ཁྱུང་རིག་གནས་སྐབས་གསུམ་པའི་གསལ་བརྡ།

[ཟླ་ཚེས། 2020-04-29 21:05:07][རྩོམ་པ་པོ། ཁྱུང་རིག་གནས་འཕེལ་རྒྱས་ཞིབ་འཇུག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཁྱུང་རིག་གནས་དཔྱད་གླེང་སྐབས་གསུམ་པ་དངོས་སུ་སྐོང་འཚོགས་བྱ་རྒྱུའི་གསལ་བརྡ།  ཁྱུང་གི་རིག་གནས་ལ་ཞིབ་འཇུག་དང་དུང་བ་ཟབ་པའི་མཁས་དབང་རྣམས་ལ་ཆེད་ཞུ།  རང་རེའི་མེས་རྒྱལ་འདི་ཉིད་ཆབ་དཔལ་རིག་གསུམ་ཀུན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་པ་མ་ཟད། རྒྱལ་ཡོངས་ཀུན་ཏུ་རང་མི་རིགས་ཀྱི་རིག་གནས་ལ་གསོན་ཤུགས་ཆེ་རུ་ཕྱིན་ཏེ།  ཧུར་བརྩོན་གྱི་སྒོ་ནས་དབུལ་བྲལ་འགག་སྒྲོལ་གྱི་ལས་དོན་ལེགས་གྲུབ་བྱུང་ནས་འབྱོར་འབྲིང་གི་སྤྱི་ཚོགས་ལ་མདུན་བསྐྱོད་བྱེད་བཞིན་པའི་སྐབས་འདིར།   ངེད་ཁྱུང་པོ་སྟེང་ཆེན་རྫོང་དུ་ཁྱུང་རིག་གནས་ཞིབ་མཇུག་དཔྱད་གླེང་ཚོགས་འདུ་སྐབས་གསུམ་པ།  འདི་ལོར་དངོས་སུ་སྐོང་འཚོགས་བྱ་རྒྱུའི་སྟ་གོན་ལས་དོན་བསྒྲུབ་དང་སྒྲུབ་བཞིན་མཆིས་ལགས་ན།  དེར་བརྟེན་རྒྱ་ཆེའི་མཁས་དབང་རྣམས་ཀྱིས་གཙོ་བོ།  ༡༽  ཁྱུང་ཞེས་པ་འདི་ཡི་གཟུགས་རིས་དང་ཁྱུང་དང་འབྲེལ་བའི་ལོ་རྒྱུས། ༢༽   ཁྱུང་གི་རིག་གནས་དང་ལོ་རྒྱུས་འཕེལ་རིམ་སྐོར་གལ་ཆེའི་དུས་ཚིགས། ༣༽   ཁྱུང་རིག་གནས་འདིས་རང་རེའི་རྒྱུད་གཅིག་ལམ་གཅིག་གི་རིག་གཞུང་སྤེལ་རེས་དང་འབྲེལ་བ་དམ་ཟབ་ཡོད་པ་འདི་དག་གི་སྐོར་སོགས་ནས།  རིག་གཞུང་གི་ལྟ་བ་གསར་པ་རེ་བསྣམས་ཏེ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད།།

༡༽  ཚོགས་འདུ་བསྐོང་འཚོགས་བྱ་བའི་དུས་ཚོད་ནི་སྤྱི་ལོ་༢༠༢༠ ལོའི ་ཟླ་བ་ ༨ པའི་ནང་ཙམ་ཡིན།
༢༽  ཐོ་འགོད་དུས་ཚོད་ནི་སྤྱི་ལོ་༢༠༢༠ལོའི་ཟླ་ ༦པའི་ཚེས ༡༥ ཚུན་ཡིན།
༣༽ དཔྱད་རྩོམས་གནད་བསྡུས་དེ་འདི་ལོའི ཟླ་ ༧ པའི་ཚེས་ ༥ཡི་ཚུན་ལ་འབྱོར་དགོས།
༤༽ མིང་ཐོ་འགོད་ཡུལ་གྱི་ས་གནས།  ཁྱུང་པོ་སྟེང་ཆེན་རྫོང་རིག་གནས་ཅུས། ཞིབ་ཕྲའི་གནས་ཚུལ་རིམ་བཞིན་འབུལ་རྒྱུ་ཡིན།
འབྲེལ་ཡུལ།     སྟེང་ཆེན་རྫོང་རིག་གནས་ཅུས།
འབྲེལ་གཏུག་མི་སྣ།
ཚེ་དབང་།       ༡༧༧༨༩༩༥༦༧༧༦
དབྲ་ཁྱུང་སྐལ་བཟང་ནོར་བུ། ༡༣༣༢༢༥༥༧༧༩༩
བྱམས་པ།             ༡༨༣༠༨༠༨༥༥༠༠
ཡིག་སྒམ།         873773132qq.com

ཁྱུང་པོ་སྟེང་ཆེན་རྫོང་རིག་གནས་ཅུས།  ཁྱུང་རིག་གནས་འཕེལ་རྒྱས་ཞིབ་འཇུག་ཁང་ནས།
       ༢༠༢༠ལོའི་ཟླ་༤ཚེས་༢༧ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།