གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཡིག་ཆའི་རྒྱུགས་སྤྲོད་ཆེན་མོ།

[ཟླ་ཚེས། 2018-06-20 23:49:42][རྩོམ་པ་པོ། འཕྲིན་སྟེགས་རྩོམ་སྒྲིག་པ།][རྩོམ་ཁུངས། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་འཕྲིན་སྟེགས།][ཀློག་གྲངས། ]

༡.jpg

   ལོ་སྔོན་མའི་རྒྱུགས་མཚམས་ནས་བཟུང་ལོ་གཅིག་གི་རིང་དུ་གཞུང་ཁྲིད་རྩ་རྒྱུགས་དང་།   འགྲེལ་རྒྱུགས་གཉིས་སློབ་གཙོ་མཆོག་གིས་དབུ་ཁྲིད་འོག་འཚོགས་གཞོན་གཙོས་རྒྱུགས་ཀྱི་དོ་དམ་པ་དགེ་རྒན་རྣམ་པ་གཉིས་དང་སྐབས་བབས་ཀྱི་དགེ་རྒན་ཡོངས་ནས་བཀའ་གྲོས་གཅིག་མཐུན་གྱི་རྒྱུགས་ཤོག་གཏན་འབེབས་བྱས།   

   རྩ་རྒྱུགས་ལ་གཞུང་སོ་སོའི་རྩ་བ་ཚིག་རྐང་རིང་ཐུང་ངེས་ཅན་མ་ཡིན་ནའང་རྒྱུགས་ཤོག་དང་པོའི་སྟེང་དུ་རྩ་ཚིག་ཤླཽ་ཀ་བཅུ་སྟེ་ཚིག་རྐང་བཞི་བཅུ་བློ་ཐོག་ནས་འབྲི་བཅུག་སྟེ་ཚིག་རྐང་རེ་ལ་སྐར་ཆ་གཉིས་དང་ཚེག་ལྔ་བསྡོམས་པའི་སྐར་མ་བརྒྱ་ཡོད།

   འགྲེལ་རྒྱུགས་ལའང་གཞུང་སོ་སོའི་མཚན་ཉིད་སྐོར་དང་།    གཞུང་ཁུངས་གཏུག་སའི་ལུང་ཚིག    གཞུང་ལས་བྱུང་བའི་གྲངས་འགྲེལ།  གཞུང་གི་གོ་དོན་བཀྲལ་བ་བཅས་སྐར་མ་ཉིས་བརྒྱ་ལོང་བའི་རྒྱུགས་ཤོག་ཡོད།    

   སྤྱི་ལོ ༢༠༡༨ ཟླ ༦ ཚེས ༢༠ ཉིན་ཞོགས་པ་དུས་ཚོད ༩ སྟེང་ནས་དགེ་སློབ་ཡོངས་རྫོགས་རྒྱུགས་ར་ནང་དུ་ཞུགས།   དུས་ཚོད ༩ དང་སྐར་མ ༣༠ སྟེང་དགེ་རྒན་རྣམ་པས་སློབ་མ་སོ་སོའི་ཕྱག་ཏུ་རྩ་རྒྱུགས་རྒྱུགས་ཤོག་བརྒྱུད།   དུས་ཚོད ༡༡ སྟེང་ངལ་བསྲོ་སྐར་མ ༣༠ བྱས་ནས་སླར་རྒྱུགས་རར་ཞུགས།  དུས་ཚོད ༡༡ དང་སྐར་མ ༣༠ ནས་འགྲེལ་རྒྱུགས་རྒྱུགས་ཤོག་བཀྲམ་ནས་དུས་ཚོད ༡ སྟེང་མཇུག་ཡོངས་སུ་རྫོགས་ནས་རྒྱུགས་ཤོག་དགེ་རྒན་རྣམ་པའི་ཕྱག་ཏུ་བསྡུས།

༢༧.jpg༢༨.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།