བླ་ཁྲི་དགོན་པའི་ཉེ་ཆའི་མཛད་བཟང་།

[ཟླ་ཚེས། 2017-11-29 19:29:55][རྩོམ་པ་པོ། བླ་ཁྲི་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1511956601977294.jpg
1511956601108302.jpg
1511956600134237.jpg

   བོད་ལྗོངས་ཆབ་མདོ་འཇོ་མདའ་རྫོང་བླ་ཁྲི་དགོན་དུ་2016ལོའི་ཟླ་11ཚེས་11ཉིན་དད་ལྡན་མང་ཚོགས་ཀྱི་བོན་ཞུ་བ་མི་གྲང་228་ཙམ་ལ་རྒྱལ་བ་སྨན་རིའི་དགེ་བཤེས་སྨན་སྤྲུལ་བློ་གྲོས་ཉི་མ་མཆོག་གིས་ཨ་ཁྲིད་སྔོན་འགྲོ་ཆེན་མོ་འཆད་ཁྲིད་དང་བསགས་སྦྱོང་གི་རིམ་པ་རྣམས་བོན་ཁྲིད་ཚུལ་བཞིན་དུ་བྱས་ཤིང་།

1511956601140016.jpg
1511956601873760.jpg
1511956600123440.jpg

   འདི་ལོ་2017ལོ་ཟླ་11ཚེས་20ནས་དད་ལྡན་སེར་སྐྱ་ཟུང་འབྲེལ་ལ་དངོས་གཞི་ཁྲིད་ཀ་ཉམས་ལེན་གྱི་རིམ་པ་དང་ཐུན་སྦྱོང་ཉམས་ལེན་གྱི་བཀའ་ཁྲིད་སོགས་གནང་སྟེ།

   མང་ཚོགས་ཡོངས་ནས་ཉམས་ལེན་ཡང་ཡང་བྱས་མཐར་རྒྱུགས་སྤྲོད་དག་ཐེར་དང་ངོ་སྤྲོད་སོགས་གནང་བ་མ་ཟད་ལོ་ལྟར་སྔོན་འགྲོ་དངོས་གཞི་འཕོ་བ་སོགས་རིམ་བཞིན་འབད་བརྩོན་གནང་རྒྱུའི་འཆར་ཅན་བཟོས་ཏེ་དད་ལྡན་མང་ཚོགས་རྣམས་ལ་རྣམ་དཀར་དགེ་བའི་རླབས་ཆེན་བསགས་པའི་ཆ་རྐྱེན་བསྐྲུན་དང་སྐྲུན་བཞིན་པའི་གནས་ཚུལ་བསྡུས།

1511956600184477.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།