ཁམས་སྡེ་དགེ་བླ་ཁྲི་དགོན་བཤད་སྒྲུབ་འདུས་སྡེ་ནས་གྲུབ་ཆེན་རིན་པོ་ཆེའི་དགོངས་རྫོགས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2020-03-02 21:37:31][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁམས་སྡེ་དགེ་བླ་ཁྲི་གཡུང་དྲུང་བོན་ཆེས་མཐོའི་གཡུ་རི་བཤད་སྒྲུབ་འདུས་སྡེ་ནས་གྲུབ་ཆེན་རིན་པོ་ཆེའི་དགོངས་རྫོགས་གདུང་མཆོད་ཕུལ་བ།

  བླ་མེད་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ངེས་པ་དོན་གྱི་བླ་མ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ཉིད་གདུལ་བྱ་རྟག་པར་འཛིན་རྣམས་སུན་ཕྱུང་གི་ཆེད་དུ་སྐུ་ཚེ་མཐའ་ཅན་དུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོས་པ་ལ། ཉམ་ཆུང་དགེ་མ་ཁྲི་ཕྲག་དང་མཁོས་ཞན་བོན་འབངས་བྱེ་ཕྲག་གི་སྐྱབས་གནས་བསྟན་པའི་ཀ་ཆེན་དམ་པ་ཞིག་ས་རུ་འགྱེལ་བའི་འདུ་ཤེས་དང་། འདི་ག་བཤད་སྒྲུབ་འདུས་པའི་སྡེ་ལ་དམིགས་བསལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་རྒྱབ་རྟེན་རྩ་བླ་དམ་པ་ཞིག་དགོངས་པ་བོན་དབྱིངས་སུ་ཐིམས་པའི་མྱ་ངན་གྱིས་ལུས་སེམས་རབ་ཏུ་གཟིར་བའི་འདི་གནས་དགེ་སློབ་ཐུན་མོང་གིས་བློ་འགྱོད་དང་ཡིད་ཕམ་ཆེན་པོས་མ་བསྐུལ་དང་ལེན་ཞུས་ཏེ། མགོན་པོ་གང་གི་སྐུ་པར་མཐོང་བ་རང་གྲོལ་མདུན་དུ། རྒྱལ་བ་མཉམ་མེད་ཆེན་པོའི་ཚོགས་མཆོད་རྒྱས་འབུལ་དང་། བླ་མ་མཆོད་པ། ཚེ་དབང་སྨོན་ལམ་བཅས་ཀྱིས་གདུང་མཆོད་ཕུལ་བ་ལགས་ན། མ་ལུས་སྐྱེ་དགུ་མཐའ་དག་གནས་ལུགས་རིག་པའི་ཡེ་ཤེས་ཀྱི་རྒྱལ་སར་ནོན་པའི་རྒྱུར་གྱུར་ཅིག་གུ། ༢༠༢༠/༢/༣༠/ཉིན།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།