སྨན་རིའི་དཔོན་སློབ་མཆོག་གངས་ལྗོངས་སུ་མཛད་འཕྲིན་གྲུབ་ནས་ཕྱིར་སྨན་རིའི་གླིང་དུ་ཞབས་སོར་འཁོད་པ།

[ཟླ་ཚེས། 2018-08-09 19:45:40][རྩོམ་པ་པོ། གཡུང་དྲུང་བོན་དྲ་བ།][རྩོམ་ཁུངས། གཡུང་དྲུང་བོན་དྲ་བ།][ཀློག་གྲངས། ]

རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་བོད་གངས་ཅན་ལྗོངས་སུ་མཛད་འཕྲིན་གྲུབ་ནས་ཕྱིར་སྨན་རིའི་གླིང་དུ་ཞབས་སོར་བདེ་བར་འཁོད་པའི་གནས་བསྡུས།

1533815485138140.jpg

   དེ་ཡང་བོད་ས་ཁྱི་ལོའི་བོད་ཟླ་༦ཚེས་༢༦ཉིན། ༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་བོད་གངས་ཅན་ལྗོངས་སུ་ཟླ་བ་གཅིག་རིང་གི་མཛད་འཕྲིན་ལེགས་པར་གྲུབ་ནས་ཕྱིར་རང་དགོན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བདེ་བར་བཀོད་ཡོད་པ་དང་།

1533815485917007.jpg1533815485691262.jpg

ལྡི་ལི་གནམ་ཐང་དུ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ་དང་། དེ་བཞིན་ཚོགས་པ་འདྲ་མིན་ཁག་གི་སྐུ་ཚབ་བཅས་ཕེབས་བསུ་བཅར་ཡོད་འདུག།

1533815485410221.jpg1533815485470079.jpg

བོན་གཞིས་སྒོ་ཆེན་རྩར་བོན་གཞིས་གཞིས་འགོ་གཙོས་སེར་སྐྱ་མི་མང་དང་བོན་བུ་ཁྱིམ་ཚང་གི་སློབ་ཕྲུག་གཙོས་མི་མང་བརྒྱ་ཕྲག་ལྷག་གི་ལག་ཏུ་ལྷ་དར་རིང་མོ་ཐོགས་ནས་ཕེབས་བསུ་རྒྱ་ཆེར་བྱས་ཡོད་པ་དང་། སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་མདུན་དུ་གསོ་རིག་འབུམ་བཞིའི་དགེ་སློབ་ལྷན་རྒྱས་ནས་ལྷ་བསང་དང་བདུག་སྤོས་ཀྱི་དྲི་ཞིམ་བདུགས་ནས་ཕེབས་བསུ་དང་།

1533815485109558.jpg1533815485472618.jpg

སྨན་རིའི་འཕྲོད་བསྟེན་ཁང་གི་མདུན་ཐང་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་པ་གཉིས་གཙོས་པའི་གྲྭ་བཙུན་དག་དང་རདྞ་སྨན་རིའི་གླིང་གི་བཙུན་མ་བཅས་སེར་འཕྲེང་སྒྲིག་ནས་ཕེབས་བསུ་ཞུས་ཡོད་པ་རེད།

1533815485107217.jpg1533815485106847.jpg

ཚོགས་ཁང་མདུན་དུ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་བ་མཆོག་ནས་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེར་འཚམས་འདྲི་དང་ལྷ་དར་བསྒྲོན་རྗེས་འདུས་མང་ཡོངས་ནས་གཤེན་རབས་མཆོད་རྔའི་མཆོད་པ་གྲུབ་རྗེས།

1533815485734294.jpg1533815485107519.jpg

ཚོགས་ཁང་དུ་གདན་དྲངས་ནས་མན་བདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མི་མང་ཡོངས་ལ་ཐུགས་བརྩེ་བའི་མཇལ་ཁ་བསྩལ་བ་བཅས་ཀྱི་གནས་བསྡུས་སུ།

1533815485424121.jpg1533815485136281.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།