གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་སྐུ་གཤེགས་པར་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2019-02-18 21:41:32][རྩོམ་པ་པོ། མེ་ལོང་ཡེ་ཤེས་དྲ་བའི་རྩོམ་སྒྲིག་པ།][རྩོམ་ཁུངས། མེ་ལོང་ཡེ་ཤེས།][ཀློག་གྲངས། ]

གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་སྐུ་གཤེགས་པར་གདུང་མཆོད་ཕུལ་བའི་གནས་བསྡུས།

1550497524158012.jpg

   མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་༧སྐྱབས་རྗེ་མཁན་ཟུར་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་རེ་ཞིག་རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར། བོད་ས་ཕག་ལོའི་ཟླ་བ་༡བའི་ཚེས་༡༠ ཕྱི་ལོ་༢༠༡༩ ༡༤ཉིན་གྱི་སྔ་དྲོའི་པེ་ཅིང་ཆུ་ཚོད་༡༡དང་སྐར་མ་༡༨སྟེང་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་འབྲེལ་ཡོད་དད་འབངས་བརྒྱུད་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ལ་སྙན་གསན་ཞུས་པ་དང་འབྲེལ།

1550497526489357.jpg

   གདན་ས་ཁྲི་བརྟན་ནོར་བུའི་རྩེ་འདུས་སྤྱི་ནས་ཞིང་གཤེགས་དམ་པ་མཆོག་གི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང་། གདུང་སེམས་མཉམ་བསྐྱེད་དང་བཀའ་དྲིན་རྗེས་དྲན་ཆེད། ༢༠༡༩ ༡༨ ཉིན་གཙུག་ལག་ཁང་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་རྣམ་ལྔའི་མཆོད་པ་སོགས་བཤམས་ནས་མཚན་ལྡན་བླ་མའི་མཆོད་ཐབས་ཀྱི་སྒོ་ནས་གདུང་མཆོད་ཕུལ་བའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་རྩོམ་སྒྲིག་པས། ༢༠༡༩ ༢  ༡༩ ཉིན་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།