སྡེ་དགེའི་ལྷོ་ཁོག་ཁྱུང་དཀར་དཔོན་རྒན་དགོན་ནས་གྲུབ་ཆེན་རིན་པོ་ཆེའི་འདས་མཆོད་འཚོགས་པ།

[ཟླ་ཚེས། 2020-03-04 09:16:53][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྡེ་དགེའི་ལྷོ་ཁོག་ཁྱུང་དཀར་དཔོན་རྒན་དགོན་ནས་གྲུབ་ཆེན་རིན་པོ་ཆེའི་འདས་མཆོད་འཚོགས་པ།

  འུ་ཅག་འགྲོ་བ་ཀུན་གྱི་བླ་རུ་གྱུར་པའི་༧ངེས་པ་དོན་གྱི་གྲུབ་ཆེན་དམ་པ་༧ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོས་ཕྲལ། ཁྱུང་དཀར་དཔོན་རྒན་དགོན་གཡུང་དྲུང་དར་རྒྱས་གླིང་ནས། མཆོག་སྤྲུལ་གཡུང་དྲུང་གཙུག་ཕུད་རྒྱལ་མཚན་དབུས་པའི་གྲྭ་ཚང་ཡོངས་རྫོགས་དང་། བཙུན་མ་རྣམས་དང་། དད་ལྡན་ལྷ་སྡེ་འབངས་མི་བཅས་ལྷན་ཏུ་འཛོམས་ནས། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སངས་རྒྱས་སྟོང་གི་མཆོད་པ་དང་། བླ་མ་མཆོད་པ། གྲུབ་རྗེ་རིན་པོ་ཆེའི་གསོལ་འདེབས། ཚེ་དབང་སྨོན་ལམ། བོན་སྐུའི་སྨོན་ལམ། མར་མེ་ཉིན་མཆོད་དང་མཚན་མཆོད་བཅས་གྲ་རྒྱས་པ་དང་སྤུས་ལེགས་ཀྱིས་དགོངས་རྫོགས་གདུང་འདེབས་མཆོད་འབུལ་ཞུས་པ་ལགས་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བའི་རྒྱུ་དང་ཁྱད་པར་དུ་རྩ་བའི་བླ་མ་རིན་པོ་ཆེའི་དགོངས་པ་དགྱེས་པའི་རྟེན་དུ་ཤོག་ཅིག་གུ།











 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།