ཕུག་ལེབ་དགོན་སྨིན་གྲོལ་བསམ་གཏན་གླིང་ནས་གོ་ལྔའི་བརྟན་བཞུགས་ཕུལ་བ།

[ཟླ་ཚེས། 2020-01-27 14:14:37][རྩོམ་པ་པོ།  ཕུག་ལེབ་དགོན་སྨིན་གྲོལ་བསམ་གཏན་གླིང་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   བོད་ལྕགས་ཕོ་བྱི་བའི་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན།  གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་༧ སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དགུང་གྲངས་གོ་ལྔར་ཕེབས་པའི་གནམ་འོག་བོན་འབངས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་དགའ་སྟོན་དང་སྐུ་ཚེ་ལ་འགལ་རྐྱེན་མི་འབྱུང་བའི་ཆེད་བརྟན་བཞུགས་མན་འདལ་དང་ཚོགས་བསགས་སྒྲིབ་སྦྱོང་གི་དགེ་བ་བརྩོན་བཞིན་པའི་སྐབས་འདིར།  
   ངེད་ཕུག་ལེབ་དགོན་སྨིན་གྲོལ་བསམ་གཏན་གླིང་གི་དབུ་འཛིན་བླ་མ་དབྲ་ཁྱུང་གཡུང་དྲུང་མགོན་པོ་གཙོས་པའི་འདུས་པ་ཡོངས་ཀྱིས་རྗེ་བླ་མ་ཡོངས་འཛིན་བསྟན་འཛིན་རྣམ་དག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་འདན་འདྲེན་ཞུས་ཏེ་མི་འཇིག་གདོང་ལྔས་བཏེགས་པའི་ཁྲི་རུ་བཤམས་ནས་མན་འདལ་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམ་ལྔ་སོགས་བརྟན་བཞུགས་རྒྱས་འབུལ་ཞུས་པའི་གནས་ཚུལ་མདོར་བསྡུས་སུ།   
                          ༢༠༡༢ལོའི་ཟླ་༡༢པའི་ཚེས་༢༧ཉིན།
                          ཕུག་ལེབ་དགོན་སྨིན་གྲོལ་བསམ་གཏན་གླིང་འདུས་སྤྱི་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།