གདན་ས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གསལ་བརྡ།

[ཟླ་ཚེས། 2020-03-12 12:38:05][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ༄༅།། ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་སྒོར་ཞུགས་པའི་རྒྱ་ཆེའི་བོན་འབངས་ཡོངས་ཀྱི་སྙན་ལམ་དུ། ཆེད་ཞུ།

  དགོངས་པར་མངའ་གསལ་བཞིན། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སའི་ཚོགས་སྡེ་དང་དགོན་སྡེ་མང་པོ་ཞིག་གིས་ཏོག་དབྱིབས་ཡམས་ནད་སྔོན་འགོག་ཆེད་དུ། འདུ་འཛོམས་ཀྱི་ཡོ་ལང་ཆེ་བའི་མཛད་འཆར་ཁག་ཕར་འགྱངས་བྱས་དང་བྱེད་བཞིན་པར་མ་ཟད། གནས་ཡུལ་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཀྱང་གནས་སྐབས་མི་མང་འདུ་འཛོམས་ལས་འཆར་དག་ཕྱིར་འཐེན་དགོས་པའི་བཀའ་ཁྱབ་རྒྱུད་ལམ་ཁག་ནས་སྤེལ་བཞིན་པ་དང་། རྒྱལ་ཕྱི་ནང་གང་སར་ནས་སྨན་རིའི་སྒྲུབ་ཆེན་མཇལ་བཅར་གྱིས་བྱིན་རླབས་ཞུ་མོས་ཆེ་བ་རྣམས་ལ་འགྲུལ་བཞུད་བདེ་སྟབས་སོགས་ཀྱི་དགེ་དགོས་ཆེད། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་ཕེབས་དགོངས་ཇི་བཞིན། གསལ་བསྒྲགས་སྔོན་སོང་གི་སྨན་རིའི་སྒྲུབ་ཆེན་དུས་ཚོད་ངེས་མེད་རིང་ཕྱིར་འགྱངས་བྱེད་རྒྱུ་དང་། གཏན་འབེབས་རན་པའི་དུས་ཚོད་བྱུང་མཚམས་གསལ་བརྡ་དུས་ཐོག་ཏུ་འབུལ་རྒྱུ་ལགས་ན། དེ་དོན་ཅིས་ཀྱང་དགོངས་འཇགས་ཡོང་བར་ཞུ་བཅས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།