གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོ།

[ཟླ་ཚེས། 2019-06-09 21:35:10][རྩོམ་པ་པོ། ཕུན་ཚོགས་སྙན་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ལོ་རེའི་འཆར་གཞི་ལྟར་ལོ་སྔོན་མའི་རྒྱུགས་མཚམས་ནས་བཟུང་ལོ་གཅིག་གི་རིང་དུ་གཞུང་ཁྲིད་རྩ་རྒྱུགས་དང་།   འགྲེལ་རྒྱུགས་གཉིས་སློབ་གཙོ་མཆོག་གིས་བཀའ་དགོངས་གཞིར་བཟུང་འོག་སྤྱི་ལོ2019ལོའི་ཟླ6ཚེས8ཉིན་ཚོགས་གཞོན་གཙོས་རྒྱུགས་ཀྱི་དོ་དམ་པ་དགེ་རྒན་ཁྲི་གཙུག་རྣམ་རྒྱལ་དང་ཚུལ་ཁྲིམས་གཙུག་ཕུད་རྣམ་པ་གཉིས་དང་སྐབས་བབས་ཀྱི་དགེ་རྒན་ཡོངས་ནས་བཀའ་གྲོས་གཅིག་མཐུན་གྱིས་རྒྱུགས་ཤོག་དང་རྒྱུགས་ར་བཅས་བཀོད་སྒྲིག་ཚགས་སུ་ཚུད་པར་བྱས་པ་དང་།
   དེ་རིང་སྟེ་ཚེས9ཉིན་གྱི་ཞོགས་པའི་དུས་ཚོད9སྟེང་དུ་སྣང་ཞིག་དགོན་ཆེན་གྱི་ཚོགས་ཆེན་དཔོན་སློབ་རིན་པོ་ཆེ་དང་འཚོགས་འདུའི་ལས་སྣེ་རྣམ་པ། འཆད་རྩོད་རྩོམ་གསུམ་གྱི་བློ་གྲོས་མཁའ་ལྟར་ཡངས་ཤིང་བསླབ་པ་གསུམ་གྱི་རྒྱུད་ཡོངས་སུ་ཕྱུག་པའི་དགེ་རྒན་རྣམ་པ་དང་། ད་དུང་འདིར་དམིགས་ཀྱིས་ཞུ་དགོས་པ་ཞིག་ལ་འཛམ་གླིང་བོད་རིག་པའི་ཞིབ་འཇུག་མཁས་ཆེན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན།རྒྱལ་སྤྱིའི་བོན་པོའི་ཞིབ་འཇུག་ཚོགས་པའི་ལས་འཛིན་གཞོན་པ། སྟོང་སྐོར་ཚེ་རིང་ཐར་ལགས་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་འཁོར་བཅས་འདིར་གདན་ཞུས་ལྟར་ཕེབས་པ་དང་། ཁོང་རྣམ་པ་དབུར་བཞུགས་འོག
   དུས་ཚོད༩དང་སྐར་མ༣༠སྟེང་དགེ་རྒན་རྣམ་པས་སློབ་མ་སོ་སོའི་ཕྱག་ཏུ་རྩ་རྒྱུགས་རྒྱུགས་ཤོག་སྤྲད་པ་དང་།   དྲིལ་བརྡ་བཏང་བ་ནས་སློབ་མ་རྣམས་ནས་འབྲི་མགོ་བརྩམས།དུས་ཚོད༡༡སྟེང་ངལ་བསྲོ་སྐར་མ༣༠བྱས་ནས་སླར་རྒྱུགས་རར་ཞུགས། 
   དུས་ཚོད༡༡དང་སྐར་མ༣༠ནས་འགྲེལ་རྒྱུགས་རྒྱུགས་ཤོག་བཀྲམ་ནས་དུས་ཚོད༡སྟེང་མཇུག་ཡོངས་སུ་སྒྲིལ་ནས་རྒྱུགས་ཤོག་དགེ་རྒན་རྣམ་པའི་ཕྱག་ཏུ་ཕུལ་ཏེ་ད་ལོའི་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོ་མཇུག་བསྡུས་པའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།