ཞང་བོད་ཚིག་མཛོད་ཆེན་མོའི་ཆེད་མཁས་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ།

[ཟླ་ཚེས། 2019-06-15 17:25:59][རྩོམ་པ་པོ། གོ་སྒྲིག་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །རྒྱལ་ཁབ་རིམ་པའི་མི་རིགས་ཡིག་ཆའི་དཔེ་སྐྲུན་མ་དངུལ་རོགས་སྐྱོར་གྱི་རྣམ་གྲངས་༼ཞང་བོད་ཚིག་མཛོད་ཆེན་མོའི༽ཆེད་མཁས་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ།

  སྤྱི་ལོ་༢༠༡༩ལོའི་ཟླ་༦པའི་ཚེས་༡༤ཉིན། རྒྱལ་ཁབ་རིམ་པའི་མི་རིགས་ཡིག་ཆའི་དཔེ་སྐྲུན་མ་དངུལ་རོགས་སྐྱོར་གྱི་རྣམ་གྲངས་༼ཞང་བོད་ཚིག་མཛོད་ཆེན་མོའི༽ཆེད་མཁས་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་ཁྲི་འདུ་རུ་གཟབ་རྒྱས་ངང་འཚོགས།


ཆེད་མཁས་པའི་མཉམ་པར།

     ཚོགས་འདུར་ཕེབས་པའི་དབུ་ཁྲིད་དང་དགེ་བཤེས། ཆེད་མཁས་པ་རྣམས་ནི། བོད་ཀྱི་རིག་གནས་ཞིབ་འཇུག་པ་དང་རྩོམ་པ་པོ་གྲགས་ཅན། རྩོམ་སྒྲིག་ཞུས་ཆེན་པ་ཟླ་བ་བློ་གྲོས་ལགས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་སྟོང་སྐོར་ཚེ་རིང་ཐར་ལགས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལགས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུའི་དགེ་རྒན་ཆེན་མོ་དོན་གྲུབ་ལྷ་རྒྱལ་ལགས། བོད་ཀྱི་སློབ་གསོའི་དུས་དེབ་ཀྱི་གཙོ་སྒྲིག་པ་ནོར་བུ་ཚེ་རིང་ལགས། མཚོ་སྔོན་རྒྱང་བསྒྲགས་ཁང་གི་ཞུས་ཆེན་ཀླུ་བྱམས་ལགས། རྔ་བ་ཁུལ་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་དང་རྩོམ་སྒྲིག་ཞུས་ཆེན་པ་དབལ་ཤུལ་གཉན་ཕྱུག་ལགས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། རམས་འབྱམས་པའི་མཛུབ་སྟོན་དགེ་རྒན་ཚེ་རིང་འགྱུར་མེད་ལགས། གངས་ལྗོངས་ཉི་གཞོན་དང་ཁ་བཏགས་དཀར་པོའི་རྩོམ་སྒྲིག་པ་དབང་ཆེན་ལགས། ༼ཞང་བོད་ཚིག་མཛོད་ཆེན་མོ༽ ཡི་གཙོ་སྒྲིག་པ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་བཅས་སོ། །གཞན་སི་ཁྲོན་མི་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཡོངས་ཚོགས་འདུར་མཉམ་ཞུགས་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རིན་འོད་ཟེར་ལགས་ཀྱིས་ཚོགས་འདུའི་གཙོ་སྐྱོང་གནང་།


ཚོགས་འདུའི་ཡུལ་དངོས།

  ཐེངས་འདིའི་ཚོགས་འདུ་ལ་ནང་དོན་གཙོ་བོ་བཞི་ཡོད་དེ། ཐོག་མར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་དགོས་པ་དང་དམིགས་ཡུལ། རེ་བ་བཅས་ཀྱི་ཐད་ནས་གསུང་བཤད་གནང་། དེའི་རྗེས་ལ་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་༼ཞང་བོད་ཚིག་མཛོད་ཆེན་མོའི༽བསྒྲིགས་རིམ་དང་ངོ་བོ། རིན་ཐང་བཅས་ཀྱི་ཐད་ནས་ངོ་སྤྲོད་རགས་ཙམ་གནང་། དེ་ནས་ཆེད་མཁས་པ་རྣམ་པས་སོ་སོར་བགོས་པའི་སྡེ་ཚན་གྱི་གནད་དོན་དང་ཞིབ་བཤེར་གཏན་འབེབས་ཀྱི་སྐོར་གསུང་མོལ་གནང་། མཐར་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཚོགས་འདུའི་མཇུག་སྡོམ་གྱི་གསུང་བཤད་གནང་བ་བཅས་སོ། །


༼ཞང་བོད་ཚིག་མཛོད་ཆེན་མོ།༽

  ༼ཞང་བོད་ཚིག་མཛོད་ཆེན་མོ༽ནི་བོད་ཀྱི་ཐུན་མིན་གཞུང་ལུགས་ཀྱི་ལྟ་བ་མཚོན་པའི་ཐ་སྙད་རྣམས་སྤྱི་དང་སྒོས་སུ་བོན་གྱི་ཐ་སྙད་དང་། ཆོས་ལུགས་མི་སྣ། ལོ་རྒྱུས་མི་སྣ། ལྷ་ཚོགས་ཀྱི་སྐོར། མཁས་པའི་གསུང་རྩོམ་གྱི་སྐོར། དགོན་སྡེའི་ལོ་རྒྱུས་ཀྱི་སྐོར། གནས་མཆོག་གནས་རི་དང་བླ་མཚོ། བསྒྲུབ་གནས་བཅས་ཀྱི་སྐོར། བོན་གྱི་རྣམ་གྲངས་ཀྱི་སྐོར། ཞང་ཞུང་གི་ཐ་སྙད་ཀྱི་སྐོར། དེ་བཞིན་བཟོ་རིག་པ་དང་། སྒྲ་རིག་པ། ཕྱི་རིག་པ། ནང་རིག་པ། མདོ་སྔགས་རྫོགས་གསུམ། གསོ་བ་རིག་པ་བཅས་ཀྱིས་གཙོས་པའི་སྡེ་ཚན་བཅུ་བདུན་ལྷག་ངོ་སྤྲོད་དང་འགྲེལ་བཤད། མཚམས་སྦྱོར་བཅས་གནང་སྟེ་གྲུབ་པའི་ཚིག་མཛོད་ཆེན་མོ་ཞིག་ཡིན།


ཟླ་བ་བློ་གྲོས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

ནོར་བུ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

ཀླུ་བྱམས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

དབལ་ཤུལ་གཉན་ཕྱུག་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

ཚེ་རིང་འགྱུར་མེད་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

དབང་ཆེན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་དགོས་པ་དང་དམིགས་ཡུལ། རེ་བ་བཅས་ཀྱི་ཐད་ནས་གསུང་བཤད་གནང་བཞིན་པ།

འོད་ཟེར་ལགས་ཀྱིས་ཚོགས་འདུའི་གཙོ་སྐྱོང་གནང་བཞིན་པ།

ཚོགས་འདུ་མི་སྣའི་མཉམ་པར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།