ཤེས་རིག་གི་འོད་འཚེར་བཞིན་མི་ཚེའི་རིན་ཐང་འདི་ལྟར་འཚོལ་བཞིན་ཡོད།

[ཟླ་ཚེས། 2019-11-22 21:39:16][རྩོམ་པ་པོ། ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ༢༠༡༩/༡༡/༡༢་ནས་ལོ་གཅིག་གི་མཐར་རྒྱུགས་ཆེན་མོ་ས་སྟོད་ཡར་འོང་དགོན་དུ་གྲུབ་མཐའ་རིས་སུ་མ་ཆད་པར་ལྷན་གཅིག་ཏུ་ཚོགས། རྒྱུགས་གཞི་ཆེ་པོ་དགུ་ལས་གྲུབ་པའི་རྒྱུགས་སྤྲོད་འདི་ནི་འཐུས་སྒོ་ཚང་ལ་གཟི་བརྗིད་ལྡན་པ་ཞིག་རེད། ལྷག་པར་དུ་རྒྱུགས་ཞུགས་པ་སྟོང་ཕྲག་ལྷག་ལས་རྒྱན་འཕངས་ཏེ་སུ་ལ་བབས་ན་དེས་རྒྱུགས་སྤྲོད་དགོས་ལ་རྒྱུགས་གཞི་ཡང་ལོ་གཅིག་གི་གཞུང་ཁྲིད་ནང་ནས་རྒྱན་ལེན་དགོས་པས་སློབ་མ་དཀྱུས་མ་ཚོ་ལ་མཚོན་ན་ལས་སླ་བོ་ཞིག་མ་ཡིན་ནོ།། འོན་ཀྱང་ཉིན་མཚན་མེད་པར་འབད་བརྩོན་བྱས་པ་ལ་བརྟེན་ནས་སུས་ཀྱང་རྒྱུགས་ཐབས་མ་ཆགས་པ་རེ་འབུལ་ཐུབ་པ་འདི་ནི་ཁམས་ཉག་རོང་ལུང་པའི་རེ་བ་ཞིག་དང་གཟི་བརྗིད་ཅིག་ཅི་ལ་མིན།

མི་བུ་སུ་ཞིག་ཡིན་རུང་ཐེངས་དང་པོ་ནས་བྱ་གང་ཡིན་ཡང་ལེགས་འགྲུབ་འབྱུང་དཀའ་ཡིན་ན་ཡང་ཁྱེད་རང་འདི་ལྟར་མཁས་མང་སྟོང་ཕྲག་ལྷག་གི་མདུན་ནས་རྗེའི་ཚད་མ་རྣམ་འབྱེད་འཆད་རྒྱུགས་འབུལ་ཐུབ་པ་ནི་སྔོན་བསགས་ཀྱི་ལས་དབང་བཟང་ཤོས་དང་ཕྲལ་རྐྱེན་གྱི་བརྩོན་པ་ཆེར་བསྐྱེད་ལས་བྱུང་བས་ཀུན་གྱིས་ཡི་རང་ཕུལ་བཞིན་ཡོད་དོ།།

ཁྱེད་རང་འདི་ལྟར་བརྩོན་པ་ཆེར་བསྐྱེད་ཀྱིས་རིག་གནས་ཀྱི་རྐང་བ་ཚུགས་པའི་རྒྱ་རོང་སློབ་གླིང་ནས་མཐར་ཕྱིན་ཀྱང་སློབ་གཉེར་གྱི་འཚམས་མ་འཇོག་པར་སླར་ཡང་ཚད་མ་རིག་པའི་སྒོར་འཇུག་པ་ནི་མི་བུ་རང་ཚུགས་ཅན་གྱིས་རང་གཤིས་ཡིན་པས། མ་འོངས་པའི་ལམ་ཁ་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་ངེས་ད་ལན་ཁྱེད་ཀྱི་ཀུན་མཁྱེན་བསྡུས་གྲྭ་ལས་དཔྱད་རྩོམ་དམ་བཅའ་བཞག་ཐུབ་པ་ནི་ཁྱེད་རང་གི་བརྩོན་པ་ལས་བྱུང་བ་ཡིན་ལ་ཁྱེད་ནི་མ་གཞི་ནས་བགྲོ་གླེང་ལ་བྱང་ཞིང་ལྷོད་ཆ་ལ་འབྱོར་བ་ཞིག་ཏུ་གནའ་ནས་གྱུར་ཚར།

ཁྱེད་རང་འདི་ལྟར་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་དང་སློབ་གཉེར་བ་སྟོང་ཕྲག་ལྷག་གི་མདུན་ནས་བཀའ་དྲི་མ་མེད་པ་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་རྒྱུགས་འབུལ་བ་ནི་ཁྱེད་རང་ཙམ་དུ་མ་ཟད་གཡུང་དྲུང་བོན་གྱི་འོད་སྣང་དང་སློབ་མ་ཡོངས་ཀྱི་གཟི་བརྗིད་ཅིག་རེད། མ་འོངས་པའི་མདུན་ལམ་ནི་ད་ལྟའི་བརྩོན་པ་ལ་རག་ལས་པས་ན་ཁྱེད་ཀྱིས་སྔར་ལས་ལྷག་པའི་གོམ་གང་མདུན་སྤོས་ཀྱི་བརྩོན་པ་བསྐྱེད་རྒྱུ་བརྗེད་མི་རུང་།

   ང་ཚོའི་མིག་དཔེ་རུ་གྱུར་པའི་ཚན་ལྡན་གྱི་སློབ་གཉེར་བ་ཁྱེད་ཀྱི་མི་ལོ་བཅུ་ཕྲག་བཞིའི་ཐོག་ནས་གཟོད་སློབ་གཉེར་ལ་ཞུགས་ཏེ་འབད་བརྩོན་གཞན་ལས་ལྷག་པའི་གྲུབ་འབྲས་འདི་ལྟར་དགོན་ཁག་དྲུག་ཅུའི་སློབ་གཉེར་བའི་མདུན་དུ་ངོམ་རིན་ཡོད་པ་ནི་མི་ཚེ་རིན་ཐང་ཡིན་ལ་ང་ཚོའི་མིག་དཔེའང་ཡིན། ཁྱེད་བློ་སྤོབས་དང་ཆོད་སེམས་ལ་ཀུན་ཀྱིས་བསྔགས་བྱེད་བཞིན་ཡོད་ལ་ཧ་ཡང་ལོས་ཀྱི་ཡོད་དོ།།

   ཁྱེད་ནི་མ་གཞི་ནས་མི་གཞི་ལྷུན་གྱིས་གྲུབ་པ་ཞིག་ཡིན་པས་ལྷོད་ཆ་དང་ནན་ཏན་ནི་རང་གཤིས་སུ་གྲུབ་ཡོད། ཤེས་རབ་དང་འཚམ་པའི་བརྩོན་འགྲུས་ཤིག་ཁྱེད་ལ་ཡོད་པས་ཁྱེད་རང་འདི་ལྟར་མདུན་དུ་བསྐྱོད་སོང་། ཁྱེད་རང་འདས་པ་ལས་མ་འོངས་པ་ན་ལམ་ཁ་རིང་བས་ཁྱེད་རང་སྔར་བཞིན་མདུན་དུ་བསྐྱོད་དགོས། ཁྱེད་རང་གི་མི་ཚེ་ནི་འོད་སྟོང་ལྡན་པ་ཞིག་ཡིན་པ་ཁྱེད་རང་གི་མི་གཞི་ལས་གྲུབ་ཡོད་པས་དེ་ཙམ་གྱིས།

   གསར་ཞུགས་སློབ་མ་ཁྱེད་རང་རྟའུ་ནས་སྐྱེས་ཀྱང་རྒྱ་རོང་ནས་དར་ལ་ཉག་རོང་ནས་གྲགས་ལ་ཉེ་གོམ་པ་དང་པོ་རེ་བས་སྤོས་ཡོད་ལ་གོམ་སྟབས་རྗེས་མ་སློབས་་པས་བསྐྱོད་པའི་ཡི་ཆེས་ཡོད་ཁྱེད་རང་མ་གཞི་ནས་ས་གནད་མཆོད་རྟེན་དང་འདྲ་བ་གཞན་ལས་འགན་ཁྲི་ལྕི་ལ་མཛད་ཕྲིན་མང་བས་སྔར་ལས་བརྩོན་པ་བརྒྱ་འགྱུར་གྱིས་བསྐྱེད་རན་ཡིན།

ཕུལ་བྱུང་གི་བྱ་དགའ་ཐོབ་པའི་སློབ་མ་ཕུར་བསོད་ནམས་རྒྱལ་མཚན་དང་གངས་བཀྲ་རྒྱལ་རྣམ་གཉིས།

ཨང་དང་པོའི་རྩེ་བུད་བྱ་དགའ་ཐོབ་པའི་སློབ་མ་བཞི་ངེས་དོན་རྒྱ་མཚོ། ཉི་མ་བློ་གསལ། ཤེས་རབ་བློ་གྲོས། རྒྱལ་མཚན་ནོར་བུར་བཅས་སོ།།

ཨང་དང་པོའི་བྱ་དགའ་ཐོབ་པའི་མི་བཅུ་བཞི་སྟེ། གཡུང་དྲུང་དཔལ་་ཟང་། ཚུལ་ཁྲིམས་སྨོནལམ། བཀྲ་ཤིས་བསྟན་འཛིན། མགོན་པོ་རྣམ་རྒྱལ། ཡེ་ཤེས་འཆི་མེད། གཡུང་དྲུང་ཡེ་ཤེས། ཀུན་བཟང་རྣམ་རྒྱལ། ཉི་མ་དབང་རྒྱལ། བསོད་ནམས་དབང་ཆེན། སྟོན་པ་འོད་ཟེར། ཤེས་རབ་བསྟན་འཛིན། ཀུན་བཟང་ཤེས་རབ། ཁྲི་གཙུད་། བསྟན་འཛིན་ནམ་མཁའ།

ཨང་གཉིས་པའི་བྱ་དགའ་ཐོབ་མཁན་སློབ་མ་བཅུ་གཅིག  ཀུན་གསལ། གཡུངདྲུང་ཉི་མ། རྒྱལ་མཚན་ཉི་མ། ཀུན་བཟང་ཕྲིན་ལས། ཟླ་བ་གྲགས་པ། རྒྱ་མཚོ། གངས་གཡུང་དྲུང་། ཀུན་བཟང་རྣམ་རྒྱལ། ཚོགས་ཉིད། པད་མ་འོད་ཟེར། ལྷུན་གྲུབ་རྒྱལ་མཚན།

ཨང་གསུམ་པ་ཐོབ་པའི་སློབ་མ་ལྔ། འཆི་མེད་རིག་འཛིན། གཡུང་དྲུང་རབ་བརྟན། ཐོགས་མེད་བདུད་འཇོམ། འཇམ་དཔལ་བཟང་པོ། ཡོན་ཏན་བདུད་འདུལ།

དམིགས་བསལ་བློ་རྒྱུགས་ཤོ་ལོ་ཀ་སྟོང་ཡན་ཕུལ་བས་ཨང་དང་པོ་ཐོབ་མཁན་སློབ་མ་བཅུ་གཉིས།

དམིགས་བསལ་བློ་རྒྱུགས་ཤོ་ལོ་ཀ་བདུན་བརྒྱ་ཡས་ཕུལ་བས་ཨང་གཉིས་པའི་བྱ་དགའ་ཐོབ་མཁན་ཀུན་གསལ།

དམིགས་བསལ་བློ་རྒྱུགས་ཤོ་ལོ་ཀ་ལྔ་བརྒྱ་ཡས་ཕུལ་བས་ཨང་གསུམ་པ་ཐོབ་པའི་སློབ་མ་བཅུ་བདུན། 

བཀའ་པོད་དམ་བཅའ་བཞག་པའི་སློབ་མ་བཞི་དངོས་བབས་ལྷུན་གྲུབ་རྒྱལ་མཚན།

དཔྱད་རྩོམ་དམ་བཅའ་བཞག་མཁན་སློབ་མ་གཉིས་དངོས་བབས་ཀུན་བཟང་ཤེས་རབ།

བགྲོ་གླེང་དམ་བཅའ་བཞག་པའི་སློབ་མ་བརྒྱད་དངོས་བབས་ཀུན་བཟང་རྣམ་རྒྱལ། 

བྲིས་གཟུགས་བྱ་དགའ་ཐོབ་པའི་སློབ་མ་གཉིས། 

རྒྱུགས་གྲལ་དུ་ཞུགས་པའི་སློབ་མ་ལྷན་རྒྱས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།