༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་ཕུལ་བ།

[ཟླ་ཚེས། 2020-01-12 21:32:19][རྩོམ་པ་པོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་སློབ་དཔོན་ཡོངས་འཛིན་སྨྲ་བའི་དབང་པོའི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་མཛད་སྒོ།

  ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་སངས་རྒྱས་ལས་ལྷག་པའི་ཞྭ་དཀར་བསྟན་པའི་གཙུག་རྒྱན༧ གསང་གསུམ་བོན་གྱི་མཛོད་འཛིན༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོར་བསྟན་འགྲོར་སྨན་པའི་མཛད་འཕྲིན་གྱི་ཞབས་རྗེས་དང་།
རྣམ་དཔྱོད་ཀྱི་ཕྱག་རྗེས་བླ་མེད་བསྐྱངས་ཏེ་སྐུའི་དགུང་གྲངས་གོ་ལྔ་ཕེབས་པའི་ཚེ་ལོ་བཀྲ་ཤིས་ཀྱི་དུས་འདིར་མཆོག་སྐུ་ཧ་རིའི་ལྗོན་པར་མཛད་འཕྲིན་གྱི་ལོ་འབྲས་གཡུར་དུ་སྨིན་ཏེ་གསང་གསུམ་གྱི་མཛད་པ་མཐར་རུ་ཕྱིན་ནས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་སྤྱི་དང་། ཁྱད་པར་དུ་སྐུ་ཚེ་ཧྲིལ་པོར་བསྟན་དང་འགྲོ་བའི་དཔལ་དུ་རེ་བ་ཆེ་ས་ནས་རྒྱབ། སྐུ་ངལ་འཛད་མེད་གནང་བ་དེ་ལ་བོན་འབངས་ཡོངས་ཀྱིས་སྐུ་དྲིན་ཡིན་པ་ངོ་ཤེས། བཀའ་དྲིན་ཆེ་བ་དོན་རྟོགས་ནས།  
   དེ་རིང་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་པའི་ཚོགས་འདུའི་སྐབས་དང་བསྟུན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང་། བློ་འདྲི་མི་སྣ། དྲུང་ཡིག་ཚན་ཁག རྒྱུན་ལས་མི་སྣ། ཚབ་མཚོན་རང་བཞིན་ལྡན་པའི་མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་དགེ་བཤེས་འདུས་སྡེ་བརྒྱ་ལ་ཉེ་བ་ཞིག་དང་།
   དེ་བཞིན་མི་རིགས་མང་པོའི་དད་ལྡན་སློབ་མ་སྐྱ་སེར་རིས་མེད་རྣམས་ལྷན་དུ་འཛོམས་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་བརྟན་བཞུགས་མཛད་སྒོར་འཚོགས་པ་དེ་ཆེས་རིན་ཐང་ལྡན་པའི་བསོད་ནམས་ཀྱི་བགོ་སྐལ་ཞིག་དང་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ཉིན་མོའི་གནས་ཚུལ་མདོར་བསྡུས་སུ་བཀོད་པའོ།།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས།   ༢༠༢༠་༡་༡༡ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།