ཁྲི་ཀའི་ཁྱུང་མོ་དགོན་དུ་བཙུན་མའི་དགེ་བཤེས་ཀྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2018-10-15 22:46:29][རྩོམ་པ་པོ། འཆི་མེད་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20181015210034.jpg

ཁྲི་ཀའི་ཁྱུང་མོ་དགོན་དུ་བཙུན་མའི་དགེ་བཤེས་ཀྱི་མཛད་སྒོ་སྤེལ་བ།

微信图片_20181015211531.jpg

སྐལ་བཟང་དགེ་བའི་རྟེན་འབྱུང་ལྷུན་གྱིས་གྲུབ་ཅིང་རྒྱལ་བསྟན་གསེར་གྱི་རྒྱལ་མཚན་མངོན་པར་མཐོ་བའི་བཀྲ་ཤིས་རྟེན་འབྲེལ་གྱི་ཉིན་མོ་སྟེ། ༢༠༡༨ལོའི་སྤྱི་ཟླ༡༠ཚེས་༡༡ཉིན་མདོ་སྨད་ཁྲི་ཀའི་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ་གཞུང་པོད་ཆེན་ལྔ་དང་གབ་མཛོད་ས་གསུམ་ལ་སློབ་མཐར་ཕྱིན་པའི་གཡུང་དྲུང་བོན་གྱི་ བཙུན་མའི་དགེ་བཤེས་མཛད་སྒོ་དངོས་སུ་སྤེལ་བའི་ཉིན་དང་པོའི་མཛད་རིམ་ནི། ཞོགས་པར་གཡུང་དྲུང་བོན་གྱི་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས་དང་། དབུ་རི་དགེ་བཤེས་སྦྱིན་པ་བསྟན་འཛིན། དགེ་བཤེས་གཡུང་དྲུང་བསམ་གཏན། དགེ་བཤེས་མདོ་སྔགས་བསྟན་འཛིན་དབང་ལྡན། སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ། དགེ་བཤེས་ཤེས་རབ་སྦྱིན་པ། དགེ་བཤེས་ཨ་འཆི་མེད་རྣམ་རྒྱལ། སོག་པོ་དགེ་བཤེས་བཟོད་པ། དགེ་བཤེས་བསོད་ནམས་བརྟན། དགེ་བཤེས་ལྷ་བུ་བློ་བཟང་སོགས་དགེ་བཤེས་འགའ་ཞིག་ཁྲི་ཀ་རྫོང་ཐོག་ནས་ཁྱུང་མོ་དགོན་དུ་ཕེབས་བསུ་ཞུས་པ་དང་། དགོན་བདག་བླ་མ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་མཆོག་དང་མཁན་པོ་བཟོད་པ་འགྱུར་མེད་རྣམ་གཉིས་ལ་མཇལ་ཁ་ཞུས་ཏེ་སེར་འཕྲེང་དང་སྣེ་ལེན་ཟབ་རྒྱས་བྱས། དེ་ནས་དགེ་བཤེས་རྣམས་མཛད་སྒོ་ལ་དངོས་སུ་ཞུགས་པ་དང་། མཁན་པོ་བཟོད་པ་འགྱུར་མེད་རིན་པོ་ཆེ་དང་ཐེངས་འདིའི་བཀའ་རམས་པ་དགེ་བཤེས་རྣམ་པ་ཚོགས་ཁང་དུ་ཕེབས་བསུ་མཛད་དེ། མཁན་རིན་པོ་ཆེ་མཆོག་གིས་མཚན་བཏགས་གསུངས་པ་དང་། དགེ་བཤེས་རྣམས་ཀྱིས་བཤད་པ་གྱེར་ནས་བཀྲ་ཤིས་དང་སྨོན་ལམ་ཤིས་བརྗོད་གསུངས། ཕྱི་དྲོ་མདོ་དབུས་ཁམས་གསུམ་གྱི་བཤད་གྲྭ་ཁག་ནས་ཕེབས་པའི་བཙུན་མ་རྣམས་འཆད་རར་ཕེབས་ནས་ཉིན་དང་པོའི་མཛད་སྒོ་མཇུག་གྲུབ་པར་བྱས།

微信图片_20181015220219.jpg微信图片_20181015220223.jpg

      微信图片_20181015205840.jpg微信图片_20181015210918.jpg 

ཚེས༡༢ཉིན་གྱི་མཛད་རིམ་ནི། མཁན་པོ་བཟོད་པ་འགྱུར་མེད་རིན་པོ་ཆེ་དང་ཐེངས་འདིའི་བཀའ་རམས་པ་རྣམས་ཚོགས་ཁང་དུ་ཕེབས་བསུ་ལེགས་པར་མཛད་དེ། མཁན་རིན་པོ་ཆེ་དགེ་བཤེས་བཟོད་པ་འགྱུར་མེད་མཆོག་གིས་མཚན་བཏགས་གསུངས་པ་དང་། དགེ་བཤེས་རྣམས་ཀྱིས་བཤད་པ་གྱེར་ཏེ་སྔ་དྲོའི་མཛད་རིམ་རྫོགས།

 微信图片_20181015210922.jpg微信图片_20181015210012.jpg

ཕྱི་དྲོ་ཡར་འཚོགས་ནས་བཀྲ་ཤིས་པའི་འབྲུ་སྣ་དང་མེ་ཏོག་གཏོར་ཞིང་དགེ་བཤེས་རྣམས་ཀྱིས་སྨོན་ལམ་ཤིས་བརྗོད་ཀྱིས་མཐར་བརྒྱན་པ་བྱས། ཆུ་ཚོད་བཞི་ཙམ་ནས་མདོ་དབུས་ཁམས་གསུམ་གྱི་བཤད་གྲྭ་ཁག་ནས་ཕེབས་པའི་བཙུན་མ་རྣམས་འཆད་རར་ཕེབས་ནས་གཞུང་པོད་ཆེན་ཁག་ལ་དགག་སྒྲུབ་རིག་པའི་འཁོར་ལོ་བསྐོར་ཏེ་ཉིན་གཉིས་པའི་མཛད་སྒོ་མཇུག་གྲུབ་པར་བྱས།

 微信图片_20181015205854.jpg微信图片_20181015205917.jpg

ཚེས་༡༣ཉིན་གྱི་མཛད་རིམ་ནི། སྔ་དྲོ་མཁན་པོ་དགེ་བཤེས་བཟོད་པ་འགྱུར་མེད་དང་ཐེངས་འདིའི་དགེ་བཤེས་རྣམ་པ་ཚོགས་ཆེན་འདུ་ཁང་དུ་མར་མེ་བདུག་སྤོས་ཀྱི་མཆོད་རྫས་ལེགས་པར་ཐོགས་ཏེ་ཕེབས་བསུ་བྱས་པ་དང་། དགེ་བཤེས་རྣམས་ཀྱིས་གསེར་ཁྲིའི་མདུན་ནས་དམ་བཅའ་གསུངས། དེ་ནས་དམ་བཅའ་ལ་བཞུགས་ཏེ་སྐབས་འདིར་གདན་ཞུ་བྱས་པའི་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་དགེ་བཤེས་རྣམས་ཀྱིས་སྔགས་རྫོགས་ཀྱི་རྟགས་གསལ་རིམ་བཞིན་བཏང་།

微信图片_20181015210016.jpg微信图片_20181015210019.jpg

ཕྱི་དྲོ་ཕྱོགས་སོ་སོ་ནས་ཕེབས་པའི་བཙུན་མ་རྣམས་ཀྱིས་རིམ་བཞིན་དུ་འདུལ་བ་དང་། དབུ་མ། མཛོད། ཕར་ཕྱིན། ས་ལམ། ཐེག་འགྲེལ། ཚད་མ། རྟགས་རིགས། བསྡུས་གྲྭ་སོགས་ཀྱི་རྟགས་གསལ་བཏང་སྟེ་ཉིན་དེའི་མཇུག་གྲུབ་པར་བྱས།

微信图片_20181015211559.jpg微信图片_20181015211614.jpg 

ཚེས༡༤ཉིན་གྱི་མཛད་རིམ་ནི། སྔར་ཉིན་བཞིན་དགེ་བཤེས་རྣམ་པ་ཕེབས་བསུ་དང་། དགེ་བཤེས་རྣམས་ཀྱིས་གསེར་ཁྲིའི་མདུན་ནས་དམ་བཅའ་གསུངས། དེ་ནས་དམ་བཅའ་ལ་བཞུགས་ཏེ་སྐབས་འདིར་གདན་ཞུས་བྱས་པའི་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་དགེ་བཤེས་རྣམས་ཀྱིས་སྔགས་རྫོགས་ཀྱི་རྟགས་གསལ་རིམ་བཞིན་བཏང་། ཕྱི་དྲོ་ཕྱོགས་སོ་སོ་ནས་ཕེབས་པའི་བཙུན་མ་རྣམས་ཀྱིས་རིམ་བཞིན་དུ་འདུལ་བ་ནས་བསྡུས་གྲྭ་བར་རྟགས་གསལ་བཏང་སྟེ་ཉིན་དེ་མཇུག་གྲུབ་པར་བྱས།

微信图片_20181015221851.jpg微信图片_20181015221847.jpg

ཚེས༡༥ཉིན་གྱི་མཛད་རིམ་ནི། མཁན་པོ་བཟོད་པ་འགྱུར་མེད་རིན་པོ་ཆེ་དང་དགེ་བཤེས་བསོད་ནམས་བརྟན་གཉིས་ཀྱིས་དབུ་ཁྲིད་འོག་སྐབས་འདིའི་དགེ་བཤེས་རྣམས་ཚོགས་ཁང་དུ་ཕེབས་བསུ་ལེགས་པར་མཛད་དེ། མཁན་རིན་པོ་ཆེ་དགེ་བཤེས་བཟོད་པ་འགྱུར་མེད་མཆོག་གིས་མཚན་བཏགས་གསུངས་པ་དང་། དགེ་བཤེས་རྣམས་དང་རིགས་ལམ་པ་རྣམས་ཀྱིས་རིམ་བཞིན་བཀྲ་ཤིས་རྟགས་གསལ་བཏང་སྟེ་སྔ་དྲོའི་མཛད་རིམ་རྫོགས།

 微信图片_20181015221833.jpg微信图片_20181015221822.jpg

ཕྱི་དྲོ་ཡར་འཚོགས་ནས་བཀྲ་ཤིས་པའི་འབྲུ་སྣ་དང་མེ་ཏོག་གཏོར་ཞིང་ཨ་ལགས་ཁྱུང་མོ་མཆོག་དང་མཁན་པོ་བཟོད་པ་འགྱུར་མེད་རྣམ་པ་གཉིས་ཀྱིས་དགེ་བཤེས་ལག་འཁྱེར་གནང་བ་དང་། དེ་བཞིན་དུ་དགེ་བཤེས་རྣམས་ཀྱིས་ཚིག་བཀྲ་དང་མཆོད་ཚིག་སོགས་གསུངས་ཏེ་སྨོན་ལམ་ཤིས་བརྗོད་ཀྱིས་མཐར་བརྒྱན་པ་བྱས།

微信图片_20181015220709.jpg微信图片_20181015220640.jpg

微信图片_20181015220421.jpg微信图片_20181015220634.jpg

དེ་ནས་དགེ་བཤེས་རྣམས་ལ་རྟེན་འབྲེལ་ཁ་བཏགས་དང་མཆོད་པ་མཎྜལ་ཕུལ་ནས་ཐེངས་འདིའི་ཁྲི་ཀ་ཁྱུང་མོ་དགོན་གྱི་གཞུང་པོད་ཆེན་ལྔ་དང་གབ་མཛོད་ས་གསུམ་ལ་སློབ་མཐར་ཕྱིན་པའི་དགེ་བའི་བཤེས་གཉེན་གྱི་མཛད་སྒོ། མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་ནས་དགའ་སྤྲོ་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཀྱིས་མཇུག་ཡོངས་སུ་གྲུབ་པར་བྱས།

微信图片_20181015220644.jpg微信图片_20181015220654.jpg

微信图片_20181015220659.jpg微信图片_20181015220704.jpg

བཀྲ་ཤིས་རྟེན་འབྲེལ་སྟོང་གི་སྐལ་བཟང་ལ། །

བཀྲ་ཤིས་དགེ་ལེགས་སྣང་བས་ས་སྟེང་ཁྱབ། །

བཀྲ་ཤིས་དགེ་བའི་བཤེས་ཀྱི་མཛད་སྒོ་འདིར། །

བཀྲ་ཤིས་ཕུན་ཚོགས་སྡེ་བཞིའི་གཡང་འཁྱིལ་ཤོག།

微信图片_20181015221742.jpg微信图片_20181015221735.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།