ཞང་ཞུང་ཤེས་རིག་ཞིབ་འཇུག་དཔྱད་རྩོམ་བསྡུ་བའི་གསལ་བརྡ།

[ཟླ་ཚེས། 2019-05-05 09:38:24][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

《ཞང་ཞུང་ཤེས་རིག་ཞིབ་མཇུག》དེབ་འཕྲེང་གཉིས་པའི་དཔྱད་རྩོམ་བདམས་སྒྲིག་གྲོས་ཚོགས་དང་འབྲེལ་བའི་རྩོམ་བརྡ།

1557020411130760.jpg

  བོད་གངས་ཅན་ཀྱི་ལོ་རྒྱུས་དང་རིག་གཞུང་ཡུན་རིང་དུ་གནས་ཐུབ་པའི་མཐུན་རྐྱེན་གྱི་དན་གྲོགས་སུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཆོད་ལྟར་གངས་ལྗོངས་བོན་དཔྱད་དེབ་རྩོམ་སྒྲིག་ཚན་ཁག་གིས་གཙོ་གཉེར་གནང་བཞིན་པའི《ཞང་ཞུང་ཤེས་རིག་ཞིབ་འཇུག》དེབ་འཕྲེང་གཉིས་པའི་དཔྱད་རྩོམ་བདམས་སྒྲིག་གྲོས་ཚོགས་དངོས་སུ་སྤྱི་ལོ2019ལོའི་ཟླ5ཚེས4ཉིན་ནས་རྩོམ་སྒྲིག་ཚན་ཁག་གི་གཙོ་འགན་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་དང་། དྲུང་ཡིག་པ་ལུང་དཀར་གཡུང་དྲུང་བསྟན་འཛིན། རྒྱུན་ལས་མི་སྣ་ཨ་དཔལ་བཟང་གསུམ་དང་། བོད་མདོ་དབུས་ཁམས་གསུམ་ནས་དཔྱད་འདེམས་འཐུས་ཚབ་མི་སྣ། བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་གདོང་བཙུན་རྒྱ་ཐར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་རྟོགས་ལྡན་བསྐལ་ཁོ། མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་བཅས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་དངོས་སུ་འཚོགས་ཏེ་ཉིན་འགའ་ཤས་ལ་འདེམ་སྒྲིག་གི་ལས་སུ་ཞུགས།

1557020411826855.jpg

  <<ཞང་ཞུང་ཤེས་རིག་ཞིབ་འཇུག>>ལ་མཚོན་ན། བོད་རང་གི་རིག་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་དང་བསྟུན་ན། ཉི་མ་སྤྲིན་བར་ལྟར་གྱུར་འགྲོ་བ་མ་ཟད། ལྷག་པར་དུ་བོད་གངས་ཅན་པའི་སྐད་ཡིག་རླུང་ནང་གི་མར་མེ་ལྟ་བུར་གྱུར་དང་འགྱུར་བཞིན་པའི་སྐབས་འདིར། ཞང་བོད་ཀྱི་ཡུལ་གྲུ་རང་ས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་ལྟར་འཁྲུངས་པའི་རིག་པའི་གཞུང་ལུགས་འདིའི་གཞི་ལམ་འབྲས་གསུམ་གྱི་ལྟ་གྲུབ་ལྡན་པའི་སངས་རྒྱས་གཡུང་དྲུང་བོན་གྱི་ཐུན་མིན་རིག་པའི་ཁྱད་ནོར་དག་དང་། སྤྱི་ཚོགས་འཆམ་མཐུན་དང་བོད་ཀྱི་ཆོས་སྲིད་སྤྱི་སྒེར་གང་ལའང་དོ་ཕོག་མེད་པའི་རྩ་དོན་ཀྱི་རྣམ་འགྱུར་ནམ་ཡང་གཟབ་ནན་དུ་གཙིགས་འཛིན་བྱེད་པ་བརྒྱུད་དེ། བོད་ཀྱི་གནའ་རབས་གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུ། མདོ་སྔགས་རྫོགས་གསུམ་སོགས་ལྟ་གྲུབ་ཐུན་མོང་མ་ཡིན་པའི་སྐོར་ལ་ཤེས་རབ་ཀྱི་བློ་མིག་གིས་དཔྱོད་ཅིང་། དེ་དག་གི་གཞི་ལམ་འབྲས་གསུམ་གྱི་འདོད་སྟངས་ལུང་རིགས་གཉིས་ལྡན་གྱི་སྒྲུབ་བྱེད་ཡང་དག་གི་དཔྱད་རྩོམ་སྐོར་ནི་སྲོག་ཤིང་དུ་འགོད་པ་གཞིར་བྱས། ཞང་བོད་ཀྱི་ལོ་རྒྱུས་དང་། རིག་གནས་ཞིབ་འཇུག ཡིག་རྙིང་གསེད་བཀྲོལ། དགོན་སྡེ་བརྟག་དཔྱད། མོ་གཏོ་སྨན་རྩིས། རྩོམ་རིག་སྒྱུ་རྩལ། ཡུལ་སྲོལ་གོམས་གཤིས། ཆོ་ག་ཕྱག་ལེན། ཁོར་ཡུག་སྲུང་སྐྱོབ་བཅས་རིག་གཞུང་དར་སྤེལ་ཀྱི་བྱ་བར་ཕན་པའི་རྩོམ་ཡིག་གསར་བ་དང་། དེ་མིན་བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་ནས་རྩོམ་སྒྲིག་གནང་བའི་ལོ་དེབ་ཉིས་བརྒྱ་ལྷག་ལས་དཔྱད་རྩོམ་ཡག་ཤོས་རྣམས་འདེམས་བཞིན་ཡོད་པས་བོན་གྱི་དགོན་སྡེ་སོ་སོའི་ལོ་དེབ་གསར་བའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་རྣམས་ཀྱིས་དུས་ལྟར་ཐུགས་འཛིན་གནང་བར་ཞུ།

1557020411895792.jpg

  རྩོམ་བསྡུའི་དུས་ཡུན།

  སྤྱི་ལོ2019ལོའི་ཟླ6ཚེས1སྔོན་ལ་རྩོམ་སྒྲིག་པའི་ལག་ཏུ་ངེས་པར་དུ་འབྱོར་དགོས།

  དཔྱད་རྩོམ་བསྐུར་ཡུལ།

  ཁ་པར་ཨང་གྲངས། 13558579919 –13628989444--13909043403

  ཡིག་སྒམ། 1304116713@qq.com

1557020411127688.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།