བོན་བརྒྱའི་བོན་མང་སྤྱི་བས་ཡབ་རྗེ་བླ་མར་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2018-09-05 11:58:22][རྩོམ་པ་པོ། སྟོབས་ལྡན་ཚེ་རིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180905105559.jpg

     དེ་ཡང་།  རིམ་གཉིས་ཟབ་མོའི་བོན་ལ་མངའ་བརྙེས་པའི་གྲུབ་བརྒྱའི་དབང་ཕྱུག་ཆེན་མོ།  འཛམ་གླིང་ཤར་ནུབ་ཀུན་ན་མཚན་སྙན་གྱི་བ་དན་དགུང་ན་གཡོ་བའི་ངེས་པ་དོན་གྱི་མཁས་དབང་། སྤང་རྟོགས་ཕུན་ཚོགས་ཀྱི་ཐེམ་སྐས་ས་བཅུ་ལམ་ལྔའི་བདག་ཉིད། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་སྐྱབས་རྗེ་ཡིད་བཞིན་ནོར་བུ་བོན་བརྒྱ་ཐམས་ཅད་མཁྱེན་པ་སྐྱབས་རྗེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཉིད། སྐུ་ཚེ་དང་བསྟན་འགྲོའི་ལས་དོན་རྣམས་ཡོངས་སུ་མཐར་ཕྱིན་ནས།བོད་ས་ཕོ་ཁྱི་ཡི་ལོ་སྟེ་ཧོར་ཟླ་བདུན་པའི་ཚེས་དྲུག་ཉིན། སྐུ་ཆ་ལུགས་ལྔ་ལྡན་གྱི་ཉམས་བཞག་ངང་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་གཞི་དབྱིངས་ཀ་དག་འགྱུར་མེད་བོན་སྐུའི་ཀློང་དུ་ཐུགས་དམ་གཡོ་མེད་དུ་བཞུགས་པའི་ཚུལ་བསྟན་པ་ན།  བུ་སློབ་བླ་མ་དགེ་བཤེས་བརྒྱ་ཕྲག་ལྷག་དང་དད་འབངས་ཁྲི་སྟོང་མང་བོའི་མིག་ནས་མཆི་མ་བརྡོལ་ཞིང་ཐུགས་ཡིད་རབ་ཏུ་སྐྱོ་བའི་མྱ་ངན་གྱི་གནས་སུ་ལྷུང་།

 微信图片_20180905105611.jpg

ཐེངས་འདིར་ཡང་སྐྱབས་རྗེ་བླ་མ་ཁོང་གི་དམ་པའི་ཐུགས་ཀྱི་སྲས་པོ་བོན་བརྒྱ་སྐུ་སྐྱེས་ནམ་མཁའ་དྲི་མེད་ཉི་མ་མཆོག་དང་སྐུ་ཚ་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་ཚང་སྤྲུལ་བའི་སྐུ་མཆོག་དམ་པ་ཨ་ལགས་ལྷ་དཀར་སོགས་བོན་བརྒྱའི་བོན་མང་སྤྱི་བའི་རིག་འཛིན་འདུས་པ་རྒྱ་མཚོའི་དབུ་བཞུགས་ཐོག སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་ཚེ་དབང་བོད་ཡུལ་མའི་ཆོ་གའི་གཞི་བཟུང་ཏེ་ཉིན་གསུམ་གྱི་རིང་ལ་གདུང་མཆོད་རྒྱ་ཆེར་སྒྲུབ་བཞིན་པའི་རྣམ་པའི་ཟུར་ཙམ་མོ།།

微信图片_20180905105614.jpg

微信图片_20180905105618.jpg

微信图片_20180905105622.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།