ཟླ་དགོན་རི་ཁྲོད་ནས་​ཀུན་རིག་ལས་བཞི་རྒྱུན་ལྔའི་དགོངས་རྫོགས་མཆོད་འབུལ་གནང་བ།

[ཟླ་ཚེས། 2017-11-05 20:02:00][རྩོམ་པ་པོ། ཟླ་དགོན་རི་ཁྲོད་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20171105193231.jpg微信图片_20171105193201.jpg

      དེ་ཡང་འདི་ལོར་སྨོན་རྒྱལ་བླ་མས་གཟིགས་སྐྱོངས་གནང་བའི་ནག་རུ་གཏམ་སྨད་རའི་དགོན་པ་བེ་སྒོ་དགོན་ཁོངས་ཀྱི་ལྷ་སྡེ་གཏམ་སྨད་རའི་མི་ཤུགས་རྒྱུ་ཤུགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་ལས། ཟླ་དགོན་རི་ཁྲོད་དུ་ཀུན་རིག་ལས་བཞི་རྒྱུན་ལྔ་དགུ་སྐོར་ལུགས་ཆ་གཉིས་དང་། ཀློང་རྒྱས་སངས་རྒྱས་སྟོང་རྩའི་སྦྱིན་བསྲེགས་རྒྱས་པ་ཞིག་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། ༧སྐྱབས་རྗེ་སྨན་རིའི་མཁན་ཆེན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པ་ཐོས་ནས་ངེད་ཅག་དགེ་སྦྱོར་བ་ཀུན། རེ་ཞིག་སེམས་པ་སྡུག་གི་ཁེངས་ཤིང་ཅི་བྱ་གཏོལ་བྲལ་དུ་གྱུར། དེ་ནས་གསོལ་འདེབས་མཆོད་འབུལ་སྨོན་ལམ་སོགས་ཞུས་ཤིང་དགོངས་ཞག་རིང་ཤ་མི་ཟ་བའི་ཁས་ལེན་དམ་བཅའ་ཕུལ།  དེ་ནས་གསེར་དངུལ་དང་ཤིང་སོགས་ལྷག་མ་ཡོད་པ་དང་བསྟུན། རྗེ་སྨན་རི་བའི་དགོངས་རྫོགས་མཆོད་འབུལ་དུ་དམིགས་ནས་སླར་ཡང་། ཀུན་རིག་ལས་བཞི་རྒྱུན་ལྔ་དགུ་སྐོར་ལུགས་ཆ་གཅིག་སྣོན་ཏེ། གང་མགྱོགས་ཐོན་ཐབས་བྱས་ནས། བོན་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་བླ་གྲྭ་བོན་སྔགས་བཅུ་དྲུག་གིས་བཅའ་གཞི་དབུ་གཙུགས་པ་དང་། ཟུར་དུ་བླ་མཆོད་བཞི་ཡིས་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་སྐུ་རིམ་ཞབས་བརྟན་དུ་དམིགས་ནས། སྟག་ལའི་སྟོང་ཚོགས་དང་སྲུང་བཟློག་སྲིད་རྒྱལ་སྟོང་ཚོགས་གང་ཐོན་གསུངས་པ་དང་། བླ་མཆོད་གཉིས་ཀྱིས་གཟུངས་བསྡུས་སུམ་ཐོག་དང་ཁམས་ཆེན་ཀློག་འགོ་བཙུགས། 

微信图片_20171105193237.jpg微信图片_20171105193221.jpg

      ཚེས་བཅུ་གསུམ་ཉིན། ཀུན་མཁྱེན་ཉི་མའི་ཟིན་བྲིས་གཞིར་བཞག་ཐོག་ཁྱུང་པོའི་ཡུལ་ལུགས་ཁ་སྣོན་བྱས་པས་མཉམ་བསྲེས་ཟིན་བྲིས་ལྟར། བླ་མཆོད་བཅུ་བདུན་གྱིས་ཀློང་རྒྱས་དང་ཞི་བ་ཡོངས་རྫོགས།  རྒྱས་པ་ཀུན་སྣང་།  དབང་ཁྲོ་གཞུང་། དྲག་པོ་དབལ་གཞུང་། ཞི་ཁྲོ་གཅིག་བསྡུས་ཐོས་གྲོལ་བཅས་སྦྲགས་ནས་སྒྲུབ་པ་དབུ་བཙུགས། ཚེས་བཅུ་བཞི་ཉིན་དངོས་གཞི་ཕྲིན་ལས་གཞུང་བསྲང་། ཚེས་བཅོ་ལྔ་ཉིན་ཀློང་རྒྱས་མཚན་རིང་སྤར། ཚེས་བཅུ་དྲུག་ཉིན་ཞི་ཁྲོའི་ཚོགས་མཆོད་རྒྱས་འབུལ་མཛད། ཚེས་བཅུ་བདུན་ཉིན་ཚོགས་མཆོད་འཕྲོ་མ་བཏངས། རྟགས་སྒྲབ་དང་བཀའ་སྐྱོང་རྒྱས་བསྐུལ་གཏོར་འབུལ་བྲོ་ཚེ་སྒྲུབ་སོགས་ཕྲིན་ལས་མཇུག་སྐྱོངས་པ་དང་། སླར་ཡང་བླ་མཆོད་བཅུ་བདུན་གྱིས་གོང་གསལ་གཞུང་ཁག་གི་ཐོག་མེ་ལྷ་འབྲིང་པོ་བསྣན་ཏེ་ཕྲིན་ལས་རྗེས་མ་དབུ་བཙུགས། ཚེས་བཅོ་བརྒྱད་ཉིན། ལས་བཞིའི་དབུ་བཞུགས་སྟེང་ཆེན་དགོན་ནས་སྒྲུབ་མཁན་འཕགས་མཆོག་སེམས་པ་མཆོག་གདན་དྲངས་ནས། དངོས་གཞི་ཕྲིན་ལས་གཞུང་བསྲངས། ཀློང་རྒྱས་སྟོང་མཚན་འབྲིང་པོ་བཏངས། ཚེས་བཅུ་དགུ་ཉིན་ཞི་ཁྲོའི་ཚོགས་མཆོད་རྒྱལ་འབུལ་དང་བྱང་བུ་བཀུགས། ཟུར་དུ་བླ་མཆོད་བཞི་ཡིས་ཀློང་རྒྱས་ཕྲིན་ལས་རྒྱས་པ་ཚར་གཅིག་ཐོག་ཕྲིན་ལས་ཚར་གཅིག་འགོ་ཕབ་སྟེ་སྐུ་བསྟོད་མགོར་བཞག ཚེས་ཉི་ཤུ་ཉིན་ཞོགས་པར་བཀའ་སྐྱོང་ཡི་དམ་རྣམས་གསུངས་ནས་སྲིད་རྒྱལ་མགོར་བཞག དེ་སྐབས་བླ་མཆོད་ལ། ཀུན་རིག་ལས་བཞི་གསུང་མཁན་བླ་མཆོད་བཅུ་བདུན་དང་མཆོད་དཔོན་གཉིས། མཆོད་རྒྱུག་བརྒྱད། ཀློང་རྒྱས་གསུང་མཁན་བླ་མཆོད་བཞི་མཆོད་དཔོན་གཉིས། མཆོད་རྒྱུག་ལྔ། ཁམས་ཆེན་གསུང་མཁན་བླ་མཆོད་གཉིས་བཅས་སེར་ཕྲེང་ཕེབས་ནས་མེ་སྤར་མཛད། དེ་ནས་ཚུར་ནང་ལ་ཕེབས་ནས་བླ་མཆོད་བཅུ་བདུན་གྱིས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེགས་རིམ་བཞིན་དལ་མོར་གསུངས་པ་དང་། དགོང་མོ་དྲག་པོའི་མགོར་བཞག་ནས་བསད་ལས་བཏངས། ཟུར་དུ་བླ་མཆོད་བཞི་ཡིས་ཀློང་རྒྱས་སྦྱིན་བསྲེགས་གསུངས།

 微信图片_20171105193147.jpg

      ཚེས་ཉེར་གཅིག་ཉིན་དྲག་པོའི་མེ་སྤར་བཏངས་ནས་དྲག་པོ་དང་དཔལ་མགོན་སྦྱིན་བསྲེགས་བཏངས། ཀློང་རྒྱས་སྦྱིན་བསྲེགས་ དང་སྨོན་རྒྱལ་འཕགས་པའི་གདུང་བྱོན་སྨོན་སྲས་མཐོང་གྲོལ་རིན་པོ་ཆེ་དང་། ཚེ་དབང་ནམ་མཁའ་རིན་པོ་ཆེ་རྣམ་གཉིས་གདན་དྲངས་ཏེ། བླ་མཆོད་ཚང་མས་ལས་བཞིའི་སྨོན་ལམ་ཤིང་རིང་གསུངས། དེ་ཉིན་ཞོགས་པ་ནས་ཆར་ཆེན་བབས་ཏེ་ཉིན་གང་པོར། ཆར་ཏོག་ཙམ་ཏོག་ཙམ་བབས་པས་རི་ཁྲོད་འདིར་ས་བབ་མཐོ་བ་དང་ལམ་ཡག་པོ་མེད་པར་བརྟེན། ཕྱི་དྲོར་སྒོ་དབྱེ་དང་བཀྲ་ཤིས་གསུང་ནས་ཉེ་སྐོར་བླ་མཆོད་རྣམས་ཕེབས་སྐྱེལ་ཞུས། དེ་སྐབས་ཉིན་བཅུ་རིང་བླ་མཆོད་དང་མ་བྱན་ཆུ་ལེན་མགྲོན་པོ་བཅས་ཚང་མར་དཀར་ཟས་དྲངས་པ་ལས་དམར་ཟས་གཙང་བཀག་བྱས། བླ་མཆོད་མང་ཆེ་བས་ནི། སྔར་ནས་མཁན་ཆེན་རིན་པོ་ཆེའི་དགོངས་ཞག་རིང་དམར་ཟས་སྤངས་ཟིན་འདུག་པ་བཅས། ཟླ་དགོན་རི་ཁྲོད་འདུས་སྤྱི་ནས་ཕྱི2017ལོའི་ཕྱི་ཟླ10པའི་ཚེས18ཉིན་ཕུལ།

微信图片_20171105193251.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།