སྲིད་པའི་མཛོད་ཕུཊ་ཀྱི་གཞུང་ཞང་བོད་ཡིག་གཟུཊ་གསུམ་ཕབ་ཅན་གྱི་དཔེ་དེབ་འགྲེམ་སྤེལ་མཛད་སྒོ།

[ཟླ་ཚེས། 2019-01-02 09:43:44][རྩོམ་པ་པོ། འཇུ་ནམ་མཁའི་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་ཞུང་རིག་མཛོད་ཁང་གིས་སྒྲིག་སྦྱོར་བྱས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་རྒྱལ་བའི་བཀའ་རིན་པོ་ཆེ་<<ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་གཞུང་>>ཞང་བོད་ཡིག་གཟུགས་གསུམ་ཕབ་ཅན་གྱི་དཔེ་དེབ་འགྲེམ་སྤེལ་མཛད་སྒོ།
1546395089782489.jpg
1546395116848285.jpg
1546395246907583.jpg

   སྤྱི་ལོར2019ལོའི་གནམ་ལོ་གསར་བ་ཚེས་པའི་དུས་བཟང་ཟླ1ཚེས1ཉིན་གྱི་ཆུ་ཚོད་10:00ཐོག་ཏུ། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་དགུ་བ་ལ་ཚོགས་ཞུགས་རྣམ་པ་རེ་རེ་བཞིན་ཚོགས་འདུར་ཞུགས་ཤིང་མཚན་རྟགས་བཀོད།

1546395309107299.jpg

1546395310770053.jpg

1546395310122386.jpg

1546395310548009.jpg
1546395310986073.jpg

1546395310619528.jpg

1546395310109976.jpg

1546395310995841.jpg

1546395310472101.jpg

   སྐབས་འདིར་རྟོགས་ལྡན་བསྐལ་ཁོའི་མདོ་འཛིན་མཛད་དེ་ཚོགས་འདུར་ཕེབས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་འོད་ཟེར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་དོན་འགྲུབ་ལྷ་རྒྱལ། ལན་ཀྲུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁས་དབང་ངག་དབང་རྒྱ་མཚོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁས་དབང་ཚེ་རིང་འགྱུར་མེད། དེ་སྔའི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་འགོ་གཙོ་ཚེ་བརྟན་སྐྱབས། སི་ཁྲོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཚེ་བརྟན། དེ་བཞིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ། སེང་སྤྲུལ་རིག་འཛིན་ཉི་མ། པཎ་ཙ་བསྟན་འཛིན་དར་རྒྱས། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། དབྲ་ཁྱུང་སྐལ་བཟང་ནོར་བུ། རྟོགས་ལྡན་བསྐལ་ཁོ། མཁན་པོ་ཚེ་རིང་ནོར་བུ། དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུག་རྒྱལ་མཚན། སྤྲུལ་རིགས་སྔགས་རྒྱ་མཚོ་གཙོས་དབུས་བཞུགས་ཐོག་མཁས་དབང་དགེ་རྒན། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། རྣམ་པ་དང་།

1546396425836365.jpg

   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མི་སྣ་སོགས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ཚོགས་ཞུགས་མི་སྣ་ཡོངས་ལ་འཚམས་འདྲི་དང་ཚོགས་འདུའི་འགྲོ་རིམ་སྐོར་གསལ་བཤད་གནང་།

1546395597605285.jpg

   ཞང་ཞུང་རིག་མཛོད་ཁང་གི་མི་སྣ་རིན་སྤུངས་ཚུལ་བསྟན་མཆོག་གིས་ཞང་ཞུང་རིག་མཛོད་ཁང་གི་བརྒྱུད་རིམ་སྐོར་ནས་ངོ་སྤྲོད་གནང་བ་དང་། ཞང་ཞུང་སྨར་ཡིག་ཆེ་ཆུང་གི་མཉེན་ཆས་འདི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་ཆོད་ལྟར་བཟོས་པའི་རྒྱུ་མཚན་སྐོར། རྒྱལ་བའི་བཀའ་རིན་པོ་ཆེ་ལུང་མཚན་ཉིད་<<སྲིད་པའི་མཛོད་ཕུགས་>>འདི་ཞང་ཞུང་སྨར་ཆེ་ཆུང་དང་དབུ་ཅན་དུ་པར་བསྐྲུན་བྱེད་དགོས་པ་རྒྱུ་མཚན་གྱི་སྐོར།

1546395672114916.jpg

   དེ་མིན་དེབ་འདི་ཚོང་རྫས་ཙམ་མ་ཡིན་པར་བོན་གྱི་གྲྭ་ས་གོང་འོག་བར་གསུམ་གཙོས་མདོ་དབུས་ཁམས་གསུམ་གྱི་བོན་བན་རིས་མེད་ཀྱི་དགོན་སྡེ་ཁག་དང་དཔེ་མཛོད་ཁང་། སྤྱི་ཚོགས་སྟེང་གི་སློབ་གྲྭ་དང་ཞིབ་འཇུག་ཁང་སོགས་ལ་པོད་སྟོང་ཕྲག་གསུམ་དེ་རིན་མེད་དུ་འབུལ་རྒྱུ་ཡིན་པའི་སྐོར། ཞང་ཞུང་རིག་མཛོད་ཁང་དང་དེབ་འདི་ལ་རོགས་འདེགས་གནང་བའི་སྐྱེས་བུ་དམ་པ་རྣམས་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུས།

1546395730283278.jpg

  ཚོགས་གཙོ་རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་ཞང་ཞུང་རིག་མཛོད་ཁང་གིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བརྒྱུད་དེ་སྲིད་པའི་མཛོད་ཕུགས་ཆེན་མོ་ཡིག་སྣ་གསུམ་གྱིས་སྒོ་ནས་པར་བསྐྲུན་འགྲེམ་སྤེལ་བྱེད་པ་ལ་དགའ་བ་འབུམ་གྱིས་བཏེགས་པ་དང་གནམ་ལོ་གསར་བར་རྟེན་འབྲེལ་གྱི་གསུང་དབྱངས་བསྒྲགས།

1546395772622971.jpg

   སྲིད་པའི་མཛོད་ཕུགས་འདིའི་མཛད་པ་པོ་དང་མཛད་སའི་གནས་། འཁོར་ཞུ་བ་པོ་དང་གསུངས་པའི་དུས་ཚིགས་དང་འབྲེལ་ཏེ་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་སྲིད་པའི་མཛོད་ཕུགས་ཀྱི་ནང་དོན་སྐོར་གསུང་གླེང་མཛད་ཅིང་། སྲིད་པའི་མཛོད་འདི་བོན་སྒོ་གང་གི་ཁོངས་སུ་གཏོགས་པ། མཛོད་ཕུགས་འདི་ཞང་ཞུང་ནས་བོད་དུ་བསྒྱུར་སྟངས། གཏེར་དུ་སྦས་ཚུལ་གཏེར་ནས་དྲངས་ཚུལ་སོགས་ཀྱི་སྐོར་ནས་གསལ་བཤད་མཛད་པ་རེད།

1546395805289991.jpg

   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་གཙོ་འགན་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་མཛམ་གླིང་རིག་གནས་ཀྱི་རྩ་བ་ནི་ཡི་གེ་ལ་ཐུག་ཡོད་པའི་སྐོར་དང་། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་སྲིད་པའི་མཛོད་ཕུགས་ཡིག་སྣ་གསུམ་ཅན་གྱིས་གྲུབ་པའི་དེབ་འདི་གལ་ཆེན་དུ་བརྩིས་ཡོད་ལ་གནམ་ལོ་གསར་བའི་ལེགས་སྐྱེས་ཐོག་མ་ཡིན་པ་དང་དེབ་འདིའི་རྩོམ་སྒྲིག་འགན་འཁུར་བ་དང་རོགས་འདེགས་པ་རྣམས་ལ་བཀའ་དྲིན་ཆེ་ཞེས་གསུངས།

1546395840887186.jpg
1546395872956596.jpg

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོག་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར། ཞང་ཞུང་རིག་མཛོད་ཁང་གི་ལུང་དཀར་གཡུང་དྲུང་བསྟན་འཛིན་ཨ་དཔལ་བཟང་བཅས་ནས་སྐུ་དངོས་སུ་སྨོན་ལམ་གྱི་དབུ་དྲངས་ནས་དཔེ་དེབ་སྒོ་འབྱེད་མཛད།

1546395940570085.jpg
1546395969299888.jpg
1546395994119757.jpg
1546396032550333.jpg
1546396066129968.jpg

   ཞང་ཞུང་རིག་མཛོད་ཁང་གིས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་དེབ་ཕུད་ཕུལ། དེ་ནས་ཚོགས་མི་རེ་རེར་རྒྱལ་བའི་བཀའ་རིན་པོ་ཆེ་ལུང་མཚན་ཉིད་<<སྲིད་པའི་མཛོད་ཕུགས་>>ཀྱི་གཞུང་ཞང་བོད་ཡིག་གཟུགས་གསུམ་ཕབ་ཅན་གྱི་དཔེ་དེབ་སྤོས་ལེགས་ཅན་ཚར་རེ་འབུལ་འདེགས་ཞུས། ཚོགས་གཙོ་གཙོས་ཚོགས་གཞོན་དང་དྲུང་ཡིག་ཆེ་ཆུང་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་<<སྲིད་པའི་མཛོད་ཕུགས་>>ཡིག་སྣ་གསུམ་ཅན་གྱི་དེབ་པར་བསྐྲུན་མཁན་ཞང་ཞུང་རིག་མཛོད་ཁང་དང་སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་གི་རྩོམ་སྒྲིག་འགན་འཁུར་བ་ཡོངས་ལ་བཀའ་དྲིན་ལེགས་མཚོན་ཕུལ་ཏེ་མཛད་སྒོ་བདེ་ལེགས་ངང་མཇུག་གྲོལ།

1546396108132679.jpg

1546396108883958.jpg

1546396108119271.jpg
1546398820827802.jpg
1546398830130915.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།