བཟང་བསམ་གཏན།
   
ཚོགས་གཙོ་སྒོ་རིགས་མཁན་པོ་ཤེས་རབ་གྲགས་པ་མཆོག་གིས་དཔྱད་གླེང་ཚོགས་འདུའི་མཇུག་སྡོམ་གསུང་གླེང་མཛད་དེ་བཀྲ་ཤིས་རྟེན་འབྲེལ་དང་ཚོགས་འདུ་མཇུག་བསྡུས་པ།
ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་རྒྱུན་ལས་མི་སྣ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།