ཁྱུང་པོ་གཡུང་དྲུང་དཔལ་རི་དགོན་ནས་གྲུབ་ཆེན་རིན་པོ་ཆེའི་དགོངས་རྫོགས་ལ་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2020-03-12 18:30:30][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁྱུང་པོ་གྲུབ་ཆེན་གྱི་གདན་ས་གཡུང་དྲུང་དཔལ་རི་དགོན་ནས་གྲུབ་ཆེན་རིན་པོ་ཆེའི་དགོངས་རྫོགས་ལ་གདུང་མཆོད་ཕུལ་བ།

  མི་ཟས་ཀུན་སྤངས་ཀྱི་རྣལ་འབྱོར་བ་ངེས་པ་དོན་གྱི་བླ་མ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ཉིད།  མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།  ཞེས་གསུངས་པ་བཞིན། གདུལ་བྱ་རྟག་འཛིན་ཅན་རྣམས་སུན་ཕྱུང་གི་ཆེད་དུ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པས། དམ་པ་ཉིད་ཀུན་བཟང་རྒྱལ་ས་སྙེག་པ་ལ་མཚན་བཅས་ཀྱི་དགེ་ཚོགས་སྒྲུབ་པའི་རམ་འདེགས་མི་དགོས་ཀྱང་། འདིར་ཚོགས་འགྲོ་བ་ཡོངས་ཀྱི་བསོད་ནམས་དགེ་ཚོགས་བསགས་པའི་རྒྱུ་རུ་དམིགས་ནས། ༧དཔལ་གཤེན་བསྟན་གཡུང་དྲུང་དཔལ་རི་དགོན་གྱི་བླ་སློབ་ཐུན་མོང་གིས་བློ་འགྱོད་དང་ཡིད་ཕམ་ཆེན་པོས་མ་བསྐུལ་དང་ལེན་ཞུས་ཏེ། མགོན་པོ་གང་གི་སྐུ་པར་མཐོང་བ་རང་གྲོལ་མདུན་དུ། མཛེས་པའི་མཆོད་ཚོགས་རྒྱ་ཆེན་བཤམས་ནས། ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་གཏོང་ཞིང་། བླ་མའི་མཆོད་པ། བླ་མའི་གསོལ་འདེབས་ལ་སོགས་དང་མཐར་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་སྟེ་གདུང་མཆོད་ཕུལ་བ་ལགས་ན། དགེ་དེས་ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱིས་གཞི་ཡི་གནས་ལུགས་འབད་མེད་དུ་རྟོགས་ཤིང་། ལམ་གྱི་གསལ་སྣང་རྩལ་རྫོགས་ཏེ། འབྲས་བུ་བོན་སྐུ་བདེ་བ་ཆེན་པོ་མྱུར་ཐོབ་ཤོག

  བོད་ལྕགས་བྱི་ལོའི་ཧོར་ཟླ་དང་པོའི་ཚེས་བཅུ་བདུན་ནམ་སྤྱི་ལོ་༢༠༢༠/༣/༡༡ཉིན།




 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།