མདོ་ཁམས་ཀྱི་བཙུན་མའི་འཇང་དགུན་ཆོས་ཆེན་མོ་རུ་རྒྱལ་རོང་དགོན་གྱི་དགེ་སློབ་རྣམས་མཉམ་ཞུགས་བྱས་པ།

[ཟླ་ཚེས། 2019-08-29 18:55:27][རྩོམ་པ་པོ། ཀླུ་གཅིག་དཀར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

        སྤྲུལ་འཆི་མེད་གཡུང་དྲུང་དང་དཔོན་སློབ་ཤེས་རབ་སྦྱིན་པ་གཉིས་ཀྱི་བཀའ་དྲིན་དང་ཐུགས་སྟོབས་དཔུང་བ་མཉམ་གཤིབ་ཀྱིས་ད་ལོ་སྟེ་སྤྱི་ལོ 2019 ལོར་མདོ་ཁམས་ཀྱི་བཙུན་མའི་འཇང་དགུན་ཆོས་ཆེན་མོ་རུ་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་ཚང་གི་དགེ་སློབ་རྣམས་མཉམ་ཞུགས་བྱ་རྒྱུའི་སྐལ་བ་ལྡན་ཞིང་གྲུབ་མཐའ་གཞན་དང་ཆོས་བརྒྱུད་མི་འདྲ་བའི་རྩོད་ལྡན་རིགས་པ་སྨྲ་བའི་དཔུང་ཚོགས་དང་མཉམ་དུ་མཁས་མང་སྟག་སེང་ལྟ་བུ་འདུས་པའི་ཚོགས་གྲལ་དུ་རྩོད་པ་གཏོང་རེས་དང་དམ་བཅར་འདུག་རེས་བྱས་ཏེ་སྙན་གྲགས་ཀུན་གསལ་སྒེག་མོའི་ཁྱོན་ན་གྲགས་ཤིང་། ལྷག་པར་དུ་བོན་གྱི་བཙུན་མའི་འདུས་སྡེ་ལ་དབུ་འབྱེད་གསར་བ་ཞིག་དང་སྣེ་ཁྲིད་ཡང་དག་ཅིག་བྱས་ཏེ་སྔར་མེད་པའི་སྟོང་ཆ་གལ་ཆེན་ཞིག་ཁ་གསབ་བྱས་ཡོད་པ་དང་སྔར་མེད་ལོ་རྒྱུས་གསར་བ་ཞིག་གི་དབུ་ཁྱུད་དམ་དུ་བྲིས་ཡོད་པ་སོགས། མདོར་ན་དེར་འདུས་ཀྱི་དགེ་བའི་བཤེས་གཉེན་རྣམས་དང་ལྷ་རམས་པ་བཅས་ཀྱིས་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་མ་རྣམ་པའི་སྤྱོད་ཡོན་གཉིས་ཀྱི་སྟེང་ནས་བསྟོད་བསྔགས་དང་ཡི་རངས་ཚད་མཐོན་པོར་བྱས་ཏེ་བཀའ་དྲིན་ཞུས།


  ལྷག་ཏུ་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་གཤེན་རབ་མི་བོ་ཞལ་བཞུགས་པའི་དུས་སུ་ཕོ་གྲལ་གཡས་དང་མོ་གྲལ་གཡོན་དུ་མཛད་ནས་མདོ་སྔགས་རྫོགས་གསུམ་དང་རིག་པའི་གནས་གང་ལའང་འདྲ་མཉམ་གྱི་ཐོག་ནས་སྦྱོང་ཆོག་པའི་ལུགས་སྲོལ་གྱི་ལམ་ཀར་ཞུགས་ཏེ། ད་ལན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་ཞབས་ཞུ་དང་། དེ་འཛིན་གྱི་སྐྱེས་ཆེན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པའི་མཛད་འཕྲིན་ལ་འོད་མདངས་བླ་ན་མེད་པ་ཞིག་ཀྱང་སྤྲོས་ཡོད་པའི་སྤོབས་པ་སྲིད་པའི་རི་བོ་ཧི་མ་ལ་ཡའི་རྩེ་མོར་སླེབས་ཡོད།


  ཀླུ་གཅིག་དཀར་ནས། ༢༠༡༩/༨/༢༩ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།