ཚ་ལུང་དགོན་པས་༧ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་ཕུལ་བ།

[ཟླ་ཚེས། 2020-01-29 20:06:23][རྩོམ་པ་པོ། བཀོད་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  གཡུང་དྲུང་བོན་གྱི་ཡང་དར་བསྟན་པའི་གསལ་བྱེད། སྨྲ་སེང་མི་ཡི་རྣམ་རོལ། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་བསྟན་པ་དང་འགྲོ་བའི་དོན་དུ་རྒྱལ་བ་གོང་མའི་མཛད་བཟང་བསྐྱངས་ནས་དགུང་ལོ༩༥ཕེབས་པ་ལ་བཀའ་དྲིན་རྗེས་དྲན་དང་། སླད་མར་ཡང་གང་སྐུ་གསེར་གྱི་ཉི་མ་བསྟན་དང་འགྲོ་བའི་དོན་དུ་ལྷང་ངེ་ལྷན་ནེ་ལྷམ་མེར་འཆར་བའི་བརྟན་བཞུགས་སུ་གྲྭ་ཚང་གིས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་བསྐོར་ཏེ། བོན་སྐྱོང་སྲུང་མ་རྣམས་ལ་བསྐང་གསོལ་དང་འཕྲིན་བཅོལ་སོགས་མཛད་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།