«སྦྲ་ཞང་ཞུང་རིག་གནས»རྩོམ་ཡིག་འཚོལ་བའི་བརྡ་ཁྱབ།

[ཟླ་ཚེས། 2020-03-03 19:50:07][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

«སྦྲ་ཞང་ཞུང་རིག་གནས»རྩོམ་ཡིག་འཚོལ་བའི་བརྡ་ཁྱབ།

  ༧ གནའ་སྲོལ་དེང་རབས་ཤེས་བྱའི་མཁས་དབང་རྣམ་པ་དང་། གཞོན་སྐྱེས་སྨྱུག་ཐོགས་པ་རྣམ་པའི་གསེར་སྙན་དུ་ཞུ་གསོལ།
     རང་རེའི་ཞང་བོད་ཐུན་མིན་རིག་པའི་གཞུང་ལུགས་མདོ་སྔགས་སེམས་གསུམ་སྤྱི་དང་། སྦྲ་ཆེན་རང་ས་ནས་དར་ཞིང་རྒྱས་པའི་ཞང་ཞུང་རིག་གནས་དང་དམངས་ཁྲོད་ཀྱི་གཏམ་དཔེ་ཡན་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་དགོས་པའི་འགག་རྩའི་དུས་ཀྱི་འགན་དུ་འཁྲི་ཞིང་། དེ་ཡང་དེང་རབས་སྤྱི་ཚོགས་ཁྲིམས་དང་མཐུན་པའི་ཁ་ཕྱོགས་རྒྱུན་འཁྱོང་ཐོག ང་ཚོའི་ཁོར་ཡུག་གཞོན་སྐྱེས་མང་པོར་སུམ་རྟགས་དག་གསུམ་གཙོས་རིག་པའི་གནས་ལ་ཁ་ཕྱོགས་ཚ་རླབས་འཕྱུར་བའི་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་ན་གཞོན་རིག་སྨྲའི་ཁྱུ་ཚོགས་བསྐྱེད་སྲིང་ཡོང་ཐབས་ལྷག་བསམ་དཀར་པོས། རྩོམ་རིག་སྤྱི་དང་ཁྱད་པར་དེང་རབས་དཔྱད་རྩོམ་སྐོར་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཐུབ་པའི་སྒོ་དུ་མར་དམིགས་ཏེ། སྦྲ་ཆེན་ཁུལ་གྱི་སེར་སྐྱ་རིས་སུ་མ་ཆད་པར་རྩོམ་འབྲི་བ་ཡོངས་ཀྱིས་མ་གྲོས་བསམ་པ་ཅིག་ཏུ་རུ་དཔུང་མཉམ་སྒྲིག་སྟེ་རྩོམ་ཡིག་ཕྱོགས་བསྡུས་དཔྱད་དེབ་བཟོ་རྒྱུ་དང་། <སྦྲ་ཞང་ཞུང་རིག་གནས་>ཞེས་པའི་དཔྱད་རྩོམ་ནང་དོན་བགྲོ་གླེང་གྲོས་ཚོགས་འདི་ལོའི་དབྱར་ཁར་འཚོགས་འཆར་སྟ་གོན་བརྩོན་བཞིན་ཡོད་པས། བགྲོ་གླེང་གནང་རྒྱུའི་དཔྱད་རྩོམ་སྟེ། རྒྱལ་ཁབ་ཀྱི་ཁྲིམས་སྲོལ་མི་མཐུན་པ་དང་། ཆོས་ལུགས་ཕན་ཚུན་འགལ་འདུ་མི་སྒེར་སྐྱོན་བརྗོད་རིགས་མ་ཡིན་པའི། ༡རྒྱལ་རབས་ལོ་རྒྱུས། <སྦྲ་ཞང་ཞུང་ལོ་རྒྱུས་གཙོར་བྱས་པའི་འབྲེལ་ཡོད་ཀྱི་ལོ་རྒྱུས> ༢ གཞུང་ལུགས། <མདོ་སྔགས་སེམས་གསུམ་གྱི་གཞི་ལམ་འབྲས་གསུམ> ༣སློབ་གསོ།<མཐུན་སྒྲིལ་གཙོར་བྱས་པའི་ཡར་ཐོན་བསླབ་བྱ།> ༤རིག་གནས།<སྦྲ་ཆེན་སྲོལ་རྒྱུན་དང་དམངས་ཁྲོད་ཀྱི་རིག་གནས་སྐོར> བཅས་ལ་རྩོམ་སྟངས་ཐད་དེང་དུས་ཀྱི་དཔྱད་རྩོམ་འབྲི་ཐབས་ཁྱད་ཆོས་ལྡན་པའི་དག་ཆ་སྤུས་གཙང་ཧི་མ་ལ་ཡའི་ཡིག་གཟུགས་ཅན་དུ་དགོས། རྩོམ་འབྲི་བའི་མཚན་དང་། ཕ་ཡུལ། བསླབ་གནས། ད་ལྟའི་བཞུགས་གནས་བཅས་གསལ་བ། རྩོམ་ཡིག་ཁག་༢༠༢༠ལོའི་སྤྱི་ཟླ་༧་པའི་ཚེས་༡༠་སྔོན་དུ་འབྲེལ་ཡོད་མི་སྣའི་ལག་ཏུ་འབྱོར་དགོས། དེ་ལྟར་མ་བྱུང་ཚེ་འདི་ལོའི་བགྲོ་གླེང་དུ་ཞུགས་མི་ཐུབ་ལ་རྩོམ་འབྱོར་བ་དག་ཀྱང་དཔྱད་ཞིབ་བྱས་ཏེ་འོས་ཡོད་རྣམས་ལ་བརྡ་ལན་འབུལ་རྒྱུ་མ་ཟད། དེ་མིན་མ་རྩོམ་རྣམས་སོ་སོར་ཉར་ཚགས་གནང་དགོས་པ་ལས་ཕྱིར་འབུལ་ཞུ་རྒྱུ་མིན་པ་དང་། རྩོམ་ཡིག་གི་རིན་ཐང་གཞིག་སྟེ་རྩོམ་སྒྲིག་འཚོགས་པའི་ཁོང་མི་བདམས་ཐོན་བྱ་རྒྱུ་དང་བཅས་དེ་ལུགས་དགོངས་འཇགས་འཚལ།

  འབྲེལ་གཏུགས་མི་སྣ། ཤེས་རབ་མཐར་ཐུག  ༡༨༠༠༨༩༦༦༧༦༦   སྦྲ་ཆེན་བསྟན་འཛིན་ཡེ་ཤེས།  ༡༨༩༨༩༩༩༩༩༩༨

  ས་གནས།  སྦྲ་ཆེན་ཡར་ཀླུང་གཙང་པོའི་འཛུགས་སྐྲུན་ཚད་ཡོད་ཀུང་སི།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།