བཙུན་དགོན་རཏྣ་སྨན་གླིང་གི་འདུས་ཚོགས་ནས་བོན་བརྒྱ་ཚང་ལ་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2018-08-30 11:59:09][རྩོམ་པ་པོ། ཁྲི་སྤྲེལ་སླག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1535601595841185.jpg1535601595702364.jpg1535601594161283.jpg

   ༧བསླབ་གསུམ་སེམས་མའི་འདུས་སྡེའི་གསེར་སྙན་དུ་ཞུ་གསོལ། ༧སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་བའི་བསྟན་འཛིན་གྱི་སྐྱེས་ཆེན་མཁས་གྲུབ་གཉིས་ལྡན་གྱི་ཞིང་གཤེགས་དམ་པ་༧ཨ་ལགས་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་གདུང་ཞུགས་མཆོད་འབུལ་དང་འབྲེལ།

   འདི་ག་༧གདན་ས་སྨན་རི་ན་བཞུགས་པའི་སྣང་ཞིག་ཁང་ཚན་གྱི་བླ་གྲྭ་དང་དེ་མིན་དམ་པ་ཁོང་གི་ཐུགས་འོག་ནས་འཚར་བའི་སློབ་མ་ཁག་ནས༧བཙུན་དགོན་རཏྣ་སྨན་གླིང་གི་འདུས་ཚོགས་སུ་སྨོན་ལམ་མང་ཇ་དང་སྐུ་འགྱེད་སྒོར་རེ་༡༠༠བཅས་ཕུལ་དོན་བཞིན་དམ་པ་ཁོང་གི་ཐུགས་ཀྱི་དགོངས་བཞེད་ཡོངས་སུ་རྫོགས་ཏེ་སླར་ཡང་བསྟན་འགྲོའི་དོན་ཕྱིར་ཞིང་འདིར་མྱུར་འབྱོན་གསོལ་འདེབས་སྨོན་ལམ་དང་བཅས་ཞུ།

1535601594130222.jpg

༢༠༡༨/༠༨/༢༨

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།