མང་འབའ་གཉིས་ཀྱི་བོན་མང་ནས་༧རྗེ་སྨན་རི་བར་གདུང་མཆོད་འབུལ་བ།

[ཟླ་ཚེས། 2017-10-14 21:38:39][རྩོམ་པ་པོ། སྟོབས་ལྡན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20171014212932.jpg

     ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་བོ་མཆོག་གིས་སྐུ་ཚེ་གང་བོར་སེམས་ཅན་འགྲོ་བའི་དོན་ཆེན་མཛད་ནས་རེ་ཞིག་མི་རྟག་ཚུལ་བསྟན་གྱི་ལས་མཛད་དེ་སྤྱི་ལོ་༢༠༡༧ཟླ་༩པའི་ཚེས་༡༤ཉིན་གདན་ས་སྨན་རིའི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པར་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་འབྱོར་རྗེས།

 微信图片_20171014212945.jpg

     བོན་བརྒྱའི་སྐུ་སྐྱེས་ནམ་མཁའ་དྲི་མེད་ཉི་མ་མཆོག་གིས་མང་འབའ་གཉིས་ཀྱི་བོན་བརྒྱའི་བོན་མང་གཙོས་ཉེ་གནས་ཀྱི་སོ་ནག་དང་བོན་བརྒྱའི་བོན་འབངས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་འདྲ་མཐོང་བ་རང་གྲོལ་མཐོན་པོར་བཤམས་ནས་མདུན་དུ་ཚེ་དབང་བླ་མའི་དཀྱིལ་འཁོར་གྱི་ཞལ་ནས་མཆོད་རྫས་སོགས་ལེགས་པར་བསྒྲིགས་ཤིང་།

微信图片_20171014213002.jpg

     ཉིན་བཅུའི་རིང་ལ་ནམ་མཁའ་དྲི་མེད་ཉི་མ་མཆོག་དང་གསང་སྔགས་རིག་པ་འཛིན་པ་རྣམས་ཀྱིས་ཉིན་རེར་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་དང་སྙིང་བོ་རྣམ་གསུམ། དུང་སྒྲུབ་དང་མར་མེ་འབུམ་མཆོད་སོགས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་ལྷོད་མེད་ངང་འབད་པ་དང་༧སྐྱབས་རྗེ་མཆོག་གི་མཁྱེན་བརྩེ་དང་གཟི་བྱིན་སླར་ཡང་བོན་འབངས་ཡོངས་ཀྱི་མགོན་དང་དཔུང་གཉེན་དུ་བྱོན་པའི་སྐྱབས་འཇུག་དང་མྱ་ངན་ཞུས་པ་ལགས་སོ།།

微信图片_20171014212939.jpg

微信图片_20171014212921.jpg

微信图片_20171014213031.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།