ཀུན་འཁོར་གཤེན་བཙུན་གཞོན་ནུའི་རྒྱན།

[ཟླ་ཚེས། 2018-04-16 22:33:51][རྩོམ་པ་པོ། རྒྱལ་མོ་རྔུལ་ཆུ།][རྩོམ་ཁུངས། ][ཀློག་གྲངས། ]

1.jpg
«སྙན་གཞུང་ཤེལ་གྱི་མེ་ལོང»གི་རྩོམ་རྒྱུགས་ཕུལ་བའི་སྐོར།

   དེ་ཡང་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་སྐབས་གསུམ་པའི་སློབ་ཐོན་འཛིན་གྲྭས་བཏོན་པའི་སྒྲ་ཡི་ཀུན་བཟང་འཁོར་ལོ་གཤེན་བཙུན་གཞོན་ནུའི་རྒྱན་ཞེས་པ་འདི་ནི། ཞང་བོད་ཀྱི་གྲུབ་སྒྱུར་ཆེན་པོ་གཙང་གཤེན་པི་ཝང་ཅན་པ་ཞེས་སྨྲ་དབང་ཚོགས་པའི་སྤྱི་བོའི་གཙུག་རྒྱན་གྱི་ཅོད་པན་མཐོན་པོར་ཞབས་ཀྱི་པདྨོ་ངལ་གསོ་ཐོབ་པའི་བདག་ཉིད་ཅན་གང་ལ་མཚོ་བྱུང་ཚངས་པའི་བུ་མོས་སྤྱིར་གཡུང་དྲུང་གི་བོན་རིན་པོ་ཆེ་འཕེལ་རྒྱས་བྱ་བའི་དོན་དུ་འམ་སྒོས་སུ་ཀོས་ཐག་ཉམ་ཆུང་འགྲོ་བ་ཡོད་དོ་མངོན་མཐོ་དང་ངེས་ལེགས་ཀྱི་སར་བཀྲི་བ་ལ་ཡུན་རིང་བོར་གནས་ཕྱིར་དུ་དངོས་སུ་སྩལ་གནང་བྱུང་བའི་སྙན་གཞུང་ཧྲག་བསྡུས་རྒྱན་གསུམ་གསལ་བ་ཤེལ་གྱི་མེ་ལོང་གི་གཞུང་ལས། ཐུན་མིན་སྒྲ་རྒྱན་རིག་པའི་ལེ་ཚན་མཐར་ཕྱིན་པའི་དཔེ་བརྗོད་དམ་ཁྱད་པར་དུ་རྒྱན་གསུམ་གྱི་གཞུང་ལ་བློ་སྦྱོང་ཐོབ་པའི་རྩོམ་རྒྱུགས་སུ་ཕུལ་བའི་ཐོག་མའི་ཕྱག་རྗེས་ཤིག་གམ་རང་མཉམ་གྲྭ་བཙུན་སློབ་གཉེར་བ་རྣམས་ལ་གཟིགས་རྟེན་དུ་བཏེགས་ཤིང་སྙན་གཞུང་ལ་འཇུག་པའི་བཞུད་ལམ་ཁྲོད་ཀྱི་ལེགས་སྐྱེས་ཆུང་ཆུང་ཞིག་ཀྱང་ངོ་ཞེས་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་ས་ཁའི་བློ་ལྡན་དུ་འབོད་པས་ཧོར་ཟླ་གཉིས་པའི་ཚེས་མགོར་མཚམས་སྦྱོར་དུ་སྤེལ་ལགས།

9.jpg

མཉམ་མེད་སྟོང་མཚན་ཀུན་ཁྱབ་འཁོར་ལོ་ཞེས་བྱ་བ་འདི་ནི་སློབ་གཉེར་བ་རྒྱལ་རོང་ཤེས་རབ་ཡེ་ཤེས་ཀྱིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས།
8.jpg
ཀུན་འཁོར་སྐྱེ་དགུ་དགྱེས་པའི་དགའ་སྟོན་ཞེས་བྱ་བ་འདི་ནི་སློབ་གཉེར་བ་དགུ་སྐྱང་དཔལ་འབྱོར་དབང་ཕྱུག་གིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས།
7.jpg
ཀུན་འཁོར་མདོ་སྔགས་ཉི་ཟླའི་འོད་མདངས་ཞེས་བྱ་བ་འདི་ནི་སློབ་གཉེར་བ་རྩེ་སྐྱེས་བསྟན་འཛིན་གྲགས་པས་སྙན་ངག་རྩོམ་རྒྱུགས་སུ་བཏེགས།
6.jpg
ཀུན་འཁོར་བསྟོད་ཚིག་ངག་གི་སྒྲ་དབྱངས་ཤེས་བྱ་བ་འདི་ནི་སློབ་གཉེར་བ་འཆི་མེད་བསྟན་འཛིན་གྱིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས།
5.jpg
ཀུན་འཁོར་གླིང་བཞི་མ་ཞེས་བྱ་བ་འདི་ནི་སློབ་གཉེར་བ་རིག་འཛིན་ཚེ་དབང་གིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས།
4.jpg
ཀུན་འཁོར་གསལ་བའི་དབང་ལྡན་ས་གསུམ་མཆོད་པའི་དབྱངས་ཤེས་བྱ་བ་འདི་ནི་སློབ་གཉེར་བ་དབང་ལྡན་གྱིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས།
3.jpg
རྒྱལ་མཚན་རྣམ་བཞིས་བརྒྱན་པའི་ཀུན་འཁོར་ཞེས་བྱ་བ་འདི་ནི་སྐབས་གསུམ་པའི་སློབ་གཉེན་བ་འཕན་བསྟན་པ་གོང་འཕེལ་གྱིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས།
2.jpg
དབེན་གསུམ་འཁོར་ལོ་འཁྱིལ་བའི་རི་མོ་ཞེས་བྱ་བ་འདི་ནི་སློབ་གཉེར་བ་ཀུན་བཟང་ཤེས་རབ་ཀྱིས་སྙན་ངག་རྩོམ་རྒྱུགས་སུ་བཏེགས།

    རྒྱལ་རོང་བཤད་སྒྲུབ་སློབ་གླིང་དུ་གཙང་གཤེན་མཁས་པའི་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་གཞུང་རེ་ཞིག་ཁྲིད་ཁ་རྫོགས་པའི་རྩོམ་རྒྱུགས་ཙམ་ཕུལ་བའི་སྒྲ་འཁོར་འགའ་ཕྱོགས་གཅིག་ཏུ་བཀོད་པ་འདིའང་མཁས་པ་སྔ་མའི་ཕྱག་སྲོལ་ལྟར་དཔྱོད་ལྡན་དགྱེས་པའི་དགའ་སྟོན་དུ་གཟིགས་འབུལ་ཞུ་བ་ཡིན་ཞིང་། མ་འོངས་པའི་ཆར་ཡང་གཞོན་སྐྱེས་གྲྭ་གཞོན་ཁྲོད་སྙན་ངག་ལ་འཇུག་པར་སྤྲོ་བའི་རྩོམ་རིག་པ་ཆར་རྗེས་ཀྱི་ཤ་མོང་རྡོལ་བ་བཞིན་རྒྱ་ཆེར་འཕེལ་རྒྱས་སུ་འགྲོ་བའི་སྨོན་འདུན་ལན་བརྒྱར་ཞུ་ཞུ།

2018/4/15/

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།