བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་དགུ་བ།

[ཟླ་ཚེས། 2019-01-04 12:11:51][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_8497.JPG1546575792658214.jpg
སྤྱི་ལོ་2018ཟླ12ཚེས་ཉིན།

   རང་རྒྱལ་མི་རིགས་སྲིད་ཇུས་ཀྱི་རྩ་དོན་ལྟར་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེར་བརྩི་བསྐུར་དང་དེ་གོང་སྤེལ་བྱེད་དགོས་པའི་དགོངས་དོན་གཞིར་བཟུང་ཐོག་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་སྤྱི་ལོར་2010ལོར་འགོ་བརྩམས་ནས་བཟུང་སི་ཁྲོན་ཞིང་ཆེན་ཁྲིན་འདུ་གྲོང་ཁྱེར་དུ་ལོ་རེར་ཐེངས་རེ་འཚོགས་བཞིན་ཡོད་ལ། སྤྱི་ལོ2013ལོ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡན་ལག་གི་ཚན་ཆུང་ཞིག་ཏུ་གཏན་འབེབས་གནང་། དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་གཙོ་འགན་མི་སྣ་རེ་འགའ་ལོ་རེ་བཞིན་བདམས་བསྐོས་གནང་ནས་མི་རིགས་དང་མི་རིགས་ཀྱི་བར་ལ་རིག་གནས་བརྒྱུད་སྒྲོག་དང་ངོ་སྤྲོད་སོགས་ལ་དམིགས་ཏེ་མུ་མཐུད་དུ་འཕེལ་སྟོབས་རྒྱས་བཞིན་ཡོད་པ་དེ་རེད། ད་ལོ་ཡང་༼ཞང་ཞུང་རིག་མཛོད་ཁང་༽གི་རིན་སྤུངས་ཚུལ་བསྟན་དང་ལུང་དཀར་གཡུང་དྲུང་བསྟན་འཛིན། ཨ་དཔལ་བཟང་གསུམ་གྱིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཚོགས་འདིའི་བཀོད་སྒྲིག་དང་འགྲོ་སོང་ཡོད་ཚད་གནང་ནས་ཚོགས་ཐུབ་པ་བྱུང་བ་རེད།

1546575795885981.jpg

   ཚེས་29ཉིན་གྱི་སྔ་དྲོ་ཆུ་ཚོད་9:00སྟེང་དུ་གྲོས་ཚོགས་དངོས་སུ་དབུ་ཚུགས་གནང་ཞིང་ཐེངས་འདིའི་བཀོད་སྒྲིག་གཙོ་འགན་པ་ཨ་དཔལ་བཟང་གིས་མདོ་འཛིན་གནང་སྟེ་ཚོགས་ཞུགས་མི་སྣ་ཡོངས་ལ་འདིར་ཕེབས་པར་བཀའ་དྲིན་དང་དགའ་བསུ་ཞུས།

1546575793601369.jpg

   ཐེངས་འདིའི་བཀོད་སྒྲིག་གཙོ་འགན་པ་ལུང་དཀར་གཡུང་དྲུང་བསྟན་འཛིན་གྱིས་ཚོགས་འདུའི་འགྲོ་རིམ་དང་ད་ལོའི་བསྒྱུར་བྱ། ༡༽བོན་གྱི་ཕྱི་ནང་གསང་གསུམ་ཀྱི་མཆོད་འབུལ་སྐོར། ༢༽བོན་གྱི་སྐོར་བ་རྒྱག་སྟངས་སྐོར། ༣༽མདོ་སྔགས་སེམས་གསུམ་གྱི་ཆ་ལུགས་སྐོར། ༤༽བོན་གྱི་ལྷ་དང་སྲུང་མའི་སྐོར། ༥༽མདོ་སྔགས་སེམས་གསུམ་གྱི་བརྒྱུད་རིམ་སྐོར། ༦༽སངས་རྒྱས་གཡུང་དྲུང་བོན་དར་ནུབ་སྐོར། ༧༽བོན་གྱི་འདུ་གནས་སྐོར་སོགས་ཡིན་པ་གསལ་བཤད་གནང་།

1546575793118066.jpg

   དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་གསུང་བཤད་གནང་།

1546575793553087.jpg

   ༡༽བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་དང་པོ་ནས་དགུ་བའི་བར་གྱི་ལོ་རྒྱུས་བརྒྱུད་རིམ་གྱི་སྐོར་དང་། ༢༽བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་གལ་ཆེན་རང་བཞིན་དང་འབྲེལ་བའི་བྱ་བའི་གྲུབ་འབྲས་ཀྱི་སྐོར། ༣༽བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་གཏན་འབེབས་བྱས་ཟིན་པའི་ཐ་སྙད་རྣམས་ངེས་པར་དུ་ལག་ལེན་བསྟར་དགོས་པའི་སྐོར་སོགས་ནས་གསུངས་བཤད་གལ་ཆེན་གནང་།

1546575793123501.jpg

   ཆུ་ཚོད་10:00སྟེང་དུ་བསྒྱུར་བྱ་དོན་ཚན་ཁག་ལས་<<མདོ་སྔགས་སེམས་གསུམ་གྱི་ཆ་ལུགས་སྐོར་>>དངོས་སུ་བསྒྱུར་འགོ་བརྩམས།

1546575792539145.jpg

   མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་ཞུ་ཡུལ་དང་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་ཚན་ཁག་མི་སྣ་རྟོགས་ལྡན་བསྐལ་ཁོ་དང་ཀུན་བཟང་རྣམ་རྒྱལ་རྣམ་གཉིས་ཀྱིས་ཚོགས་འདུའི་མདོ་འཛིན་དང་ཆུ་ཚོད་དམ་འཛིན་གནང་།

1546575792157840.jpg

   ཕྱི་དྲོ་ཆུ་ཚོད་14:00ཀྱི་ཐོག་ཏུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་མ་ཕྱིའི་དཔེ་རྙིང་འཚོལ་བསྡུ་ཚན་ཁག་གི་ཚན་གཙོ་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་དང་སྣང་མཐའ་བསྟན་འཛིན་ཉི་མ་གཉིས་ཀྱིས་ཚོགས་འདུར་མདོ་འཛིན་དང་ཆུ་ཚོད་དམ་འཛིན་གནང་ནས་གོང་གི་བསྒྱུར་བྱ་དེ་མུ་མཐུད་དུ་བསྒྱུར།

1546575793329924.jpg

   སྐབས་དེ་དང་འབྲེལ་བོན་གྱི་བསྟན་པ་ལ་ལྷག་བསམ་ཆེ་བའི་སྦྱིན་བདག་ཆེན་མོ་ནོར་བུ་དབང་འདུས་ལགས་གྱི་སྐབས་འདིའི་ཚོགས་འདུའི་ཉིན་ལྔའི་རིང་གི་གསོལ་བ་སོགས་ཀྱི་འགྲོ་གྲོན་ཡོད་ཚད་གནང་ཞིང་གདན་ས་གཡུང་དྲུང་གླིང་གི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་ལ༼བོན་གྱི་བཀའ་འགྱུར་ཀློག་འདོན་ཆེན་མོ།༽སྒྲ་སྒམ་ཕུལ་བ་དེ་ཚོགས་ཐོག་ཏུ་ཕུལ། ཚོགས་གཙོ་མཆོག་ནས་ཚོགས་མི་ལྷན་རྒྱས་ལ་ཚོང་དཔོན་ཁོང་གི་མཛད་འཕྲིན་གནང་སྟངས་སྐོར་དང་མ་འོངས་པའི་ཕྱག་ལས་སོགས་ཐུགས་བཞེད་གེགས་མེད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་གནང་།

1546575793422012.jpg

   ཚེས30ཉིན། ཆུ་ཆོད་9:00ཐོག་ཏུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཡས་རུའི་འཆད་རྩོད་ཆེན་མོ་བཀོད་སྒྲིག་ཚན་ཁག་གི་ཚན་གཙོ་པཎ་ཙ་སྤྲུལ་བསྟན་འཛིན་དར་རྒྱས་མཆོག་དང་དགེ་བཤེས་གཙུག་གཤེན་དོན་འགྲུབ་རྣམ་གཉིས་ཀྱིས་ཚོགས་འདུར་མདོ་འཛིན་དང་ཆུ་ཚོད་དམ་འཛིན་གནང་ཞིང་བསྒྱུར་བྱ་ཁག་ལས་<<བོན་དར་ནུབ་སྐོར་>>རིམ་བཞིན་བསྒྱུར་གོ་བཟུང་

1546575793913177.jpg

   ཕྱི་དྲོ་ཆུ་ཚོད14:00ཐོག་ཏུ་མི་མཐུད་དུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞི་བདེའི་སྨོན་ལམ་ཆེན་མོའི་ཚན་ཁག་གི་ཚན་གཙོ་སྤྲུལ་པད་མ་རིན་ཆེན་དང་དུང་རི་བླ་མ་བཤད་སྒྲུབ་རྒྱལ་མཚན་གཉིས་ཀྱིས་མདོ་འཛིན་དང་ཆུ་ཚོད་དམ་འཛིན་གནང་ནས་ནང་དོན་བསྐོར་གྲོས་མོལ་བྱས་ཏེ་རིམ་བཞིན་བསྒྱུར་བ་རེད

1546575793668584.jpg

   སྤྱི་ལོ2018ལོའི་ཟླ1ཚེས1ཉིན་གྱི་སྔ་དྲོར། གནམ་ལོ་གསར་བ་བསུ་མ་དང་བཅས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གངས་ལྗོངས་བོན་དཔྱད་དེབ་<<ཞང་ཞུང་ཤེས་རིག་ཞིབ་འཇུག་>>ཚན་ཁག་གི་ཚན་གཙོ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་དང་དགེ་བཤེས་གཡུང་དྲུང་བློ་གསལ་གཉིས་ཀྱི་མདོ་འཛིན་དང་ཆུ་ཚོད་དམ་འཛིན་བྱས་ཏེ་མུ་མཐུད་དུ་བསྒྱུར་བྱ་རྣམས་བསྒྱུར་བ་རེད།

1546575793128987.jpg

   ཉིན་གུང་རྒྱལ་བའི་བཀའ་རིན་པོ་ཆེ་<<ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་གཞུང་>>ཞང་བོད་ཡིག་གཟུགས་གསུམ་ཕབ་ཅན་གྱི་དཔེ་དེབ་འགྲེམ་སྤེལ་མཛད་སྒོ་ཟབ་རྒྱས་ངང་སྤེལ།

1546575793974024.jpg

   ཕྱི་དྲོ་ཆུ་ཚོད་14:00ཐོག་ཏུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་མ་ཕྱིའི་དཔེ་རྙིང་འཚོལ་བསྡུ་ཚན་ཁག་གི་མི་སྣ་སྤྲུལ་རིགས་སྔགས་རྒྱ་མཚོ་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་མི་སྣ་དགེ་བཤེས་འཇམ་མེ་གཉིས་ཀྱི་མདོ་འཛིན་དང་ཆུ་ཚོད་དམ་འཛིན་བྱས་ཏེ་གོང་གི་བསྒྱུར་བྱ་དག་སྔར་བཞིན་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ་བསྒྱུར་བ་རེད།

1546575793729173.jpg

   སྤྱི་ལོ2018ལོའི་ཟླ1ཚེས2ཉིན་གྱི་སྔ་དྲོར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གངས་ལྗོངས་བོན་དྲ་བའི་ལས་སྒྲུབ་པ་སྤྲུལ་དབང་རྒྱལ་ཚེ་རིང་དང་དགེ་བཤེས་ཨ་འཆི་མེད་རྣམ་རྒྱལ་གཉིས་ཀྱིས་མདོ་འཛིན་དང་ཆུ་ཚོད་དམ་འཛིན་གནང་ནས་<<བོན་གྱི་བསྐོར་བ་བསྐོར་སྟངས་>>སྐོར་རིམ་པ་བཞིན་དུ་བསྒྱུར་བ་རེད།

1546575793144974.jpg

ཕྱི་དྲོའིཆུ་ཚོད་14:00ཐོག་ཏུ། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་དགུ་བ་བའི་མ་འོངས་གྲོས་ཆོད་སྐོར་ནས་གྲོས་མོལ་འཚོགས།

1546575794123445.jpg

   ཞང་ཞུང་རིག་མཛོད་ཁང་གི་མི་སྣ་ལུང་དཀར་གཡུང་དྲུང་བསྟན་འཛིན་མཆོག་གིས་མདོ་འཛིན་བྱས།

138A0549.JPG

   བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་དོན་འགྲུབ་ལྷ་རྒྱལ་གྱིས་བོན་གྱི་རྒྱ་ཡིག་ཐ་སྙད་གཅིག་གྱུར་ཡོང་བར་འབད་བརྩོན་གནང་དགོས་ཚུལ་དང་ཁྱད་པར་དུ་བོད་ཡིག་གཞུང་ལུགས་དང་མཐུན་པ། ནང་དོན་གོ་སླ་བ། སྔོན་མ་བཏང་བ་རྣམས་ཕྱོགས་སྒྲིག་བྱེད་ནས་ལས་ཁུངས་སོ་སོར་ལ་འབུལ་རྒྱུ། རྒྱལ་ཁབ་ཀྱི་ཡིག་བསྒྱུར་ཁང་ནས་ངོས་ལེན་ཡོད་དགོས་པ། སྔོན་མ་བསྒྱུར་བ་དག་ཐ་སྙད་ཡོང་མེད་ན་ཡང་བསྐྱར་བསྒྱུར་བ། ས་ཆ་དང་དགོན་པ་བླ་མའི་མིང་སོགས་གཏན་ཁེལ་བྱས་ཟིན་པ་དག་བཀོལ་དགོས་པ་སོགས་ཀྱི་ཐད་ལ་གསུང་བཤད་གནང་།

1546575794833912.jpg

   དེ་ནས་ལན་ཀྲུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་༧མཁས་དབང་ངག་དབང་རྒྱ་མཚོ་མཆོག་གིས་བོན་བསྟན་འདི་ཉིད་ཕྱོགས་ཀུན་ཏུ་དར་སྤེལ་བྱེད་པ་ལ་ཚད་ལྡན་གྱི་སྟེང་ནས་ཡིག་བསྒྱུར་དགོས་ཚུལ། ལོ་ཙཱ་བའི་རྩ་དོན་  དོན་དང་ཚད་གཞི། མཐུན་སྦྱོར་སྙན་གསུམ། སྒྱུར་ཐབས་སོགས་ཀྱི་སྐོར་གསུང་བཤད་གནང་།

1546575794732573.jpg

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་ནས་དེ་སྔར་པར་སྐྲུན་ཟིན་པའི་ཞལ་འདོན་སྐོར་གྱི་གསལ་བཤད་དང་མ་འོངས་པར་མུ་མཐུད་ནས་པར་སྐྲུན་བྱ་འཆར་སོགས་ཀྱི་ཐད་ལ་གསུང་བཤད་གནང་།

1546575794891317.jpg

   ཚོགས་གཞོན་སེང་སྤྲུལ་རིག་འཛིན་ཉི་མ་མཆོག་གིས་ཡིག་བསྒྱུར་ཚན་ཆུང་ལས་ཀ་འདི་ལ་གྲུབ་འབྲས་ཐོན་བཞིན་ཡོད་པ། བོད་ཡིག་གཞིར་བཞག་ཡོད་དགོས་པའི་སྐོར་དང་། བསྒྱུར་གཞི་ཡག་པོ་ཞིག་དགོས་ཚུལ། བོན་པོ་སྤྱི་ལ་ཐུགས་འདང་གནང་ནས་བཀོལ་སྤྱོད་བྱེད་རྒྱུ་གལ་ཆེ་ཚུལ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་།

1546575794924494.jpg

   དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ་མཆོག་ནས་ཡིག་བསྒྱུར་ཚོགས་པ་འདི་འཛུགས་དགོས་པའི་རྒྱུ་མཚན་སྐོར། ཐ་སྙད་གཅིག་གྱུར་ཡོང་བའི་དོན། ས་གནས་སྲིད་གཞུང་ཁག་ལ་འབྲེལ་བ་བྱེད་ནས་གཏན་ཁེལ་བྱེད་ཐུབ་པ། དྲ་ཚིགས་ཐོག་ཏུ་སྔོན་བྱོན་སྐྱེས་ཆེན་ཁག་དང་ལྷ། བཀའ་དང་བཀའ་བརྟེན་ཀྱི་མཚན་རྣམས་ཚང་མས་བེད་སྤྱོད་གཏོང་དགོས་རྒྱུ་སོགས་སྐོར་གསུང་བཤད་གནང་།

1546575794102441.jpg

   དགེ་བཤེས་བསོད་ཁོ་མཆོག་གིས་བོན་བསྟན་རྒྱ་ཆེན་པོ་རུ་འགྱུར་བ་ལ་གཞན་གྱི་ཡི་གེ་ལམ་ནས་སྤེལ་རྒྱུ་གལ་ཆེ་ཚུལ་སྐོར་དང་དེ་བཞིན་ཁོང་གིས་དེ་སྔར་བསྔོན་འགྲོའི་བསྐོར་དང་ལེགས་བཤད་། རྨེའུ་སྟོན་གྱི་ལྟ་སྒོམ་སྤྱོད་གསུམ་སྐོར་དང་། མདོ་གཟེར་མིག་སོགས་བསྒྱུར་དང་སྒྱུར་བཞིན་པ་ནང་ལ་ང་ཚོའི་ཐ་སྙད་སྐོར་ནང་དུ་འཇུག་བཞིན་ཡོད་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་།

1546575794267055.jpg

    དེ་ནས་ཞང་ཞུང་རིག་མཛོད་ཁང་གི་ལུང་དཀར་གཡུང་དྲུང་བསྟན་འཛིན་མཆོག་ནས་ད་ཐེངས་ཀྱི་གྲུབ་འབྲས་དང་མ་འོངས་པའི་བསྒྱུར་བྱ་སོགས་ཀྱི་སྐོར་ཁྱབ་བསྒྲགས་གནང་།

1546576823205390.jpg

   དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་མཆོག་གིས་མཇུག་བསྡོམས་གསུང་བཤད་གལ་ཆེན་གནང་། ཁྱད་པར་དུ་ད་ཐེངས་ཀྱི་ཡིག་བསྒྱུར་ཚོགས་འདུའི་འགན་འཛིན་པ་ཞང་ཞུང་རིག་མཛོད་ཁང་གི་མི་སྣ་རྣམ་པ། ལས་གཞི་འདི་ལ་འབད་མཁན་གྱི་ཚོགས་མི་ཡོངས་ལ་བཀའ་དྲིན་ཞུས་མ་ཟད་མ་འོངས་ཀྱི་བྱ་བའི་ལས་གཞི་སྐོར་ལ་གསུང་བཤད་གལ་ཆེན་གནང་།

1546576823576884.jpg

   དེ་ནས་སང་ལོའི་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་བའི་འགན་འཛིན་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་གྲགས་སྤྲུལ་སྐུ་ཤེས་རབ་དཔལ་ཆེན་མཆོག་དང་སྤྲུལ་སྐུ་རིག་སྔགས་རྒྱ་མཚོ་གཉིས་ཀྱིས་འགན་ལེན་གནང་ནས་སྐབས་དགུ་བའི་འགན་འཛིན་མི་སྣའི་བསྒྱུར་བྱ་རྣམས་བརྩིས་སྤྲོད་གནང་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞང་ཞུང་རིག་མཛོད་ཁང་ལ་བཀའ་དྲིན་ལེགས་མཚོན་ཕུལ། 

1546576823409791.jpg

   མཇུག་མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་འདུན་དང་བཅས་སྦྱིན་བདག་ཆེན་མོ་ཀ་ཡུ་མཆོག་གིས་ཚོགས་མི་ཡོངས་ལ་གསོལ་ཟས་ཕུལ་ནས་མཇུག་ལེགས་པར་གྲོལ་བ་ཡིན།

༼སྦྱིན་བདག་ཆེན་མོ་ཚོང་དཔོན་ནོར་བུ་དབང་འདུས་མཆོག་ནས་ད་ཐེངས་ཀྱི་གྲོས་ཚོགས་སྐབས་སུ་དམངས་སྒོར་ཁྲི་གསུམ་ལྷག་གིས་རོགས་སྐྱོར་གནང་བ་དང་དེ་བཞིན་ཚོང་དཔོན་ག་ཡུ་ལགས་ནས་ཚོགས་གྲོལ་ཉིན་གྱི་དགོང་ཟས་དྲངས་པ་སོགས་འབྲེལ་ཡོད་རོགས་འདེགས་མཁན་ཡོངས་ལ་ཐེངས་འདིའི་བཀོད་སྒྲིག་པ་ཞང་ཞུང་རིག་མཛོད་ཁང་ནས་ཆེད་དུ་བཀའ་དྲིན་ཆེ་ཞུ་བ་དང་མ་འོངས་པར་ཁོང་རྣམ་པའི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་བ་བཅས་གུས་ཕུལ།༽

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།