༢༠༡༩ལོའི་ཀོ་རྒྱལ་དགོན་གྱི་ཀུན་རིགས་ལས་བཞིའི་རྒྱས་འཚོགས།

[ཟླ་ཚེས། 2019-04-18 22:18:58][རྩོམ་པ་པོ། གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1555597228113242.jpg1555597232632911.jpg1555597231108517.jpg

   དེ་ཡང་ཁྱུང་ཡུལ་དཔལ་ལྡན་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་འདིའི་སྒྲིག་སྲོལ་ལས་དགེ་དབུ་མཆོད་མཉེར་པ་དང་བཞི་ནི་ལོ་གསུམ་རེའི་ནང་དུ་དགོན་པའི་སྒྲིག་སྲོལ་དང་། དཔལ་འབྱོར། ཆོ་ག་ཕྱག་ལེན་མཆོད་ཆལ་ལོའི་འགན་འཛིན་གྱི་ལས་སྣེ་ཡིན་ལ། ༢༠༡༨ནས་ཉེར་གཅིག་བར་ནི་དེ་འདྲའི་ལས་སྣེ་ཚོ་གཅིག་གིས་བཀོད་སྒྲིག་གནང་བའི་དུས་ཚོད་དུ་ཁེལ།

1555597229544911.jpg1555597229887057.jpg

   དུས་ཚོད་དེའི་ནང་དམིགས་བསལ་གྱི་ཆོས་ལུགས་བྱེད་སྒོ་ནི། སྨན་སྒྲུབ་ཆེན་མོ་དང་། དགེ་བཤེས་མཛད་སྒོ། སྒྲུབ་ཐོན་མཛད་སྒོ་སོགས་སྣ་ཚོགས་ཤིག་ཁེལ་གྱི་ཡོད་ལ། འཆར་ཅན་ནི་ལས་བཞི་ཐེངས་རེ་འཚོགས་དགོས་པ་དེ་ཡིན། འདིའི་ལས་བཞི་ནི་གཙོ་བོར་དཔལ་འབྱོར་དང་བླ་གྲྭ་སོགས་འཛོམས་པོ་མིན་པའི་དད་ལྡན་རྣམས་ལ་ཤི་དགེ་གསོན་རིམ་སྟབས་བདེ་བའི་ཆེད་དུ་ཡིན་ལ།

1555597228815925.jpg1555597229132374.jpg

   འདི་ལོ་ཡང་དགེ་བཤེས་མཛད་སྒོ་དང་། ལས་བཞིའི་བཅའ་སྒྲིག་གཉིས་སྟབས་གཅིག་ལ་ཁེལ། བོད་ཟླ་དང་པོ་ཕྱི་མའི་ནང་དུ་ཞགས་མ་བརྒྱད་ཙམ་ལ་ཀུན་རིགས་ལས་བཞི་རྒྱུན་ལྔའི་ཤིང་བྱང་ཆེ་ཆུང་ཁག་དགོན་འདིའི་འདུས་གྲྭ་ལྷན་ནས་གསེར་དངུལ་གྱིས་ཀུན་མཁྱེན་ཉི་མའི་བཀའ་གསུངས་བཞིན་བྲིས་ཤིང་། དེ་བཞིན་དར་ཟབ་ཤོག་རིས་སོགས་ཀྱང་བསགས།


   དེ་ནས་ཕྱི་ཟླ་གསུམ་པའི་ཚེས་༢༨་དང་༢༩ལ་ལས་བཞིའི་བཅའ་བཟོ་དང་དགེ་བཤས་མཛད་སྒོའི་མཆོད་བཤམས་བྱས། གསུམ་པའི་ཚེས་སུམ་ཅུའི་ཉིན་ལས་བཞིའི་སྔོན་འགྲོའི་དབུ་བཟུང་། ཕྱི་ཟླ་བཞི་པའི་ཚེས་གཅིག་ནས་ཉིན་བཞིའི་རིང་འདི་ལོར་དགེ་བཤེས་བཀའ་རམས་པ་བཅུ་གཅིག་གིས་བཤད་པ་གྱེར། ཚེས་ལྔ་ནས་ཉིན་བཞིའི་རིང་དགེ་བཤེས་དམ་བཅའ་འཚོགས་ཤིང་། ཉིན་འདི་བཞིའི་རིང་ཁྱུང་ཡུལ་དགོན་སྡེ་ཁག་གི་དགེ་བའི་བཤེས་མཉེན་གཙོས་པའི་རིགས་པ་སྨྲ་བའི་སྡེ་བརྒྱ་ཁྲག་དུ་མ་གནས་འདིར་རྩོད་པར་གདན་ཞུས་བྱས། དེ་ནས་ཕྱི་ཚེས་དགུའི་ཉིན་མཚན་བཏགས་ཁྲི་བཞེངས་མཛད་སྒོ་དང་། ཚེས་བཅུའི་ཉིན་ཀོ་རྒྱལ་དགོན་གྱི་སྒྲུབ་ཐོན་མཛད་སྒོ་སྐབས་དྲུག་པར་སྐྱ་སེར་དགུར་སྒྲུབ་ཐོན་ཕྱག་འཁྱེར་བསྩལ།

1555597230120032.jpg1555597230649952.jpg1555597230310603.jpg

   ཉིན་འདི་དག་གི་རིང་དུ་གྲྭ་ཚང་ནས་ལས་བཞི་རྒྱུན་ལྔའི་ཆོ་ག་ཞི་ཁྲོ་མཉམ་འཁྱེར་ལུགས་ལྟར་ཆེས་རྒྱས་པ་ཚར་གཅིག་དང་། ལས་བཞི་རྐྱང་རྒྱུག་གི་གཞུང་རྣམས་སྐུ་བསྟོད་ཡན་མས་སུ་གསུངས་གྲུབ། དེ་ནས་ཟླ་གྲགས་འདས་མཆོད་དང་ལས་བཞི་ལྷན་དུ་གསུངས་རྗེས་ཀྱི་སྤྱི་ཚེས་བཅོ་ལྔའི་ཉིན་ལས་བཞིའི་མེ་སྤར་དང་བཅུ་དྲུག་ཉིན་གྲུབ་མཆོད་སྨོན་ལམ་ཆེན་མོ་བཅས་གསུངས་ཤིང་ཤི་གསོན་གང་ལའང་བདེ་བའི་མཆོག་ཆེན་འབྱུང་བའི་སྨོན་ལམ་སེམས་དཔའ་འདུས་སྡེ་རྒྱ་མཚོས་ཐུགས་བསྐྱེད་ཀྱི་ཀློང་ནས་བསྩལ།

1555597230393482.jpg1555597228777799.jpg1555597230742384.jpg

   ལས་བཞིའི་སྦྱིན་བདག་རྣམས་ལའང་ཞི་ཁྲོའི་སྤྱན་དབྱེ་དང་བྱིན་མདུད་བཅས་བཀའ་དྲིན་ལེགས་མཚོན་ནམ་ལས་བཞིའི་དྲན་བརྟེན་དུ་བསྩལ། སྤྱི་ཚེས་བཅུ་བདུན་ཉིན་ལས་བཞི་དང་འདས་མཆོད་གཉིས་ཀའི་ཆོ་ག་བཀྲ་ཤིས་གཤེགས་སྤྱོད་ཀྱིས་མཐར་བརྒྱན་པ་བཅས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།