སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་དེབ་གཟུགས་སུ་པར་སྐྲུན་དང་བོན་སྦྱིན་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2017-12-16 10:12:01][རྩོམ་པ་པོ། གཡུང་དྲུང་རབ་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རག་བླ་མཆོག་སྤྲུལ་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་ནས་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་དཔེ་རྙིང་སོར་བཞག་གི་ཐོག་ནས་དེབ་གཟུགས་སུ་པར་སྐྲུན་དང་བོན་སྦྱིན་ལེགས་གྲུབ་བྱུང་བའི་མཛད་སྒོ་སྤེལ་བ།

1513390622754347.jpg

   སྤྱི་ལོ་༢༠༡༧ལོ་སྤྱི་ཟླ་༡༢ཚེས་༨ཉིན་བོད་ལྗོངས་ནང་བསྟན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རག་བླ་མཆོག་སྤྲུལ་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་ནས་ལོ་མང་འབད་བརྩོན་བྱས་པའི་འབྲས་བཟང་དུ་དཔེ་རྙིང་སོར་བཞག་གི་ཐོག་ནས་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་ཆེན་མོ་དཔེ་སྐྲུན་དང་བོན་སྦྱིན་ལེགས་གྲུབ་བྱུང་བའི་མཛད་སྒོ་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་འདུའི་དུས་བཟང་དང་བསྟུན་ཏེ་དཔལ་གཤེན་བསྟན་གཙོ་ཚང་དགོན་དུ་འཚོགས།

1513390622115523.jpg

1513390622182110.jpg

   ༧གཡུང་དྲུང་གླིང་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཤེས་རབ་བསྟན་པའི་ཟླ་བ་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་སྤྲུལ་ཀུན་གསལ་སྙིང་པོ་བཅས་ཀྱིས་ཐོག་མར་སྒོ་འབྱེད་གནང་།

1513390622474038.jpg

1513390622509754.jpg

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་དྲུང་ཆེ་སོགས་གཙོས་བྱས་པའི་བསྟན་འཛིན་སྐྱེས་ཆེན་རྣམ་པས་ཀུན་གསལ་རིན་པོ་ཆེ་མཆོག་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་པ།

1513390622140713.jpg

1513390623497963.jpg

1513390623413621.jpg

1513390623123053.jpg

1513392043521286.jpg

   བསྟན་འཛིན་གྱི་སྐྱེས་མཆོག་རྣམ་པས་བསྟན་དོན་གྱི་མཛད་བཟང་ལ་ཡི་རང་གི་ལེགས་སྐྱེས་ཀྱི་ཕྱག་རྟགས་དང་ཁ་བཏགས་འབུལ་བཞིན་པ།

1513390623119606.jpg

   རྒྱལ་བའི་བཀའ་རིན་པོ་ཆེ་ལེགས་གྲུབ་ཀྱི་གཡུར་དུ་ཟ་བའི་འབྲས་བཟང་ལ་རིས་མེད་དཔེ་སྦྱིན་གནང་བའི་སྐོར།

1513390623140843.jpg

1513390623115471.jpg

སྤུ་ལ་གཡུང་དྲུང་རབ་གསལ་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ལོ་མང་རིང་ལ་དཔེ་བསྡུར་དང་ཞུ་དག་གི་སྐབས་སུ་དཀའ་ངལ་འཕྲད་ལུུགས་དང་འབད་བརྩོན་ཡུན་རིང་བྱས་མཐར་དངོས་སུ་ལེགས་གྲུབ་བྱུང་བའི་དགའ་སྟོན་གྱི་གཏམ་བཤད་སྤེལ།

1513390623115256.jpg

ད་དུང་གཡུང་དྲུང་བོན་ཀྱི་དགོན་རི་ཁྲོད་ཚང་མ་ལ་རྒྱལ་བའི་བཀའ་རིན་པོ་ཆེ་ཆ་ཚང་རེ་འབུལ་འཆར་འདུག་པས།

1513392043693285.jpg

ལེན་ས་ཚོ་གཅིག་རྒྱ་ནག་ཁྲིན་ཏུ་དང་ཚོ་གཅིག་ནག་ཆུ་གཡུང་དྲུང་གྱེར་བསྟན་གླིང་རེད་འདུག

འབྲེལ་བ་གནང་ཡུལ།

གཡུང་དྲུང་རབ་གསལ།

 18289012222

བསྟན་འཛིན་འབྲུག་གྲགས།

 18308015678

ལས་དབང་།

13322586999

ཕུན་ཚོགས་འོད་ཟེར། 

18308001888

དགེ་བ་ཚུལ་ཁྲིམས།

15692617888

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།