མཛད་བཟང་གསེར་གྱི་འོད་རླབས།

[ཟླ་ཚེས། 2018-08-17 16:02:09][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]

1534493651783737.jpg

   འདི་ཟླའི་ཚེས་དགུ་ཉིན་༧རག་བླ་ལུང་རིག་ཀུན་གསལ་སྙིང་པོའི་སྟོན་འཁོར་རྣམས་ཁྱུང་པོ་སྟེང་ཆེན་དུ་ཕེབས་ཏེ་སྨོན་རྒྱལ་སྐྱེ་ཕྲེང་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ཆེ་དང་སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན་བཅས་སྨོན་རྒྱལ་རྣམ་ཚང་གིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་སྨོན་རྒྱལ་དཔྱད་བུའི་སྨན་རྩིས་ཁང་དུ་སྣེ་ལེན་ཟབ་རྒྱས་ཞུས།

1534493716412932.jpg1534493716112407.jpg1534493652116409.jpg
ཕྱིར་ཉིན་ཚེས་བཅུ་ཉིན་སྔ་དྲོ་ཆེད་ལས་མཁས་དབང་ཚོ་དང་ལྷན་དུ་ཁྱུང་རིག་གནས་དཔྱད་གླེང་ཚོགས་འདུར་ཕེབས
1534493652129439.jpg

   ཕྱི་དྲོ་ཕྱག་ཚོད་བཞི་པའི་ཐོག་སྨོན་རྒྱལ་དཔྱད་བུའི་སྨན་རྩིས་ཁང་དུ་༧ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་ཆེན་མོའི་བོན་སྦྱིན་རྟེན་བཞག་གི་མཛད་སྒོ་དབུ་ཚུགས།

1534493652124533.jpg

   མཛད་སྒོའི་སྐབས་སུ་ཚོགས་ཞུགས་མི་སྣ་ཆེད་ལས་མཁས་དབང་ཐུབ་བསྟན་ཕུན་ཚོགས་དང་བན་ཤུལ་དཔལ་མཁར་རྒྱལ་མཁས་དབང་དོན་གྲུབ་ལྷ་རྒྱལ་སོགས་རྒྱལ་ཡོངས་ས་གནས་སོ་སོ་ནས་ཕེབ་པའི་མཁས་དབང་རྣམས་དང་དེ་བཞིན་སྟེང་ཆེན་རྫོང་ཁོངས་ན་ཡོད་པའི་བོན་གྱི་དགོན་རི་ཁྲོད་བཞི་བཅུ་ཙམ་ཞིག་གི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད།

1534493652558466.jpg

ཐོག་མར་རག་ཤི་དགེ་བཤེས་ཡོན་ཏན་བཟང་པོ་ནས་རྟེན་འབྲེལ་གྱི་ཁ་གཡང་དང་སྦྲགས་ཏེ་ཚོགས་འདུ་གཙོ་སྐྱོང་གནང་།

1534493652223765.jpg

   དེ་རྗེས་སྨོན་རྒྱལ་སྤྲུལ་སྐུ་རང་གྲོལ་ཉི་མ་རྒྱལ་མཚན་མཆོག་ནས་དེ་རིང་ངེད་སྨོན་རྒྱལ་དཔྱད་བུའི་སྨན་རྩིས་ཁང་དུ་ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་རྟེན་བཞག་གི་མཛད་སྒོ་ཆེན་པོ་འདི་འདྲ་ཞིག་གཉེར་རྒྱུ་བྱུང་བ་འདི་ནི་རྟེན་འབྲེལ་བཟང་པོ་ཞིག་ཡིན་པ་དང་ལྷག་ཏུ་མ་ཡིག་སོར་བཞག་གི་སྟེང་ནས་པར་སྐྲུན་གནང་བའི་བཀའ་འགྱུར་འདི་ནི་བོད་མི་རིགས་རང་གི་རྩ་ཆེའི་ནོར་བུ་ཞིག་ཡིན་པའི་སྐོར་སོགས་མདོར་ན་མཆོག་སྤྲུལ་ཀུན་གསལ་སྙིང་པོའི་མཛད་བཟང་ལ་བསྔགས་བརྗོད་དང་འབྲེལ་བའི་སྒོ་ནས་བཀའ་སློབ་ཟབ་རྒྱས་གནང་།

1534493652793075.jpg

    དེ་རྗེས་བསྟན་པའི་སྦྱིན་བདག་ཆེན་མོ་རག་བླ་ལུང་རིག་ཀུན་གསལ་སྙིང་པོ་མཆོག་ནས་ཚོགས་བཞུགས་མི་སྣ་ཡོངས་ལ་མཚམས་འདྲིའི་ཁ་གཡང་དང་འབྲེལ་ཏེ་དེ་རིང་ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ཁྱུང་ཡུལ་གྱི་དགོན་རི་ཁྲོད་རྣམས་ལ་རྟེན་བཞག་ཕུལ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་།

1534493652106865.jpg

   ལྷག་ཏུ་བྱ་བ་འདི་ནི་༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱི་དགོངས་བཞེད་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀའ་དགོངས་ཇི་བཞིན་ཕྲན་རང་ཉིད་ནས་ཐོག་མར་ལས་འགོ་བཙུགས་པ་ནས་བཟུང་གཡུང་དྲུང་བོན་གྱི་དགོན་སྡེ་རི་ཁྲོད་ཀུན་ལ་རྒྱལ་བའི་བཀའ་རིན་པོ་ཆེ་ཆ་ཚང་རེ་རྟེན་བཞག་འབུལ་ཐུབ་ན་ཅི་མ་རུང་སྙམ་པའི་སེམས་འདུན་ཡོད་པ་བཞིན་འདི་ལོ་དངོས་སུ་ལེགས་གྲུབ་བྱུང་བར་དཔེ་དགའ་པོ་བྱུང་། ལྷག་ཏུ་བོད་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་པས་རང་ཉིད་གནས་སའི་ལུང་པ་ཆུང་ཆུང་ཞིག་དང་།

1534493651138682.jpg

   ཡང་ན་རང་ཉིད་གནས་སའི་དགོན་པ་ཆུང་ཆུང་ཞིག་ཙམ་མ་ཡིན་པར་བསྟན་པ་སྤྱི་དང་མི་རིགས་སྤྱི་ཡི་ཁེ་ཕན་ལ་གཟིགས་ཏེ་ཐུགས་མཐུན་དམ་གཙང་གི་སྒོ་ནས་གཅིག་ཕན་གཅིག་གྲོགས་དགོས་ཚུལ་གྱི་སྐོར་ནས་བཀའ་སློབ་ཟབ་རྒྱས་གནང་།

1534493651128041.jpg

དེར་བཞུགས་ཀྱི་དབུ་ཁྲིད་དང་ཆེད་ལས་མཁས་དབང་དགོན་སྡེའི་འཐུས་མི་ཚང་མས་དགའ་བསུའི་ཐལ་སྒྲ་བསྒྲགས་ནས་བསྔགས་བརྗོད་ངག་གི་མེ་ཏོག་འཐོར།

1534493652129439.jpg

དེ་རྗེས་སྤ་དགོན་དགེ་བཤེས་ཡོན་ཏན་བཟང་པོ་ནས་ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་འདི་ཉིད་ལས་འགོ་བཙུགས་པ་ནས་བཟུངས་མཐར་མཇུག་མ་གྲུབ་གྱི་བར་དུ་མཆོག་སྤྲུལ་ཀུན་གསལ་རིན་པོ་ཆེའི་དགོངས་བཞེད་བཞིན་རག་དགོན་གཡུང་དྲུང་གྱེར་བསྟན་གླིང་གི་རྒྱལ་བའི་བཀའ་བསྟན་དཔེ་རྙིང་འཚོལ་བསྡུའི་ལས་སྒྲུབ་ཚོགས་པས་དཀའ་བརྒྱ་འབད་སྟོང་གི་ངང་ནས་ཕྱག་ལས་སྐྱོང་ཕྱོགས་ཀྱི་སྐོར་ནས་གསལ་བཤད་དང་འབྲེལ་བའི་སྒོ་ནས་གཏམ་བཤད་སྤེལ།
1534493651485570.jpg

   དེ་རྗེས་ཚོགས་བཞུགས་རྣམ་པས་ཀུན་གསལ་རིན་པོ་ཆེ་ལ་ཁ་བཏགས་ཕུལ། ཀུན་གསལ་རིན་པོ་ཆེ་ནས་ཆེད་ལས་མཁས་དབང་རྣམས་ལ་བཀའ་འགྱུར་གྱི་དཀར་ཆག་རེ་དང་ཤིས་སྨོན་གྱི་དེབ་རེ་གནང་།

1534493651676502.jpg

   ཁྱུང་ཡུལ་གྱི་བོན་དགོན་རྣམས་ལ་དེབ་གྲངས་ཉིན་བརྒྱ་ལས་གྲུབ་པའི་བཀའ་འགྱུར་ཆ་ཚང་རེ་རྟེན་བཞག་ཕུལ།

1534493651123996.jpg
རྒྱལ་བའི་བཀའ་འགྱུར་ཆེན་མོ་རྟེན་བཞག་གི་མཛད་སྒོའི་སྐབས་སུ་རྟེན་འབྲེལ་གྱི་བརྡ་རྟགས་ནམ་མཁའ་ནས་འཇའ་ཤར།


1534493651130218.jpg1534493651288054.jpg

རྟེན་བཞག་འབུལ་ཡུལ་ནི།  

སྟེང་ཆེན་རྫོང་རིག་གནས་ཅུས། རྫོང་སྨན་རྩིས་ཁང་།  སྨོན་རྒྱལ་དཔྱད་བུའི་སྨན་རྩིས་ཁང་།

གཡུ་མཚོ་དགོན། ག་ཤེལ་དགོན། ཞུ་ཚང་དགོན། མཁར་སྤུངས་དགོན། ལྕང་རི་རི་ཁྲོད། མར་ཁུ་དགོན།   དར་རྒྱས་དགོན། 

རེ་ནེ་དགོན། རི་དམར་དགོན།  དངུལ་ཕུག་རི་ཁྲོད། མར་རྫོང་དགོན། བྱ་ཟེ་དགོན། སྒར་ཁང་དགོན། གཡུ་བཀྲ་ལྷ་སྟེང་དགོན།

ཚ་ནེ་རི་ཁྲོད།  འབོ་ཐ་དགོན། རུ་ཐ་དགོན། གཡམ་ཐ་དགོན། དམུ་ཐ་དགོན།  རྡོང་རྫོང་རི་ཁྲོད།  དཀར་ལེགས་དགོན།  སྟེང་ཆེན་དགོན། རི་ཁྲོད་དགོན།  སྨོན་རྒྱལ་བླ་བྲང་། ཀོ་དགོན། གཡུང་དྲུང་དཔལ་རི།  ནག་རུ་བསམ་གཏན་གླིང་།  རྩེ་དྲུག་དགོན། ཝ་དགེ་དགོན། སྦྲ་ཧོ་དགོན། བདལ་གཤིས་བོན་དགོན། མོའོ་ཡས་དགོན། བེ་སྒོ་དགོན།  རྒྱ་སྒོ་དགོན།  གནམ་གཏིང་དགོན། ལྗང་ཤོད་བོན་དགོན་བཅས་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།