རི་དམར་དགོན་ནས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ་བའི་གནས་ཚུལ།

[ཟླ་ཚེས། 2020-01-28 12:45:02][རྩོམ་པ་པོ། ཟུར་མང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ཞྭ་དཀར་བསྟན་པའི་མངའ་བདག་རྒྱལ་བ་སྨན་རི་ཚང་གི་མཁན་རབས་གསུམ་གྱི་ཡོངས་འཛིན་མཚན་བརྗོད་པར་དཀའ་བ༧སློབ་དཔོན་བསྟན་འཛིན་རྣམ་དག་གམ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གིས་སངས་རྒྱས་འཕགས་པའི་མཛད་པ་སྐྱོང་ནས་སྐུ་ཡི་དགུང་གྲངས་གོ་ལྔར་ཕེབས་པའི་དུས་སྟོན་གྱི་ཉིན་དེར།  དཔལ་གཤེན་བསྟན་རི་དམར་སྐལ་བཟང་གླིང་གི་བསྟན་བདག་ཁྲི་འཛིན་བླ་མ༧ཚོགས་ལམ་བཟང་པོ་མཆོག་གིས་དབུ་ཁྲིད་འོག་བླ་གྲྭ་དང་བོན་གཤེན་བཞི་བཅུ་ལས་བརྒལ་བ་དག་གིས་​ཡོངས་འཛིན་སྨྲ་བའི་སེང་གེས་དགུང་ལོ་གོ་ལྔའི་རིང་བསྟན་དང་འགྲོ་བའི་དོན་དུ་སྐུ་ངལ་ཚད་མེད་གནང་བར་ཐུགས་རྗེ་ལེགས་གསོལ་དང་།
   སླད་མ་འོངས་བསྟན་འགྲོའི་མགོན་དུ་ཞབས་པད་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་བརྟན་བཞུགས་ཀྱི་ཚུལ་དུ་སྔ་དྲོའི་དུས་ཚོད་དེར་སྐུ་པར་མཐོང་གྲོལ་ཆེན་པོའི་མདུན་དུ་མཆོད་པ་རྣམ་ལྔ་བཤམས་ནས་མནྜལ་སྐུ་གསུང་ཐུགས་རྟེན་ཕུལ་བ་དང་། དེ་ནས་བླ་མ་མཆོག་དབུ་བཞུགས་ཀྱི་ཐོག་ནས་ཚེ་དབང་བྱ་རི་མའི་ཚོགས་འཁོར་རྒྱས་འབུལ་གནང་བ་དང་ལྷ་སྡེ་མང་ཚོགས་རྣམས་པས་ལྷ་དར་དྲི་མེད་དཀར་པོ་ཕུལ་ནས་མཇལ་ཁ་ཞུས་གནང་བ་རེད།   
   དགེ་རྩ་འདི་དག་གིས་ཀྱང་སྐྱབས་རྗེ་བླ་མ་མཆོག་གིས་སྐུ་ཚེ་བསྐལ་བརྒྱ་ལས་བརྒལ་བ་བཞུགས་ཤིང་མཛད་འཕྲིན་མཐའ་དག་གེགས་མེད་དུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག།  
ཐ་ཚན་མུ་ཙུག་སྨར་རོ།། 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།